ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མ་དང་ངེད་གཉིས་ཀྱིས་རང་ལ་དབང་བའི་རྒྱུ་ནོར་ཕྱིར་ལེན་ཐུབ་བམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ང་ནི་གནས་སྐབས་སུ་ཕྱི་རྒྱལ་དུ་བསྡད་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ཤིག་ཡིན་ཞིང་། ལོ་འགའི་སྔོན་དུ་རྒྱལ་ནང་གི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་པ་དང་བྱིས་པ་ཞིག་ཀྱང་ཡོད། མིག་སྔར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ངེད་གཉིས་བཟའ་འཐོར་གྱི་ཉེན་ཁར་ཐུག་ཡོད། སྐབས་དེར། ཆུང་མས་ངའི་ཨ་མར་དབང་བའི་ཁང་བ་དེ་ལུགས་མཐུན་མིན་པའི་གཡོ་ཐབས་སྣ་ཚོགས་སྤྱད་དེ་ངའི་བྱིས་པའི་མིང་ཐོག་ཏུ་བསྒྱུར་བཀོད་བྱས་པ་མ་ཟད། རང་ཡུལ་དུ་ཡོད་པའི་ཨ་མ་དང་ང་རང་ལ་དབང་བའི་རྒྱུ་ནོར་ཁག་ཅིག་ཀྱང་སྒྱུག་མོ་ཚང་དུ་གནས་སྤོར་བྱས་ཟིན། ད་ལྟ་ངེད་མ་བུ་གཉིས་ཀྱིས་ཆུང་མས་གཡོ་ཁྱེར་བྱས་པའི་རྒྱུ་ནོར་དེ་དག་ཕྱིར་ལེན་ཐུབ་བམ།

ཁྲིམས་བཤད། 

ཁང་བའི་བདག་དབང་གནས་སྤོར་བྱེད་པ་དེར་བཅའ་ཁྲིམས་ཀྱིས་ཚོད་འཛིན་དང་སྲུང་སྐྱོང་བྱས་ཡོད་པས། ཁང་བའི་བདག་དབང་གནས་སྤོར་བྱེད་སྐབས་ཐོག་མར་ངེས་པར་དུ་གནས་སྤོར་ཕྱོགས་གཉིས་ཀའི་གནས་སྤོར་གན་རྒྱ་ཡོད་དགོས་ཤིང་། གནས་སྤོར་ཕྱོགས་གཉིས་ཀར་བསམ་འཆར་མེད་པའི་གནས་ཚུལ་འོག་གན་རྒྱ་ཡི་གེ་བཟུང་སྟེ་ས་དེ་གའི་ཁང་བའི་དོ་དམ་སྡེ་ཁག་ཏུ་སོང་ནས་ཐོ་འགོད་བྱས་ཏེ་ཁང་བའི་བདག་དབང་ཡོད་པའི་དོ་བདག་གི་མཚན་བྱང་བསྒྱུར་དགོས། བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར་ན། ཁྱོད་ཀྱི་ཆུང་མས་ལུགས་མཐུན་མིན་པའི་ངང་གཡོ་ཐབས་ཀྱིས་ཁང་བའི་བདག་དབང་གི་མཚན་བྱང་བསྒྱུར་བའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པས་ཁྱོད་ཀྱིས་གནས་དེའི་ཁྲིམས་ཁང་ལ་གཏུག་བཤེར་བྱོས་དང་། ཁྱོད་ཀྱི་ཨ་མར་དབང་བའི་ཁང་བ་དེ་ཆུང་མས་ཇི་ལྟར་གཡོ་ལེན་བྱས་ཀྱང་ཁྱོད་ལ་བདེན་དཔང་ཡང་དག་ཡོད་ན། དམངས་ཁྲིམས་སྤྱི་སྲོལ་གྱི་བཅའ་ཁྲིམས་ལྟར་ཁང་བའི་བདག་དབང་ཡོད་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ངེས།

གཞན་ཁྱོད་ཀྱི་ཆུང་མས་ཁྱོད་དང་ཨ་མའི་རྒྱུ་ནོར་སོགས་སྒྱུག་མོ་ཚང་ལ་གནས་སྤོར་བྱས་པའི་བྱ་སྤྱོད་དེའང་ཁྲིམས་འགལ་ཡིན་པ་དང་། ཡང་གཅིག་བཤད་ན། ཁྱོད་ཀྱི་ཨ་མས་ཁྲིམས་ཁང་དུ་གཏུགས་ནས་རང་ཉིད་ཀྱི་རྒྱུ་ནོར་ཕྱིར་བླང་ཆོག ཁྱོད་རང་ལ་དབང་བའི་རྒྱུ་ནོར་ཐམས་ཅད་ཁྱོད་ཚོས་བཟའ་འཐོར་གཏུག་བཤེར་བྱེད་སྐབས་མི་དམངས་ཁྲིམས་ཁང་ལ་མཉམ་དུ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།