​པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ《ཐར་ལོ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ《ཐར་ལོ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཉེ་ལམ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་འཛིན་གྲྭས་བསྒྱུར་བའི་པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ《ཐར་ལོ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདིའི་ནང་དུ་པད་མ་ཚེ་བརྟན་གྱིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི《ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ》དང《ཐར་ལོ》སོགས་སྒྲུང་གཏམ16བདམས་ཡོད། 

པད་མ་ཚེ་བརྟན་ནི་མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་དང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་འབྲི་བའི་རྩོམ་པ་པོ་གྲགས་ཅན་ཞིག་སྟེ། གློག་བརྙན་དང་སྒྲུང་གཏམ་གྱི་སྒྱུ་རྩལ་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས་པའི་བརྩམས་ཆོས་མང་དུ་བཏོན་ཡོད། 《ཐར་ལོ》ཞེས་པའི་བོད་འགྱུར་སྒྲུང་དེབ་འདི་ལ་སྒྲིག་གཞི་དང་བརྗོད་སྟངས་སོགས་ཀུན་གྱི་ཆ་ནས་ཐུན་མིན་གྱི་ཁྱད་ཆོས་མངའ་བར་མ་ཟད། གློག་བརྙན་གྱི་འཁྲབ་གཞུང་དང་སྒྲ་གཟུགས་སྒྱུ་རྩལ་གྱི་མཚོན་སྟངས་ཐད་ནས་ཀྱང་ཁྱད་ཆོས་མངོན་པར་གསལ་བ་ཞིག་གོ །

དེབ་འདིའི་གཙོ་སྒྲིག་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བྱམས་ཕྲུག་ཡིན་ཞིང་། གཙོ་སྒྲིག་གཞོན་པ་དགྲ་ལྷ་དང་ཚེ་རིང་དོན་གྲུབ་གཉིས་ཡིན།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།