ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། (གཅིག)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག བུད་མེད་དང་བྱིས་པའི་གླེང་ཕྱོགས་ཀྱི་གཏན་ཁེལ།

“བུད་མེད་དང་བྱིས་པའི་ཐད་ཀྱི་གླེང་ཕྱོགས”ནི་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱའི་དཔྱད་གླེང་། པོད་འཕྲིན་སྐད་འཕྲིན་སོགས་སྨྱན་བྱད་ཀྱི་རྣམ་པར་བརྟེན་ནས་མཚོན་པ་ཡིན་ཞིང་། སྤྱི་ཚོགས་ཀྱི་དོ་ཁུར་ཡང་དེ་ལས་བྱུང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་འབྲེལ་བའི་དོན་དག་དང་བུད་མེད་ལྷན་ཚོགས་ཀྱི་བྱ་བའི་དཔྱད་གླེང་ཚ་རླབས། གྱོད་དོན་གལ་ཆེན་དང་དེ་མིན་དོན་དག་གླེང་ཤས་ཆེ་བ་སོགས་ཡིན།

གཉིས། གླེང་ཕྱོགས་དེ་ཐག་གཅོད་བྱེད་པའི་རྩ་དོན།

1.རང་འགུལ་གྱིས་རྩ་དོན་བརྩོན་ལེན་བྱེད་པ།

སྔ་མོ་ནས་ཤེས་རྟོག་དང་སྔ་མོ་ནས་སྙན་གསེང་ཞུ་བ། སྔ་མོ་ནས་གྱོད་དོན་སེལ་བར་གྲ་སྒྲིག་བྱེད་པ། སྔ་མོ་ནས་ནང་དོན་གྱི་ཆ་མང་པོ་ཞིག་ཞི་འཇགས་སུ་གཏོང་དགོས།

①སྤྱི་བདེ་ལས་ཁུངས་ལ་དུས་ལྟར་དོན་དག་གི་དངོས་ཡོད་གནས་ཚུལ་ལ་རྩད་གཅོད་བྱས་ནས་ཁྲིམས་ལྟར་གཏུམ་སྤྱོད་མཁན་དང་དེ་མིན་ལྟ་སྐྱོང་མཁན་ལ་བཅའ་ཁྲིམས་ཀྱི་འགན་འཁུར་དུ་འཇུག་པའི་འབོད་བརྡ་གཏོང་དགོས།

②སྤྱི་ཚོགས་ལ་བརྩི་འཇོག་དང་གནོད་འཚེ་ཐེབས་མཁན་གྱི་གསང་དོན་ལ་སྲུང་སྐྱོབ་བྱེད་པའི་འབོད་བརྡ་བཏང་ནས་གནོད་འཚེ་ཐེངས་གཉིས་པ་མི་འབྱུང་བར་ཕྱིར་གཤོལ་བྱེད་དགོས།

③ནར་མ་སོན་པའི་བྱིས་པའི་བསམ་བློའི་ཀུན་སྤྱོད་གསར་འཛུགས་དང་ཁྲིམས་སྐྱོང་སློབ་གསོའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྱིམ་སྲོལ་ལེགས་པོ་ཞིག་དང་ཁྱིམ་གྱི་ཁྲིད་སྟོན་ལེགས་པོ། ཁྱིམ་གྱི་སློབ་གསོ་བཅས་ཀྱི་གསོ་སྐྱོང་གཙོ་བོར་བཟུང་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཡང་དག་ལ་ཁྲིད་སྟོན་བྱེད་དགོས།

——དུས་ལྟར་གོང་རིམ་བུད་མེད་ལྷན་ཚོགས་རྩ་འཛུགས་ལ་དོན་དག་ཐག་གཅོད་བྱས་པའི་གནས་ཚུལ་སྙན་གསེང་ཞུ་དགོས།

2.རང་གི་ས་ཁུལ་ནས་ཐག་གཅོད་བྱེད་པའི་རྩ་དོན།

①ཐོག་མར་གྱོད་དོན་བྱུང་ཡུལ་གྱི་བུད་མེད་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་དགོས། གྱོད་དོན་བྱུང་ཡུལ་གྱིས་ཐག་གཅོད་བྱེད་པར་དཀའ་ཁག་ཡོད་ན་གོང་རིམ་རྩ་འཛུགས་ལ་ཐག་གཅོད་བྱེད་དུ་འཇུག་དགོས།

②གླེང་ཕྱོགས་ཐག་གཅོད་བྱེད་པའི་བརྒྱུད་རིམ། ལྟ་རྟོག་ཚད་ལེན་དང་དོན་དངོས་ཞིབ་བཤེར། གྱོད་དོན་སྙན་ཞུ། རོགས་སྐྱོར་མྱུར་སྐྱོབས། དུས་ལྟར་འདོན་སྤེལ།

3.གོང་འོག་ལས་ཁུངས་ལ་མཉམ་འབྲེལ་བྱེད་པའི་རྩ་དོན།

སྙན་ཞུ་ལྟར་སྒྲུབ་པ། མཛུབ་ཁྲིད་བྱེད་པ། བར་འདུམ་བྱེད་པ། འགྲོ་ལུགས་སྒྲུབ་པ། མཛུབ་སྟོན་བྱེད་པ། ཐག་གཅོད་བྱེད་པ། མཇུག་འབྲས་སྙན་ཞུ་བྱེད་པ།

གསུམ། གླེང་ཕྱོགས་ཀྱི་བབ་བསྟུན་བཤད་སྟངས་རྣམ་གཞག(ཁྱིམ་ཚང་གི་གཏུམ་སྤྱོད་དཔེར་བཟུང་ཡོད། )

(དང་པོ།)བཤད་སྟངས་ཀྱི་སྲོག་ཤིང་གཞི་རྒྱུ།

1.རྣམ་འགྱུར་ཡང་དག་འཛིན་སྟངས། རྒྱལ་ཁབ་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་བཟུང་བའི་རྣམ་འགྱུར་དང་བཅའ་ཁྲིམས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་བཟུང་བའི་རྣམ་འགྱུར་གྱི་ཚད་གཞི་དང་དེར་འབྲེལ་གཏན་འབེབས། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱི་དོ་ཁུར་དང་བྱེད་སྒོ།

ཁྱིམ་ཚང་གི་གཏུམ་སྤྱོད་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་གཏན་འགོག་བཀའ་བརྡ་གསལ་བོ་བརྒྱབ་ཡོད་པ་དང་། བུད་མེད་དག་ལ་ཁྱིམ་ཚང་གི་བདག་དབང་ཁྲོད་གནོད་འཚེ་གཏོང་བའི་ཁྲིམས་འགལ་གྱི་ནག་ཉེས་བྱ་སྤྱོད་ཤིག་ཀྱང་ཡིན། 2016ལོའི་ཟླ3ཚེས1ཉིན། 《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ཤིང་། ཁྱིམ་ཚང་གི་གཏུམ་སྤྱོད་གོ་དོན་གཏན་ཁེལ་དང་མི་ལུས་ཀྱི་བདེ་འཇགས་སྲུང་སྐྱོབ་བཀའ་བརྡ། གསལ་བསྒྲགས། བཙན་ཤུགས་སྙན་ཞུ་སོགས་སྒྲིག་སྲོལ་རང་བཞིན་གྱི་བྱེད་ཐབས། དེར་འབྲེལ་སོ་སོའི་ཐད་ཀྱི་འགན་ནུས་དང་བབ་བསྟུན་གྱི་བཅའ་ཁྲིམས་འགན་འཁྲི་སོགས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐད་ཡང་དག་པའི་སྒོ་ནས་བྱེ་བྲག་གི་གཞིར་འཛིན་བཅའ་ཁྲིམས་མཁོ་སྤྲོད་བྱས་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་དོན་རྐྱེན་ལ་ངོ་རྒོལ་བྱེད་པར་ཁ་གཏད་གཅོག་ཆེད་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱས་ཏེ་ས་གནས་སོ་སོའི་བུད་མེད་ལྷན་ཚོགས་དང་མཉམ་དུ། གྱོད་དོན་གྱི་འཕེལ་རིམ་ལ་མཛུབ་སྟོན་སྒོས་གནོད་འཚེ་ཐེབས་པའི་ཁྲིམས་མཐུན་མི་སྣའི་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་ཞིག་བྱས་ཡོད།

2.ལྟ་སྟངས་གསལ་བོ་བཟོ་བ། གྱོད་དོན་གྱི་ཕྱི་ཚུལ་ལ་ཁ་གཏད་བཅག་ནས་བུད་མེད་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་ལྟ་སྟངས་གསལ་བོ་བཟོ་དགོས།

3.གྱོད་དོན་གྱི་འཕེལ་རིམ་ཕྱིར་སྒྲོག་བྱེད་པ། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་མུ་མཐུད་དུ་གྱོད་དོན་གྱི་འཕེལ་རིམ་ལ་དོ་ཁུར་བྱས་ནས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ལ་སུན་འབྱིན་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ཆད་ནན་མོ་གཅོད་པར་འབོད་བརྡ་བཏང་སྟེ། གནོད་ཐེབས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

འདིར་འབོད་བརྡ་ནན་མོ་གཏོང་རྒྱུ་ཞིག་ལ། ཁྱིམ་ཚང་གི་གཏུམ་སྤྱོད་ཕོགས་མཁན་དོ་བདག་མི་སྣས་ངེས་པར་དུ་དཔའ་ངར་ཆེར་སྐྱེད་ཀྱིས་བཅའ་ཁྲིམས་ཀྱི་མཚོན་ཆ་བཟུང་སྟེ་རང་ཉིད་ལ་སྲུང་སྐྱོབ་བྱེད་པར“ཁྲིམས་མཐུན་ཁེ་དབང་སྤྱད་ན་ད་བཟོད་གཏུམ་སྤྱོད་དེ་བཀག་འགོག་བྱེད་ཐུབ།”

རྩོམ་སྒྲིག་པ། : ཀླུ་མོ་མཚོ།