ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི་བསྐྱིས་སྒོར་འདི་ཁོ་ཁྱོ་ཤུག་གཉིས་ལས་སུས་སྟེར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

དོན་གྲུབ་དང་མཚོ་མོ་བཟའ་ཟླ་གཉིས་ཀྱི་བརྩེ་དུངས་ལ་ཆག་གྲུམ་ཤོར་ཏེ་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་བྱས་པ་ཐག་གཅོད་བྱས་ཤིང་། ཁོ་ཚོས་ང་ལ་བསྐྱིས་པའི་སྒོར་ཁྲི་གཅིག་དེ་དོན་གྲུབ་ཀྱིས་སྟེར་རྒྱུ་བྱས། དོན་གྲུབ་ཀྱི་ད་ལྟའི་དཔལ་འབྱོར་གནས་ཚུལ་ལ་དཀའ་ངལ་ཆེ་བས་ངས་མཚོ་མོ་བཙལ་ཏེ་བསྐྱིས་སྒོར་སྟེར་བའི་རེ་བ་བཏོན་པ་ན། ཁོ་མོས་ཁོ་གཉིས་ཀྱི་སྤྱིའི་རྒྱུ་ནོར་སོ་སོར་བགོས་ཟིན་པར་མ་ཟད། ཁྲིམས་ཁང་གིས་ཀྱང་བསྐྱིས་སྒོར་དེ་དོན་གྲུབ་ཀྱིས་སྟེར་རྒྱུ་ཐག་གཅོད་བྱས་ཡོད་ཟེར་ནས་ངའི་རེ་བ་དང་ལེན་མ་བྱས། ངས་དོན་དག་དེ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་འདོད་པས། དོན་གྲུབ་དང་མཚོ་མོ་གཉིས་ཀ་མཉམ་དུ་གཏུག་བཤེར་བྱས་ཆོག་གམ།

ཁྲིམས་བཤད།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གནད་དོན་འགྲེལ་བཤད་བེད་སྤྱོད་སྐོར》གྱི་དོན་ཚན་ཉེར་ལྔ་བའི་ཚན་པ་དང་པོའི་གཏན་ཁེལ་ལྟར་ན། དོ་བདག་པའི་བཟའ་འཐོར་གྲོས་མཐུན་ཡི་གེ་དང་མི་དམངས་ཁྲིམས་ཁང་གི་ཐག་གཅོད་ཡི་གེའམ་འདུམ་སྒྲིག་ཡི་གེ་སོགས་སུ་བཟའ་ཟླའི་རྒྱུ་ནོར་བགོ་བའི་གནད་དོན་ཐག་གཅོད་བྱས་ནའང་། བུན་བདག་ལ་སྔར་བཞིན་བཟའ་ཟླ་གཉིས་ཀར་བསྐྱིས་སྒོར་སློང་བའི་དབང་ཆ་ཡོད། དོན་གྲུབ་དང་མཚོ་མོ་གཉིས་ཀྱིས་བཟའ་ཟླའི་འབྲེལ་བ་ཡོད་པའི་དུས་སུ་ཁྱོད་ལ་སྒོར་ཁྲི་གཅིག་བསྐྱིས་པ་ཡིན་པས། ད་ལྟ་མི་དམངས་ཁྲིམས་ཁང་གིས་བཟའ་ཟླ་སྤྱིའི་རྒྱུ་ནོར་བགོས་པར་མ་ཟད། བསྐྱིས་སྒོར་དེ་དོན་གྲུབ་ཀྱིས་སྟེར་བར་ཐག་གཅོད་བྱས་ཟིན་ནའང་། གོང་གི་གཏན་ཁེལ་ལ་གཞིགས་ན་མཚོ་མོརཡང་ཁྱོད་ཀྱི་སྒོར་ཁྲི་གཅིག་པོའི་ཕྱེད་ཀ་སྟེར་བའི་འོས་འགན་ངེས་ཅན་ཞིག་ཡོད། དེ་བས་ཁྱོད་ཀྱིས་དོན་གྲུབ་དང་མཚོ་མོ་གཉིས་ཀ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་གོ །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།