ཀྲུང་གོ་བོད་ཀྱི་དྲ་བ།

དབང་རྒྱལ་གྱི་བཤད་ཚུལ་དེ་འགྲིག་གམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ

2007ལོའི་ཟླ11པར། དབང་རྒྱལ་གྱིས་འོད་སྡེར་གཡོར་སའི་ཚོང་ཁང་ཞིག་བཙུགས་པ་དང་ཁོས་དེ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། 2008ལོའི་ཟླ6པ་ནས་བཟུང་ཁོས་ཆགས་སྤྱོད་འོད་སྡེར་ནང་འདྲེན་བྱས་ཏེ་ཕྱིར་གཡར་བ་དང་། 2008ལོའི་ཟླ7པར་མང་ཚོགས་ཀྱིས་ས་དེའི་རིག་གནས་ཚན་ཁག་ཏུ་གཏུགས་ཏེ་ཁོའི་ཚོང་ཁང་གི་སྒོ་རྒྱག་ཏུ་བཅུག ཉེན་རྟོག་པས་ཁོ་ལ་འདྲི་གཅོད་བྱེད་སྐབས་ཁོས་གནས་ལུགས་དང་བཅས་པའི་སྒོ་ནས“ངས་མི་གཞན་ལ་ཆགས་སྤྱོད་དངོས་པོ་གཡར་བ་ནི་ལོ་ཕྱེད་སྔོན་གྱི་དོན་དག་ཡིན་པས་ཁྱོད་ཚོས་ང་ལ་ཆད་པ་བཅད་ན་མི་འོས” ཞེས་བཤད།

ཁྲིམས་བཤད

ཁོའི་བསམ་ཚུལ་དེ་ནི་ནོར་འཁྲུལ་ཡིན་ཏེ། ཁོས་ཆགས་སྤྱོད་འོད་སྡེར་གཡར་བ་ནི་ལོ་ཕྱེད་སྔོན་གྱི་དོན་དག་ཡིན་ནའང་ཁྲིམས་འགལ་གྱི་བྱ་བ་དེ2008ལོའི་ཟླ6པའི་བར་དུ་མུ་མཐུད་དུ་བྱུང་བས། ཉེས་ཆད་བཅད་མི་ཆོག་ནའང་ཁྲིམས་ཆད་བཅད་ཆོག་གོ །

བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་ཉེན་རྟོག་པས་ཟླ6གི་རིང་ལ་ད་དུང་མ་ཤེས་ཚེ་ཆད་པ་མི་ཕོག་པ་ཡིན། 6གི་དུས་ཡུན་ནི་ཁྲིམས་འགལ་གྱི་བྱ་བ་བྱུང་ཉིན་ནས་བརྩི་དགོས་ལ་ཁྲིམས་འགལ་གྱི་བྱ་བ་དེ་བར་མཐུད་ཀྱི་རྣམ་པའམ་ཡང་ན་རྒྱུན་མཐུད་ཀྱི་རྣམ་པ་ཅན་ཡིན་ན་བྱ་བ་མཇུག་རྫོགས་ཉིན་ནས་བརྩི་དགོས།“རྒྱུན་མཐུད་ཀྱི་རྣམ་པ”ཞེས་པ་ནི་ཁྲིམས་འགལ་མི་སྣས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྟུན་མར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་བ་རིགས་གཅིག་ལས་པ་ལ་ཟེར། རྒྱུན་མཐུན་གྱི་རྣམ་པ་འདིའི་རིགས་ནི་གཙོ་བོ་ཁྲིམས་འགལ་གྱི་བྱ་བ་བྱེད་པ་རྒྱུན་འཁྱོངས་སམ་ཡང་ན་རང་གཤིས་སུ་གྲུབ་ཡོད་ནའང་ད་དུང་ཉེས་སྤྱོད་དུ་མི་གྲུབ་པའི་ཉེས་ཅན་ལང་ཤོར་ཅན་གྱི་བྱེད་སྟངས་ལ་ཟེར། “བར་མཐུད་ཀྱི་རྣམ་པ”ཞེས་པ་ནི་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་བ་བྱས་རྫེས་ཀྱི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ད་དུང་སྔར་བཞིན་འབྱུང་བཞིན་ཡོད་པའི་རྣམ་པ་དེ་ལ་བསྟན། དངོས་སུ་ཐག་གཅོད་བྱེད་སྐབས་རྒྱུན་མཐུད་ཀྱི་རྣམ་པ་ཅན་དེར་དུས་ཚོད་ཀྱི་རིང་ཐུང་ལ་མི་བལྟ་བར་ཚང་མ་དོན་དག་གཅིག་ལ་དམིགས་ནས་ཆད་གཅོད་བྱ་དགོས་ཏེ། དཔེར་ན། 

སྦྲག་རྟགས་གསོག་པའི་ཆེད་དུ་གཞན་གྱི་འཕྲིན་ཡིག་སྦས་སྐོང་བྱེད་པ་དང་ཁྲིམས་འགལ་གྱིས་ཉེན་ཁ་ཅན་གྱི་དངོས་རྫས་ཉར་ཚགས་བྱེད་པ་སོགས་ཡིན། བར་མཐུད་ཀྱི་རྣམ་པ་དང་རྒྱུན་མཐུད་ཀྱི་རྣམ་པའི་གྱོད་དོན་རྩད་གཅོད་བྱེད་སྐབས་ཆད་གཅོད་དུས་ཡུན་དེ་ངེས་པར་དུ་བྱ་བ་མཇུག་རྫོགས་ཉིན་ནས་བརྩི་དགོས་པ་ལས་བྱ་བ་བྱུང་ཉིན་ནས་བརྩི་མི་རུང་། ཡིན་ནའང་སྤྱི་བདེ་ལས་ཁུངས་ཀྱིས་རྩད་གཅོད་བྱེད་སྐབས་ཁྲིམས་འགལ་མི་སྣས་བསམ་བཞིན་དུ་ཉེས་ཆད་ལ་གཡོལ་བ་ཡིན་ན། ཟླ6གི་དུས་ཡུན་གྱི་ཚད་བཀག་ལ་བལྟ་མི་དགོས་པར་འདྲི་གཅོད་དུས་ཡུན་དེ་བར་མེད་དུ་བསྲིངས་ཆོག

གོང་གི་གྱོད་དོན་འདིའི་ནང་དུ། དབང་རྒྱལ་གྱི་བྱ་སྤྱོད་འདིའི་རིགས་ནི་བར་མཐུན་རྣམ་པ་ཅན་གྱི་ཁྲིམས་འགལ་བྱ་སྤྱོད་ཏུ་གཏོགས་པ་དང་། ཁོས་ཉིན་རེར་ཆགས་སྤྱོད་འོད་སྡེར་གཡོར་བཞིན་པ་དེས་རང་སྐྱ་འཕེར་བའི་ཁྲིམས་འགལ་བྱ་སྤྱོད་ཅིག་གྲུབ་པ་ཡིན། ཡིན་ནའང་བྱ་སྤྱོད་འདིའི་རིགས་ནི་ཁྲིམས་འགལ་བྱ་སྤྱོད་རིགས་ཤིག་ཡིན་པས་དོན་དག་གཅིག་ཡིན་པར་བལྟས་ཏེ་ཆད་གཅོད་བྱ་དགོས། ཁོ་ལ་རྩད་གཅོད་བྱེད་ཡུན་དེ་ཁོས་འོད་སྡེར་གཡར་བའི་ཆེས་མཐའ་མཇུག་གི་ཉིན་དེ་ནས་བརྩིས་པ་དང་། གལ་ཏེ་དེའི་རྫེས་ཀྱི་ཟླ6གི་ཡུན་ལ་ཉེན་རྟོག་པས་ཁོས་འོད་སྡེར་གཡོར་བཞིན་པ་མ་མཐོང་ཚེ་ད་གཟོད་ཁྲིམས་ཆད་མི་ཕོག་པ་ཡིན། དེ་བས་ས་དེའི་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་དབང་རྒྱལ་ལ་ཆད་པ་བཅད་ཆོག་ཆོག་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།