2017ལོར་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་བསམ་འཆར།〔གཅིག〕

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་གྲོང་གསེབ་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ཁོང་ཆུད་ནན་ཏན་དང་དོན་འཁྱོལ་མཐར་ཕྱིན་ཡོང་ཆེད་2017ལོའི་དངུལ་རྩའི་དབུལ་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ཁག་གཞིར་བཟུང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། ད་ལྟ་2017ལོར་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་གཤམ་གསལ།

གཅིག ཁ་ཕྱོགས་གཏན་འཁེལ་དང་འགན་འཁྲི་བརྟན་སྲུང་བྱ་རྒྱུ།

(གཅིག) ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ། ཞིང་ལས་དངུལ་ཁང་ནི་ཏང་གི་དངུལ་ཁང་དང་། རྒྱལ་ཁབ་ཀྱི་དངུལ་ཁང་། མི་དམངས་ཀྱི་དངུལ་ཁང་། ཁྲོམ་རའི་དངུལ་ཁང་ཞིག་ཡིན་པའི་ངོས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་དངུལ་ཁང་ཁྱོན་ཡོངས་སྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་འགན་ལེན་ཞིག་ཡིན་ལ་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཞབས་ཞུ་བསྒྲུབ་རྒྱུ་ནི་ང་ཚོ་ཞིང་ལས་དངུལ་ཁང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན། དངུལ་ཁང་ཡོངས་ཀྱིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་སྲ་བརྟན་འགྱུར་མེད་ཀྱིས་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་སྒྲུབས་དགོས།

(གཉིས) གྲོང་གསེབ་ལ་ཞབས་ཞུ་རྒྱུན་འཁྱོངས་བསྒྲུབ་རྒྱུ། ང་ཚོས་བོད་ཀྱི“ཞིང་གསུམ”བྱ་གཞག་ལ་ཞབས་ཞུ་སྒྲུབ་པའི་བརྒྱུད་རིམ་ནང་ཕུན་སུམ་ཚོགས་པོའི་ཉམས་མྱོང་གསོག་འཇོག་བྱས་ཡོད་ལ་སྟོབས་ཆེའི་སྤུས་ལེགས་ཚོང་རྟགས་ཀྱི་ནུས་འབྲས་དང་། མ་དངུལ་གྱི་དངོས་ཤུགས། ཆེད་ལས་ཀྱི་ཁྱད་ཆོས། དྲ་རྒྱའི་ལེགས་ཆ་བཅས་འཛུགས་གཉེར་བྱས་ཡོད། མིག་སྔར་ང་ཚོའི་དངུལ་ཁང་གི་གཉེར་སྐྱོང་སྒྲིག་གཞི་ལྗོངས་ཡོངས་ཀྱི་100%ཡི་རྫོང་ཁོངས་སུ་ཁྱབ་པ་དང་གློག་རྡུལ་འཕྲུལ་འཁོར་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་80%ཟིན་ཡོད་པ་མ་ཟད། “ཕ་ལམ་དང་གསེར་དངུལ་ཟངས”བཅས་གཱ་བཞི་ཡི་དངུལ་བུན་ཚུད་པའི་སྣེ་མང་ཅན་གྱི“ཞིང་གསུམ”ཐོན་རྫས་མ་ལག་འཛུགས་གཉེར་བྱས་པས་བོད་ཀྱི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་ནས་དགའ་ཤོས་བྱེད་པའི་ཚོང་ལས་དངུལ་ཁང་ཞིག་ཏུ་གྱུར་ཡོད། དངུལ་ཁང་ཡོངས་ཀྱིས་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས“ཞིང་གསུམ”འཕེལ་རྒྱས་གཏོང་རྒྱུའི་དུས་བབ་གསར་པ་དང་། ཁྱད་ཆོས་གསར་པ། གོ་སྐབས་གསར་པར་དབྱེ་འབྱེད་དང་ཁོང་ཆུད་ཡག་པོ་བྱས་ནས་རང་ཉིད་ཁོ་ནའི་ལེགས་ཆ་སྤྱད་ནས་མུ་མཐུད“ཞིང་གསུམ”ཞབས་ཞུར་རྣམ་པ་གསར་པ་དང་། འགག་སྒྲོལ་གསར་པ། མཆོང་སྐྱོད་གསར་པ་གཏོད་ཐུབ་པ་བྱེད་དགོས།

(གསུམ) རྫོང་ཁོངས་དཔལ་འབྱོར་ཞབས་ཞུ་རྒྱུན་འཁྱོངས་བསྒྲུབ་རྒྱུ། ཞིང་ལས་ནི“རྒྱལ་ཁམས་བརྟན་ལ་དམངས་སེམས་བདེ་བའི”འཐབ་ཇུས་ཐོན་ལས་གལ་ཆེན་ཞིག་ཡིན། མིག་སྔར་རང་ལྗོངས་ཀྱི་ཞིང་ལས་དེང་རབས་ཅན་སྒྱུར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུའི་ཐད་ཀྱི་ཞན་ཆའི་ལྷུ་ཚིགས་དང“ཅན་བཞི”མཉམ་བགྲོས་མངོན་འགྱུར་ཡོང་རྒྱུའི་ཐད་ཀྱི་མི་འདང་བའི་ཆ་ཡིན་པས་དངུལ་ཁང་ཡོངས་ནས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་བྱ་རྒྱུར་གཞིགས་ཏེ་ཞན་ཆ་ཁ་གསབ་དང་སྤུས་ཚད་འགན་ལེན། ལས་ཆོད་མཐོར་འདེགས་བཅས་བཏང་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་དངུལ་རྩའི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་རྫོང་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཤུགས་ཆེར་བཏང་སྟེ་ཞིང་ལས་ཐོན་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གྲོང་གསེབ་གསར་པ། གྲོང་གསེབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད། དམངས་འཚོའི་སྤྱི་ཕན་བྱ་གཞག འབྱུང་འཕྲོད་ཐོན་ཁུངས་གསར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་བྱ་ཐབས་ལེགས་བཅོས་དང་ཡིད་བུན་དང་ཡིད་བུན་མིན་པའི་གོམ་བགྲོད་མཉམ་སྤོས་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྫོང་ཁོངས་དཔལ་འབྱོར་གོང་འཕེལ་སྟོབས་ཆེར་གཏོང་རྒྱུ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་རྒྱུར་རོགས་སྐྱོར་བྱེད་དགོས།

གཉིས། ལོ་འཁོར་གྱི་ལས་ཀའི་སྤྱིའི་བླང་བྱ་དང་དམིགས་ཚད།

(བཞི) 2017ལོའི་དངུལ་ཁང་ཡོངས་ཀྱིས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་ལས་ཀའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་གྲོང་གསེབ་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ཁོང་ཆུད་ནན་ཏན་དང་དོན་འཁྱོལ་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་སྐྱོང་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་སྲུང་ངེས་པར་དུ་བོད་ལྗོངས་བརྟན་ལྷིང་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཕྱོགས་ཡོངས་ནས་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དངུལ་ཁང་ནན་སྐྱོང་འབད་བརྩོན་ལྷོད་མེད་ཀྱིས་སྤྱི་ཁྱབ་དངུལ་ཁང་དང་ཡན་ལག་དངུལ་ཁང་གི་སྐབས་གསར་པའི་ཏང་ཨུད་ཀྱིས་བཏོན་པའི་འཐབ་ཇུས་གསར་པ་དང་། འདུ་ཤེས་གསར་པ། བྱ་ཐབས་གསར་པ་ལག་བསྟར་ནན་ཏན་གྱིས“ལྟེ་བ་གཅིག་དང་ཀ་རྟེན་གཉིས”ཀྱི་གཙོ་ཁྲིད་བྱེད་པ་དང་། “གོང་འཕེལ་ཆེན་པོ་གསུམ་གྱི་ངེས་གནས”དང“གོང་འཕེལ་ཆེན་པོ་དྲུག་གི་འགྱུར་ལྡོག་རྣམ་པ” “གོང་འཕེལ་ཆེན་པོ་བཞིའི་འདེགས་སྐྱོར”བཅས་སོགས་དངུལ་ཁང་སྐྱོང་འཕེལ་གྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ལྗོངས་ཡོངས་ཞིང་ལས་ཀྱི་མཁོ་སྤྲོད་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱབ་སྐུལ་ཧུར་ཐག་གིས་འབྲུ་རིགས་ཐོན་ནུས་གོང་འཕེལ་སྲ་བརྟན་གཏོང་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཞིང་ལས་ཐོན་ལས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་རྒྱུ། ཞིང་འབྲོག་ཁུལ་གྱི་དམངས་འཚོ་ལེགས་བཅོས་གཏོང་རྒྱུ་སོགས་ཀྱི་ལས་དོན་གཙོར་འཛིན་བྱས་ཐོག་“སྤྱོད་དུད་གཙོར་འཛིན”གྱིས་གཉེར་སྐྱོང་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་“བརྟན་ཁྲོད་ཡར་བརྩོན་དང་ཚན་རིག་དང་མཐུན་པའི་གོང་འཕེལ”གཏོང་རྒྱུའི་སྤྱིའི་དགོངས་གཞིར་གཞིགས་ཏེ“ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དང་ཞབས་ཞུའི་འགན་འཁུར་ཨང་དང་པོ”རྒྱུན་འཁྱོངས་ཀྱིས“ཕྱོགས་ཡོངས་དང་། སྒྲིག་མཐུན། འགྲན་རྩོད”བཅས་ཀྱི་འདུ་ཤེས་གསུམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས“གསར་གཏོད་དང་། ཚོགས་ཚོ། བཟོ་རྩལ་མཁས་ཅན”བཅས་ཀྱི་སྙིང་སྟོབས་གསུམ་གཏོད་ནས་བོད་ལྗོངས་ཞིང་ལས་དངུལ་ཁང་འདི་ཉིད་སྤུས་ཚད་མཐོ་བ་དང་། ལས་ཆོད་ཆེ་བ། ཆབ་སྲིད་ཀྱི་གོ་རྟོགས་ལྡན་པ། འགན་འཁྲི་འཁུར་ཕོད་པའི་དེང་རབས་ཅན་གྱི་ཚོང་ལས་དངུལ་ཁང་རྩེ་གྲ་ཞིག་ཏུ་གཏོད་རྒྱུར་ཧུར་བརྩོན་བྱས་ཏེ་རྒྱལ་སྤྱིའི་ཚོང་ལས་དངུལ་ཁང་ཚོགས་གཙོ་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ཐོག་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་གནང་རྒྱུར་བསུ་བ་ཞུ་རྒྱུ་ཡིན།

(ལྔ) དམིགས་ཚད་གཙོ་བོ།

—— ཞིང་འབྲེལ་དངུལ་བུན་གོམ་སྟབས་བརྟན་པོས་འཕར་བ་བྱ་རྒྱུ། ལོ་འཁོར་ནང་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་200གཏོང་རྒྱུ་དང་། ལྷག་གྲངས་དངོས་འཕར་སྒོར་དུང་ཕྱུར་80ཡན་ཟིན་པ་བྱ་རྒྱུ་དང་འཕར་ཚད་25%ཟིན་པ་བྱ་རྒྱུ། དེའི་ནང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་དངོས་འཕར་སྒོར་དུང་ཕྱུར་50ཡན་ཟིན་པ་བྱ་རྒྱུ་དང་འཕར་ཚད་25%ཟིན་པ་བྱ་རྒྱུ། ཐོན་ལས་དབུལ་སྐྱོར་དངུལ་བུན་དངོས་འཕར་སྒོར་དུང་ཕྱུར་10ཡན་ཟིན་པ་བྱ་རྒྱུ་དང་འཕར་ཚད་10%ཟིན་པ་བྱ་རྒྱུ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་དངུལ་བུན་ལྷག་གྲངས་དངོས་འཕར་སྒོར་དུང་ཕྱུར་8ཡན་ཟིན་པ་བྱ་རྒྱུ་དང་འཕར་ཚད་30%ཟིན་པ་བྱ་རྒྱུའི་འཆར་གཞི་ཡོད།

—— རྫོང་ཁོངས་བཅོལ་དངུལ་གོམ་སྟབས་བརྟན་པོས་འཕར་བ་བྱ་རྒྱུ། རྫོང་ཁོངས་བཅོལ་དངུལ་ཁག་སྒོར་དུང་ཕྱུར་150ཡན་གསར་འཕར་ཡོང་བ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་རྫོང་ཁོངས་སྒེར་གྱི་བཅོལ་དངུལ་སྒོར་དུང་ཕྱུར་40ཡན་གསར་འཕར་ཡོང་བ་བྱ་རྒྱུའི་འཆར་གཞི་ཡོད་པ། བསྡུ་རུབ་བྱུང་བའི་རྫོང་ཁོངས་བཅོལ་དངུལ་ཚང་མ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཡིད་བུན་མ་དངུལ་གྱི་ཐོན་ཁུངས་སུ་བསྒྱུར་བ་བྱ་རྒྱུ།

—— ཐོན་ལས་དབུལ་སྐྱོར་གྱི་གཙོ་གཟུགས་སྐྱེད་སྲིང་གང་མགྱོགས་ཡོང་བ་བྱ་རྒྱུ། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་80དང་། ཞིང་ལས་ཐོན་ལས་ཅན་སྣེ་འདྲེན་ཁེ་ལས་14ཞིང་འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་སྒྲིག་འཛུགས་100 ཆེད་ལས་དུད་ཚང་ཆེན་པོ་དང་ཁྱིམ་ཚང་ཞིང་ར་200བཅས་གསར་འཕེལ་གཏོང་རྒྱུ།

—— ཞིང་འབྲོག་ཁུལ་དུ་དམངས་ཕན་གཱ་ཁྱབ་ཚད་རྒྱ་ཆེར་གཏོང་རྒྱུ། ལོ་འཁོར་ནང་རྫོང་ཁོངས་སྤྱོད་དུད་ཀྱི་རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་རིགས་དབྱེ་དང་ཞིང་ཕན་ICགཱ་ཁྲི་5གསར་སྤྲོད་བྱ་རྒྱུ་དང་བསྡོམས་འབོར་ཁ་གྲངས་ཁྲི་35ཟིན་པ་བྱ་རྒྱུ། ཁྱབ་ཚད་10%མཐོ་རུ་གཏོང་རྒྱུ་ལེགས་འགྲུབ་ཐུབ་པ་བྱ་རྒྱུ། ཞིང་འབྲེལ་ནོར་སྲིད“ཐད་གཏོང”རྣམ་གྲངས་ཚབ་གཉེར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རང་ལྗོངས་ཀྱི་ནོར་སྲིད་ཐད་གསབ་མ་དངུལ་གཏོང་སྤྲོད་ཀྱི་ཐབས་ལམ་བཟང་པོ་རིམ་བཞིན་འཛུགས་སྐྱོང་བྱ་རྒྱུ།

—— ཞབས་ཞུའི་ཐབས་ལམ་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ད་ཡོད་ཀྱི་མི་ནུས་ལས་ཚིགས་ལ་ལེགས་བཅོས་བྱས་ཏེ་གོམ་སྟབས་བརྟན་པོས་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་དང་གྲོང་རྡལ་ལ་དངུལ་རྩའི་སྒྲིག་གཞི་གསར་འཛུགས་དང་། ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་རྩོལ་ནུས་འཛུགས་སྐྱོང་ཤུགས་ཆེར་གཏོང་རྒྱུ། རྫོང་ཁོངས་རང་རོགས་ལས་ཚིགས་དང་མཉམ་འབྲེལ་དྲ་རྒྱའི་དངུལ་རྩ་བཀོད་སྒྲིག་གང་མགྱོགས་བྱ་རྒྱུ། སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་མུ་མཐུད་གཏིང་ཟབ་སྤེལ་རྒྱུ་བཅས་རྫོང་ཁོངས་སུ“གནས་ལྔ་གཅིག་འདུས”ཀྱི་དངུལ་རྩའི་ཞབས་ཞུ་ཆ་ཚང་ཞིག་ཆགས་པ་བྱ་རྒྱུ།

—— གོ་རིམ་ལྡན་པའི་སྒོ་ནས་རྫོང་ཁོངས་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱ་རྒྱུ། ནུས་ཤུགས་ཡོད་རྒུས་ས་གནས་དེ་གའི་མི་དམངས་དངུལ་ཁང་གིས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱ་རྒྱུའི་བྱེད་སྒོར་གཞོགས་འདེགས་ཧུར་ཐག་བྱས་ཐོག་ཐུན་མོང་ཐོག་རྫོང་ཁོངས་ཡིད་རྟོན་མ་ལག་གི་ལས་སྟེགས་འཛུགས་སྐྱོང་བྱ་རྒྱུ། དེའི་ནང་ལོ་འཁོར་ནང་ཡིད་རྟོན་རྫོང་10གསར་དུ་དཔྱད་འདེམས་བྱ་རྒྱུ་དང་ལོ་མཇུག་ཏུ་ཁ་གྲངས་46ཟིན་པ་བྱ་རྒྱུ། ཡིད་རྟོན་ཤང་དང་གྲོང་རྡལ་50གསར་དུ་དཔྱད་འདེམས་བྱ་རྒྱུ་དང་ལོ་མཇུག་ཏུ་ཁ་གྲངས་600ཟིན་པ་བྱ་རྒྱུ། ཡིད་རྟོན་གྲོང་ཚོ་200གསར་དུ་དཔྱད་འདེམས་བྱ་རྒྱུ་དང་ལོ་མཇུག་ཏུ་ཁ་གྲངས་4900ཟིན་པ་བྱ་རྒྱུ།

—— ཉེན་ཁའི་དོ་དམ་ཚོད་འཛིན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཁྲིམས་ལྟར་དངུལ་སྐྱོང་དང་སྒྲིག་མཐུན་གྱི་གཉེར་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ཉེན་ཁའི་མཐའ་ཚད་དམ་སྲུང་བྱ་རྒྱུ། ཉེན་ཟོན་ཉེན་འགོག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་བཟོའི་སྒྲིག་མཐུན་འདུ་ཤེས་དང་ཉེན་འགོག་འདུ་ཤེས་ཟབ་ཏུ་བཏང་ཐོག་མ་ལག་རང་བཞིན་གྱི་ཉེན་ཁ་མ་ཐོན་པའི་འགན་སྲུང་ཐུབ་པ་བྱ་རྒྱུ།

གསུམ། གཙོ་གནད་འབུར་ཐོན་དང“ཞིང་གསུམ”ཟབ་སྤེལ་བྱ་རྒྱུ།

(དྲུག) མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་སྟོབས་ཆེན་ཆགས་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ཆེན་ཆགས་དགོས་པ་དང་། ཀྲུང་གོ་མཛེས་སྡུག་ལྡན་དགོས་ན་ངེས་པར་དུ་གྲོང་གསེབ་མཛེས་སྡུག་ལྡན་དགོས་པ། ཀྲུང་གོ་སྟོབས་འབྱོར་ལྡན་དགོས་ན་ངེས་པར་དུ་ཞིང་པ་སྟོབས་འབྱོར་ལྡན་དགོས”ཞེས་པའི་མཛུབ་སྟོན་ལྟར། ལྗོངས་ནང་ཁུལ་དུ་ཕྱོགས་བསྡུས་དངོས་ཤུགས་ཆེ་ཤོས་དང་ཞབས་ཞུའི་ལེགས་ཆ་མངོན་གསལ་དོད་ཤོས་ཡིན་པའི་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེན་པོ་ཞིག་ཡིན་པའི་ངོས་ནས་དངུལ་ཁང་ཡོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལ་དམ་པོར་གཞིགས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེར་གཏོང་རྒྱུ་དང་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་བྱས་ཐོག་དངུལ་རྩའི་ནུས་ཤུགས་ལ་བརྟེན་ནས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་གཉེར་སྐྱོང་གི་གཞི་ཁྱོན་རན་པོས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཉམ་སྐུལ་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱ་རྒྱུ། དངུལ་རྩའི་ལེགས་ཆར་བརྟེན་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ལས་དང་པོ་སྟོབས་ཆེར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་ཕུལ་བྱུང་གཏོང་རྒྱུ། ཐོན་ལས་གསུམ་པ་འཁྲུག་ཏུ་གཏོང་རྒྱུར་ནུས་ཤུགས་གནད་ལ་འཁེལ་བ་བཏོན་རྒྱུར་དམིགས་ནས་ལྗོངས་ཡོངས་སུ“དངུལ་རྩ+ཐོན་ལས་དྲུག”མཉམ་འདྲེས་ཀྱི་འཕེལ་རྒྱས་གསར་པར་རོགས་འདེགས་བྱ་རྒྱུ་བཅས་དངུལ་ཁང་ཁག་གིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏོང་རྒྱུའི་ལས་འགན་ལ་གཞིགས་ཏེ་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“རྨང་རྡོ”དང“ཀ་རྟེན”ཡག་པོ་བཙུགས་ནས་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་འདོན་སྤེལ་གང་ལེགས་བྱས་ཐོག་ལྗོངས་ཡོངས་ཀྱི“ཞིང་གསུམ”བྱ་གཞག་ལ་རྒྱུན་ཆད་མེད་པའི་དངུལ་རྩའི་ཆུ་རྒྱུན་མཁོ་འདོན་བྱས་ཏེ་རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ།

(བདུན) ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐུལ་བྱ་རྒྱུ། 2017ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔ་འཛིན་ཕྱི་མཐུད་དང་ཕྱོགས་ཡོངས་ནས་འགག་སྒྲོལ་ཡོང་བ་བྱ་རྒྱུའི་འགག་རྩའི་ལོ་ཞིག་ཡིན། དངུལ་ཁང་ཁག་གིས་ཙུང་ལི་གཞོན་པ་ཝང་གཡང་གིས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ཧུར་ཐག་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་ཁག་ལ་གཞོགས་འདེགས་བྱས་ཏེ་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་གཙོ་གནད་དབུལ་སྐྱོར་ལས་གྲྭར་སྐུལ་སྤེལ་གཏིང་ཟབ་དང་ཐོན་ལས་དང་ལས་ཞུགས་ཀྱི་དངུལ་རྩའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནི་ནུས་ཤུགས་ཡོད་རྒུས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་ལས་དོན་འགན་སྲུང་ཐུབ་པ་བྱ་རྒྱུ། “ཞིང་གསུམ”འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དོན་འཁྱོལ་ནན་ཏན་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་ནས་དངུལ་རྩའི“ཞིང་གསུམ”ཞབས་ཞུར་མཁོ་བའི་མི་ཤུགས་དང་། ནོར་དོན། ཡིན་བུན། འཁོར་རྒྱུག་སོགས་ཐོན་ཁུངས་འགན་སྲུང་ཐུབ་པ་བྱས་ནས་སྔོན་ལ་དབུལ་སྐྱོར་གྱི་འཐབ་ས་དང་པོར་བཀོད་སྒྲིག་བྱས་ཏེ་ཐོན་ལས་དབུལ་སྐྱོར་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་། རྨང་གཞིའི་སྒྲིག་བཀོད་ལ་སོགས་པའི་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་བསྐོང་ཐུབ་པ་བྱ་རྒྱུ། གཉིས་ནི་དབུལ་སྐྱོར་ཡིད་བུན་ཆེད་སྤྱོད་ཐོན་རྫས་ཁྱབ་གདལ་གཏོང་རྒྱུ། “ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དངུལ་བུན”གྱི་ཐོན་རྫས་ལ་གཞིགས་ཏེ་སྤྱོད་དུད་ཀྱི་ཐོབ་ཐང་གཏན་འཁེལ་དང་། རིམ་དཔྱད་ཡིད་སྤྲོད། ཡིད་སྤྱོད་ལག་ཁྱེར་སྤྲོད་པ་དང་དེ་བཞིན་བུན་རྗེས་ཀྱི་དཔྱད་དཔོག་ལས་དོན་ཡག་པོ་བསྒྲུབ་རྒྱུ། “ཡིད་སྤྲོད་གཅིག་དང་། གཟིགས་སྐྱོང་གཅིག ཆག་ཡང་གཉིས”ཀྱི་རྩ་དོན་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་ཚན་པས་གཏན་འཁེལ་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་གྲངས་དང་སྦྲེལ་མཐུད་གནད་འཕིགས་བྱས་ཏེ་དབུལ་པོའི་དུད་ཚང་ལ་དངུལ་བུན་གྲངས་འབོར་ཆེ་ཤོས་སྒོར་ཁྲི་5དང་དངུལ་བུན་གྱི་དུས་ཚད་རིང་ཤོས་ལོ་3མཁོ་འདོན་བྱས་ནས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ནུས་ཤུགས་འདོན་རྒྱུ། གསུམ་ནི“གཱ་བཞི”ཡི་ཡིད་བུན་ཐོན་རྫས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། གཞི་རིམ་ལས་གཉེར་སྒྲིག་གཞིས“རིམ་དབྱེ་དང་། ཡིད་སྤྲོད། ཡིད་སྤྱོད། དོ་དམ། དཔྱད་དཔོག”བཅས་གཱ་བཞི་ཡི་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞིགས་ཏེ་ད་ཡོད་ཀྱི་གཱ་བཞི་ཡི་ཡིད་བུན་སྲིད་ཇུས་གང་ལེགས་བེད་སྤྱོད་དང་གཱ་བཞི་ཡི་ཡིད་སྤྲོད་འབོར་ཚད་གསར་ཤོས་དོན་འཁྱོལ་འཕྱུགས་མེད་བྱས་ནས“ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་བཞིའི་ཐོན་རྫས་སྤྱད་ནས་དེ་བས་མང་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་དང་། ཐོན་སྐྱེད་གོང་འཕེལ། ལྷག་པར་དུ་ཆ་རྐྱེན་ཚང་བའི་ཞིང་འབྲོག་མང་ཚོགས་ལ“ཕ་ལམ་གཱ”རེ་ཞུ་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་མི་རིགས་ལག་ཤེས་བཟོ་ལས་དང་། ཞིང་དུད་སྤྲོ་ཁང་། འབྲོག་དུད་སྤྲོ་ཁང་། འགྲིམ་འགྲུལ་ལས་རིགས་སོགས་གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་གཉེར་སྐྱོང་མ་དངུལ་བསྡུ་རྒྱུག་དགོས་མཁོ་བསྐོང་དགོས། བཞི་ནི་སྲིད་གཞུང་གི་ཡིད་རྟོན་ལམ་སྲོལ་ཆེར་གཏོད་ཀྱིས་ཐོན་ལས་དབུལ་སྐྱོར་དམ་འཛིན་བྱ་རྒྱུ། “ཏན་ཏིག་བཞི་དང་། ཁག་གཅིག་བྱས་པ་ལྔ། གནད་འཕིགས་དྲུག”བཅས་ཀྱི་བླང་བྱ་གཞིར་བཟུང་འདྲ་བཟོ་ཆོག་པ་དང་། ཁྱབ་སྤེལ་གཏོང་བདེ་བ། ཉེན་ཁ་ཆུང་བའི་རྣམ་གྲངས་ཀྱི་མ་དངུལ་བསྡུ་རྒྱུག་ཧུར་ཐག་སྤེལ་རྒྱུ་དང་རིམ་ཁག་དངུལ་ཁང་གིས“སྲིད་གཞུང་གི་ཉེན་ཁའི་ཁ་གསབ་ཐེབས་རྩ་+དངུལ་ཁང་གི་ཡིད་བུན་མ་དངུལ”གྱི་མཉམ་ལས་བྱེད་ཐབས་ལ་མཛུབ་སྟོན་དང་གཞི་རིམ་དངུལ་ཁང་གི་ང་ཚོའི་དངུལ་ཁང་གི་ད་ཡོད་ཡིད་བུན་ཐོན་རྫས་ཀྱི་སྤེལ་གཉེར་རྣམ་གྲངས་དང་སྦྲེལ་མཐུད་བྱེད་རྒྱུར་སྣེ་ཁྲིད་ཀྱིས་དངུལ་རྩས་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ་བྱེད་དགོས་པ་དང་། ས་ཁོངས་ནང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཡུལ་སྐོར་དབུལ་སྐྱོར། འོད་ཤུགས་དབུལ་སྐྱོར་སོགས་གཙོ་གནད་དབུལ་སྐྱོར་ལས་གྲྭར་ཧུར་ཐག་བཞུགས་དགོས། དངུལ་ཁང་ཁག་གིས་དབུལ་སྐྱོར་གསར་སྤེལ་ཀུང་སི་དང་རྣམ་གྲངས་ཀུང་སི་གཉིས་གཙོ་གནད་མ་དངུལ་བསྡུ་རྒྱུག་གི་ལས་སྟེགས་སུ་བཟུང་ནས་དབུལ་པོའི་རྫོང་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཀ་རྟེན་ཐོན་ལས། གཙོ་རྐང་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་དང་ཕྱོགས་མཚུངས་རྫོང་ཁོངས་སྤུས་ལེགས་ཁེ་ལས་ཆུང་ཕྲན་ལ་རྒྱབ་སྐྱོར་བྱེད་ཤུགས་ཤུགས་ཆེར་བཏང་ནས་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན“མི་དམའ་བ་གསུམ”གྱི་བླང་བྱ་མངོན་འགྱུར་ཡོང་རྒྱུ་འགན་སྲུང་ཐུབ་པ་བྱེད་དགོས། ལྔ་ནི“གཞི་རིམ་གཉིས་མཉམ་འགུལ”གྱི་དབུལ་སྐྱོར་ཡིད་བུན་ལམ་སྲོལ་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་རྒྱུ། དངུལ་ཁང་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང“གཞི་རིམ་གཉིས་མཉམ་འགུལ”གྱི་ལས་དོན་ཏན་ཏིག་སྒྲུབ་ནས་ཕྱོགས་གཉིས་ཀའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གཞི་རིམ་སྲིད་འཛིན་གྱི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་རྒྱུ་དང་རྫོང་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་སྒྲིག་གཞིས་ཞིང་འབྲོག་ཁུལ་དུ་ཞབས་ཞུའི་གཟུགས་བརྙན་འབུར་ཐོན་ཡོང་བ་བྱེད་དགོས།

(བརྒྱད) གྲོང་གསེབ་ཀྱི་ཐོན་ལས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གཅིག་ནི་གཙོ་གནད་སྤྱོད་དུད་ཚོང་གཉེར་ལས་དོན་ཡག་པོ་བསྒྲུབ་རྒྱུ། དངུལ་ཁང་ཁག་གིས་སྤྱི་ཁྱབ་དངུལ་ཁང་གི་གྲོང་གསེབ་ཀྱི་ཐོན་ལས་སྐོར་གྱི་“བྱ་སྤྱོད་ཁག་དྲུག”སྟེ་སྤྱོད་དུད་ཀྱི་མིང་ཐོ་དང་། གཙོ་གནད་རྣམ་གྲངས་ཀྱི་མཛོད་ཁུག གཙོ་གནད་ཚོང་གཉེར་རྣམ་གྲངས་མཛོད་ཁུག་ནང་གི་སྤྱོད་དུད་དག་གསེད། ཤན་འབྱེད། ཁྱབ་སྤེལ། སྲུང་སྐྱོང་སོགས་ཀྱི་ལས་དོན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས“ཆེན་པོ་དང་། གསར་པ། ཁྱད་ལྡན་བཅས་ཞིང་གསུམ”གྱི་གཞུང་འབྲེལ་སྤྱོད་དུད་ཀྱི་མིང་ཐོའི་ནང་ཚུད་ཡོད་པར་རིམ་ཁག་དངུལ་ཁང་གིས་སྤྱོད་དུད་ཀྱི་རིམ་པ་དང་རྣམ་གྲངས་ཀྱི་རིམ་པ་གཞིར་བཟུང་ཚོང་གཉེར་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་དུད་ཚང་རེ་བཞིན་ཚོང་གཉེར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཚོང་གཉེར་བྱེད་ཤུགས་ཤུགས་ཆེར་གཏོང་དགོས། གཉིས་ནི་སྤྱོད་དུད་གསར་པ་ཁྱབ་སྤེལ་གཏོང་རྒྱུའི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ། ང་ཚོའི་དངུལ་ཁང་གི་སྲོག་ཤིང་སྤྱོད་དུད་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་དང་ང་ཚོའི་དངུལ་ཁང་དང་གྲོས་མཐུན་བཞག་པའི་ཁྲིམས་བཀོད་སྒྲིག་གཞི་ཡིན་ཕྱིན་ཚང་མར་རིམ་དཔྱད་དང་། རིགས་དབྱེ། ཡིད་སྤྲོད། ཡིད་སྤྱོད་སོགས་རྒྱུན་གཏན་གྱི་སྲུང་སྐྱོང་དང་རྗེས་བསྙེག་དོ་དམ་ཡག་པོ་བསྒྲུབ་རྒྱུ་དང་ཞབས་ཞུའི་སྤུས་ཚད་གོང་མཐོར་གཏོང་རྒྱུ། ལས་ཆོད་མཐོར་གདེགས་གཏོང་རྒྱུ། མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་སོགས་ཀྱི་ཐབས་ལམ་སྤྱད་པ་བརྒྱུད་སྦྲེལ་མཐུད་དམ་ཟབ་ཡོང་བ་བྱ་རྒྱུ། ང་ཚོའི་དངུལ་ཁང་གི་སྒྲིག་གཞི་དང་། ཞབས་ཞུ། ཐོན་རྫས་སོགས་ཀྱི་ཁྱད་ཡོན་ལ་བརྟེན་ནས་སྐུ་མགྲོན་གསར་གྲས་ཁྱབ་སྤེལ་དང་། སྐྱེད་སྲིང་། འཕེལ་རྒྱས་བཅས་བཏང་ནས་ང་ཚོའི་དངུལ་ཁང་གི་ཁྲིམས་བཀོད་སྤྱོད་དུད་ཀྱི་རྨང་གཞི་སྟོབས་ཆེར་བཏང་ཐོག་སྐུ་མགྲོན་གསར་རྙིང་གིས་ང་ཚོའི་དངུལ་ཁང་གི་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཤུགས་མཐོ་རུ་གཏོང་རྒྱུ། གསུམ་ནི“ཞིང་གསུམ”ཁྱབ་་ཁོངས་ཀྱི་གྲོང་རྡལ་ཅན་དང་ཡུལ་སྐོར་ཁྲོམ་ར་གསར་པ་རྒྱ་ཁྱབ་ཤུགས་ཆེར་གཏོང་རྒྱུ། 《རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད་(2014—2020)》ལ་གཞིགས་ཏེ་དངུལ་རྩའི་ཞབས་ཞུས“མི་གྲོང་ཁྱེར་དང་གྲོང་རྡལ་ཅན”ལྟེ་བར་བྱེད་པ་དང་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ས་ཁུལ་གཙོ་གནད་བྱས་ནས་ནུས་ཤུགས་ཡོད་རྒུས་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དང་། ཚན་རྩལ་དང་རིག་གནས་འཕྲོད་བསྟེན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་སོགས་དམངས་འཚོའི་ལས་གྲྭའི་རྣམ་གྲངས་ལ་ཞབས་ཞུ། རྒྱལ་ཁབ་ཀྱི་ཐོན་ལས་ལས་རིགས་སྲིད་ཇུས་དང་མཐུན་པའི་རྫོང་ཁོངས་ཀྱི་ལེགས་ཆའི་ཐོན་ལས་མཉམ་ཚོགས་དང་བཟོ་ལས་ཁུལ་འཛུགས་སྐྲུན་ལ་གཙོ་གནད་ཞབས་ཞུ་སྒྲུབ་སྟེ་ཐོན་ལས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་མཉམ་འདྲེས་གཅིག་འདུས་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐུལ་བྱ་རྒྱུ། ལམ་བརྒྱུད་དང་། ལམ་བརྒྱུད་ཡུལ་ལྗོངས། ལམ་བརྒྱུད་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་སྔོན་ལ་གདམ་ག་བྱས་ནས་སྤྲོ་གསེང་ཞིང་ལས་དང་མཛེས་ལྗོངས་བལྟ་ཁུལ་ཞིང་ལས་ཀྱི་གསར་དར་ཡུལ་སྐོར་ཁྲོམ་ར་རྒྱ་ཁྱབ་ཤུགས་ཆེར་བཏང་ཐོག་གོམ་སྟབས་བརྟན་པོས་ཞིང་དུད་སྤྲོ་ཁང་དང་འབྲོག་དུད་སྤྲོ་ཁང་རབ་འབྲིང་གཙོ་བོར་བྱས་པའི་དམངས་ཁྱིམ་གྱི་ཐོན་ལས་རྒྱ་ཁྱབ་གཏོང་རྒྱུ། “འབྱུང་འཕྲོད་ཁྱིམ་གཞིས་དང་གྲོང་ཁྱེར་དང་གྲོང་རྡལ་བརྒྱ་སྟོང”གི་ཆེད་དོན་ལས་འགུལ་ལག་བསྟར་བྱས་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་སོགས་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བཞི་ནི་ཞིང་ཆུའི་ཆུ་བེད་འཛུགས་སྐྲུན་གྱི“ཤར་བགྲོད་ཐབས་ལམ”གསར་གཏོད་བྱ་རྒྱུ། མིའི་ཚེ་སྲོག་ཞིང་ཁར་ཐུག་པ་དང་ཞིང་ཁའི་ཚེ་སྲོག་ཆུ་ལ་ཐུག་པ་བཞིན་ཞིང་ཆུའི་ཆུ་བེད་འཛུགས་སྐྲུན་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་ཞིང་ལས་མཁོ་སྤྲོད་ཀྱི་གྲུབ་ཆར་སྒྱུར་བཅོས་བྱ་རྒྱུའི་ནང་དོན་གལ་ཆེན་དང་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུའི་གཞི་རྩའི་འགན་ལེན་ཞིག་ཡིན། དངུལ་ཁང་ཁག་གིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་འབྲུ་རིགས་ཐོན་ཁུངས་གཙོ་བོ་ས་ཁུལ་གྱི་ཞིང་ཁའི་ཆུ་བེད་དང་། གཙང་པོ་རྒྱུག་རྒྱུན་བཅོས་སྒྲིག དཔེ་གསར་ཅན་གྱི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་གཏོང་ལག་རྩལ་སོགས་གཙོ་གནད་རྣམ་གྲངས་སྔོན་ལ་སྤེལ་སྒྲུབ་དང་འཕྲལ་དོན་འཕྲལ་སྒྲུབ་ཀྱི“ཤར་བགྲོད་ཐབས་ལམ”ཧུར་ཐག་གཏོད་དགོས། མདུན་རྒྱབ་ལས་སྒྲོམ་དོ་སྙོམས་ལས་སྒྲུབ་དང་འཕྲལ་ཞུ་འཕྲལ་བཤེར་ལག་བསྟར་གྱིས་ཞིང་ཆུའི་ཆུ་བེད་ནི་རང་ལྗོངས་ཀྱི་དེང་རབས་ཞིང་ལས་ཀྱི་རྨང་རྡོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། ལྔ་ནི་ས་གཙང་བདེ་ཐང་ཅན་གྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ས་ཁུལ་ཁག་གི་ཐོན་ཁུངས་ཁྱད་ཆོས་ལ་གཞིགས་ནས་བོད་ཀྱི་ལྷ་ཆུའི་ས་གཙང་གི་གོ་དོན་གཞིགས་ནས་ཚོང་རྟགས་ཀྱི་འགྲན་རྩོད་སྟོབས་ཤུགས་ཆེ་བ་དང་། ཁྲོམ་རའི་མདུན་ལམ་རྒྱུན་མཐུད་ལེགས་པོ། འཛད་སྤྱོད་པས་དགའ་ཞེན་དང་ལེན་བྱེད་པའི་དེང་རབས་ཞིང་ལས་འགའ་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།