ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཆད་དང་འགལ་བའི་དངུལ་ཆད་གཏན་འཁེལ་བྱས་པ་མཐོ་དྲགས་ན་ལེགས་སྒྲིག་བྱེད་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གསུམ་གྱི་ཡར་སྔོན་ཁང་བདག་དང་ངེད་གཉིས་ཀྱིས་ཁང་པ་གླ་བའི་གན་རྒྱ་ཞིག་བཞག གླ་ཡུན་ལོ5ཡིན་པ་དང་།གལ་ཏེ་གན་རྒྱའི་ཁ་ཆད་དང་འགལ་ན།ཁ་ཆད་དང་འགལ་བའི་དངུལ་ཆད་གླ་ཡོན་གྱི་ལྡབ20ཡིན་པར་བྱས་ཡོད།སྐབས་དེར་དོན་ཚན་དེ་ལ་མཉམ་འཇོག་མ་བྱེད་པ་རེད།འདིར་འདྲི་རྒྱུ་ཞིག་ནི་ངས་ད་ལྟ་གན་རྒྱ་བསྒྱུར་བཅོས་བྱེད་པའི་རེ་ཞུ་འདོན་ཆོག་གམ།གལ་ཏེ་ཁང་བདག་མ་འཐད་ན་ཅི་ལྟར་བྱ་དགོས།གཞན་ད་རུང་ཁ་ཆད་དང་འགལ་བའི་དངུལ་ཆད་གཏན་འཁེལ་བྱས་པ་མཐོ་དྲགས་པའི་གནས་ཚུལ་ཐད་འབྲེལ་ཡོད་ཀྱི་གཏན་འཁེལ་གཞན་པ་ཡོད་དམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》གྱི་དོན་ཚན152པའི་ནང་དུ“དོ་བདག་པས་མགོ་སྐོར་ཐེབས་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་པའི་ལོ་གཅིག་གི་ནང་ཕྱིར་འཐེན་དབང་ཆ་ལག་བསྟར་མ་བྱས་ན།ཕྱིར་འཐེན་དབང་ཆ་རང་འགུལ་གྱིས་ཤོར་ཡོད་པ”གཏན་འཁེལ་བྱས་ཡོད།ཁྱོད་ཀྱི་གན་རྒྱ་དེ་བཞག་ནས་ལོ་གསུམ་འགོར་ཟིན་པས།མགོ་སྐོར་གྱིས་གན་རྒྱ་བཞག་པ་ཡིན་པའི་དབང་དུ་བཏང་ནའང་།ཕྱིར་འཐེན་དབང་ཆ་སྔ་མོ་ནས་ཤོར་ཡོད་པས།ཁྱོད་ཀྱིས་ཁྲིམས་ཁང་ལ་གན་རྒྱ་དང་འགལ་བའི་དངུལ་ཆད་ཀྱི་དོན་ཚན་དེ་ཕྱིར་འཐེན་བྱ་རྒྱུའི་རེ་བ་འདོན་ཐབས་མེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》གྱི་དོན་ཚན77པའི་ནང་དུ“གན་རྒྱ་འཇོག་མཁན་དོ་བདག་པ་ཕྱོགས་གཉིས་གྲོས་མཐུན་བྱུང་ན།གན་རྒྱ་བསྒྱུར་བཅོས་བྱེད་ཆོག་པ”གཏན་འཁེལ་བྱས་ཡོད། གལ་ཏེ་ཁྱོད་ཀྱིས་གན་རྒྱའི་དོན་ཚན་ལ་བསྒྱུར་བཅོས་བྱེད་འདོད་ན།ངེས་པར་དུ་དོ་བདག་པ་ཕྱོགས་གཉིས་ཀ་གྲོས་མཐུན་ཡོང་དགོས་ལ།ཡང་གལ་ཏེ་ཁྱོད་ཀྱིས་གན་རྒྱ་མཚམས་འཇོག་རྒྱུའི་རེ་བ་བཏོན་ན།སྤྱིར་བཏང་དུ་ཕ་རོལ་པོ་འཐད་པ་འབྱུང་དཀའ།དེའི་རྐྱེན་གྱིས་ཁྱོད་ཀྱིས་སྤྱད་ཆོག་པའི་བྱེད་ཐབས་ནི།ཕ་རོལ་པོར་ཁ་གསབ་འོས་འཚམ་བྱིན་ཏེ་ཁང་པ་གླས་པའི་གན་རྒྱ་མཚམས་འཇོག་པའི་ཐད་གྲོས་མཐུན་ཡོང་ཐབས་བྱེད་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།