ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་བཅའ་ཁྲིམས་སྐོར། ( གཉིས)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདེ་འཇགས་གཉེན་སྒྲིག་གི་མན་ངག་ཆུང་ངུ་།

བློ་རིག་སྐྱེན་པའི་སྒོ་ནས་རང་ནུས་ཅི་ལྕོགས་སྒོས་ཕ་རོལ་བོའི་སྐྱོན་ཆ་ཕྲན་བུ་ལ་དཀྱེལ་ཡངས་བྱ་དགོས།

གང་འདོད་དུ་གཉེན་འཐོར་གཏན་ནས་བྱེད་མི་རུང་།

ངེས་པར་དུ་ཕན་ཚུན་བར་ལ་ཡིད་ཆེས་བྱེད་དགོས་པ་མ་ཟད། ཕ་རོལ་བོར་ཡང་བདག་དབང་སྤྲོད་དགོས།

རང་གི་འདུག་རོགས་སམ་གྲོགས་པོ་བཟང་པོ་བྱེད་དགོས།

བློ་ལྡན་ཕ་མ་གཉིས་ཀྱིས་དོན་ཆེན་གསུམ་ལེགས་པོར་སྒྲུབ་ངེས།

ཕ་བུའི་བར་གྱི་འབྲེལ་བ་ལེགས་པོ་གསོ་སྐྱོང་བྱེད་པ། བྱིས་པ་དག་ལ་གཏམ་བརྗོད་ལྷུག་པོར་བཤད་པའི་གོ་སྐབས་སྐྲུན་ནས་བྱིས་པ་ལ་ནུས་ལྡན་གྱི་འབྲེལ་འདྲིས་ལེགས་པོ་བྱས་ཏེ། བྱིས་པའི་ལེགས་ཆ་སྔོག་འདོན་དང་བསྟོད་བསྔགས་བྱེད་པ། ད་རུང་བྱིས་པར་ཕམ་ཁ་ལ་ཡང་དག་པའི་སྒོ་ནས་གདོང་ལེན་བྱེད་ཚུལ་ཁྲིད་སྟོན་བཅས་ཀྱིས་གྲོགས་པོ་དག་གིས་ཡིད་ཆེས་དང་བརྩི་འཇོག་བྱེད་ཡུལ་ཞིག་ལ་འགྱུར་དུ་འཇུག་པ།

བྱིས་པའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པ།

གོམས་གཤིས་ལེགས་པོ་ཆགས་སུ་འཇུག་རྒྱུ་དེ་གཙོ་བོའི་ཐོག་མའི་ཉིན་གསུམ་ལ་རག་ལས་དང་ཟླ་གཅིག་གི་ནང་དུ་ཐག་གཅོད་ཐུབ་ངེས། གོམས་གཤིས་ལེགས་པོ་གྲུབ་པའི་རྩ་དོན་གཙོ་བོ་ནི་འགོ་ཚུགས་སའི་ཚད་དམའ་ཞིང་རེ་འདུན་ནན་མོ་ཡིན་པ། གོམ་སྟབས་ཆུང་ཞིང་གོམ་འགྲོས་མགྱོགས་པ། བྱ་འགུལ་མང་ཞིང་འགྱུར་ལྡོག་མོད་པ། དྲིན་ལྡོག་མྱུར་ཞིང་གཅེས་ལངས་དྲང་པ།

བྱིས་པའི་སློབ་སྦྱོང་ལ་ཁྲིད་སྟོན་བྱས་ཏེ་ཤེས་སུ་འཇུག་པ།

སྤྲོ་སྣང་། (ཡ་མཚན་གྱི་བློ།)ཕུགས་འདུན། རྒྱལ་ཁའི་སེམས་ཚོར། དོགས་གཞི། དྲིན་ལན། བློ་སྐྱེད་སོགས་ནི་བྱིས་པའི་བློ་སྒོ་འབྱེད་པའི་ཐབས་ལམ་ཉག་གཅིག་ཡིན་ལ། དམིགས་འབེན་གསར་འཛུགས་དང་སེམས་ཁམས་ཚོད་འཛིན། འདུ་ཤེས་སྦྱོང་བརྡར་སོགས་ནི་བྱིས་པའི་སློབ་སྦྱོང་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པའི་ཁ་ཕྱོགས་ཧ་ཅང་གལ་ཆེན་ཞིག་ཡིན།

ནར་མ་སོན་པའི་མིས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པ།

ཁྱིམ་ཚང་སློབ་གསོ་ནི་ནར་མ་སོན་པའི་བྱིས་པའི་ནག་ཉེས་བཟོ་བའི་འགོག་སྲུང་གི་འཛིང་རགས་དང་པོ་ཡིན་ལ། དྲོད་འཇམ་འཆམ་མཐུན་གྱི་ཁྱིམ་ཚང་ཁོར་ཡུག་གསར་སྐྲུན་བྱེད་པ་ལས་སྟབས་བདེ་དང་གཏུམ་དྲག་གི་སློབ་གསོའི་བྱེད་ཐབས་བཀོལ་མི་རུང་། ཁྱིམ་བདག་རང་ཉིད་ཀྱིས་རང་སྟེང་གི་བྱ་སྤྱོད་ལ་མཉམ་འཇོག་བྱས་ནས་བྱིས་པར་གཅེས་སྐྱོང་གིས་བསམ་བློའི་འབྲེལ་འདྲིས་ལ་མཐོང་ཆེན་དང་བྱིས་པ་གྲོགས་མེད་ཁེར་རྐྱང་དང་ཡི་མུག སེམས་ཁམས་སུ་འཁང་ར་ཡོད་པ་སོགས་ལ་འགྱུར་བར་ཕྱིར་གཤོལ་བྱེད་དགོས། བུ་བུ་མོར་སློབ་གསོ་དང་ལྟ་རྟོག་བྱས་ཏེ་འདོད་སྲེད་དང་དུག་རྫས། རྒྱལ་འཇོག་བཅས་ལ་རིང་དུ་བྲལ་ཏེ་བྱིས་པའི་བདེ་ཐང་གི་སྤྲོ་སྣང་དང་དགའ་ཕྱོགས་གསོ་སྐྱོང་བྱས་ནས། བྱིས་པ་དག་དྲ་ཁང་དང་ཆང་ཁང་། རོལ་རྩེད་ཁང་སོགས་སུ་སོང་སྟེ་གོམས་གཤིས་མི་ལེགས་པ་འགོ་བར་སྔོན་འགོག་བྱེད་དགོས།

ཁྱིམ་ཚང་ནང་དུ་རྐུན་མ་འཛུལ་བ་སྔོན་འགོག་བྱེད་པའི་མན་ངག་ཆུང་ངུ་།

གཉིད་ལོག་པ་དང་སྒོར་འགྲོ་དུས་སྒོ་དང་སྒེའུ་ཁུང་ནན་མོ་རྒྱག་དགོས།

རྒྱུ་ནོར་རྩ་ཆེན་དངུལ་ཁང་དུ་འཇོག་པ་དང་། དངུལ་གསོག་བྱང་བུ་དང་ཐོབ་ཐང་ལག་འཁྱེར། ཡང་ན་དེ་ལས་གཞན་པའི་དཔང་ཡིག་སོགས་རང་རང་སར་བཞག་ནས་ཉར་ཚགས་བྱེད་དགོས།

ཁྱིམ་ཚང་གི་སྒོ་དང་ཁྱམས་ར། སྒེའུ་ཁུང་སོགས་ཀྱི་འགོག་སྲུང་ཁྱམས་ར་བརྟན་པོ་བཟོ་དགོས།

ཁྱམས་རའི་སྟེང་དུ་ཁབ་ལྡན་མེ་ཏོག་བུམ་པ་འདེབས་འཛུགས་བྱེད་དགོས། དེས་གཅིག་ནས་ཁྱམས་ར་མཛེས་བཟོ་དང་དེའི་ཁར་ལྷད་མེད་འགོག་སྲུང་འཛིང་རགས་ཡང་སྐྲུན་ཐུབ།

ཆ་མེད་རྒྱུས་མེད་ཀྱི་མི་སྣ་དག་གང་འདོད་དུ་ཁྱིམ་ལ་འོངས་དུ་འཇུག་མི་རུང་ཞིང་། མི་སྒེར་གྱི་བརྡ་འཕྲིན་གནས་ཚུལ་ཡང་གང་འདོད་དུ་ཕྱིར་བསྒྲགས་བྱེད་མི་རུང་།

གལ་ཏེ་ཁྱིམ་གྱི་དངོས་རྫས་བརྐུ་ལ་ཤོར་བ་ཤེས་རྟོག་བྱུང་རྗེས་མྱུར་དུ་སྙན་གསེང་ཞུས་ནས་གྱོད་དོན་བྱུང་ཡུལ་ལ་སྲུང་སྐྱོབ་དང་མགྱོགས་མྱུར་སྒོས་དངུལ་ཁང་དུ་སོང་ནས་དངུལ་གསོག་བྱང་བུར་བོར་ཐོ་འགོད་པའི་འགྲོ་ལུགས་སྒྲུབ་དགོས།

འཕྲོག་བཅོམ་སྔོན་འགོག་བྱེད་པ།

མཚན་གུང་དུ་ཁེར་བགྲོད་བྱེད་མི་རུང་།

མཐའ་འཁོབ་ཀྱི་གནས་སུ་མི་འགྲོ་བ།

ཆ་རྒྱུས་མེད་པའི་མི་སྣ་ལ་དོགས་ཟོན་བྱེད་པ།

མཚན་གུང་གླ་གཏོང་རླངས་འཁོར་ལ་འདུག་པར་མཉམ་འཇོག་བྱེད་པ།

ཁྱིམ་ཚང་གི་བདག་དབང་སྲུང་སྐྱོབ།

ཁྱིམ་ཚང་གི་བདག་དབང་ལ་དམིགས་བཙུགས་གཉེན་འབྲེལ་ཐོབ་ཐང་གིས་གཏན་ཁེལ་བྱས་པའི་གཉེན་སྒྲིག་ཕྱོགས་གཉིས་ཀ་དང་དེ་ལས་གཞན་པའི་ཁྱིམ་ཚང་གི་ཁོངས་མིས་ཁྲིམས་བསྟུན་ལོངས་སྤྱོད་བྱེད་པའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། དེ་མིན་དེ་ལས་བྱུང་བའི་ཁྲིམས་མཐུན་ཁེ་དབང་གི་སྤྱི་མིང་ཡིན། རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱིས་བཟའ་ཟླ་དང་ཕ་མ། བུ་ཕྲུག ཕ་མེས་དང་ཚ་བོ། སྤུན་ཟླ་ལྕམ་སྲིང་བཅས་ལ་ཁྱིམ་ཚང་གི་ཁེ་དབང་གཅིག་བསྡུས་བྱེད་པའི་མ་ལག་གི་གཏན་འབེབས་ཤིག་ཡིན།

ཕ་མ་དག་གིས་བུ་ཕྲུག་གཉོར་སྐྱོང་འོས་འགན་ལག་བསྟར་མི་བྱེད་པ་དེ་ཇི་ལྟར་ཐག་གཅོད་བྱེད་དགོས།

ཕ་མ་དག་གིས་བུ་ཕྲུག་གཉོར་སྐྱོང་འོས་འགན་ལག་བསྟར་མི་བྱེད་པའི་བྱ་སྤྱོད་གཙོ་བོའི་མཚོན་ཚུལ་ནི་གཤམ་གསལ་ལྟར། བུ་ཕྲུག་དང་མཉམ་དུ་འཚོ་བ་རོལ་བའི་ཕ་མ་གཉིས་ཀྱིས་བུ་ཕྲུག་དག་ལ་དགོས་ངེས་ཀྱི་བྱ་དངོས་དང་འཚོ་བའི་ཆ་རྐྱེན་མཁོ་སྤྲོད་མི་བྱེད་པ། བུ་ཕྲུག་ལ་རྒྱུན་ལྡན་གྱི་འཚོ་བ་འདོན་སྤྲོད་མི་བྱེད་པར་ནམ་རྒྱུན་གཅར་རྡུང་དང་ལྟོགས་སྐོམ་མྱངས་སུ་འཇུག་པ། ནད་ཕོགས་ན་ཡང་སྨན་པར་མི་སྟོན་པ། བཙན་ཤུགས་ཀྱིས་ངལ་རྩོལ་ཚད་ལས་བརྒལ་བ་ལས་སུ་འཇུག་པ། བུ་ཕྲུག་ལ་མནར་གཅོད་གཏོང་བ་དང་ཐ་ན་བུ་ཕྲུག་ཁྱིམ་ནས་འདོར་བ་སོགས་ཡིན། གཉེན་འཐོར་བྱས་རྗེས་བུ་ཕྲུག་དང་ལྷན་དུ་འཚོ་བ་རོལ་བཞིན་མེད་པའི་ཨ་ཕ་དང་ཨ་མ། ཡང་ན་གཉེན་སྒྲིག་མ་བྱས་པར་སྐྱེས་པའི་བུ་ཕྲུག་གི་ཕ་མ་གཉིས་ཀ་ལ་བུ་ཕྲུག་གཉོར་སྐྱོང་བྱེད་པ་དང་སློབ་གསོའི་གྲོན་དངུལ་གཏོང་བའི་ནུས་པ་ཡོད་ན་ཡང་འགན་འཁུར་དང་ལེན་མི་བྱེད་པ་བཅས་ཡིན།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཕ་མ་གཉིས་ཀྱིས་གཉོར་སྐྱོང་འོས་འགན་ལག་བསྟར་མི་བྱེད་པའི་སྐབས་སུ་ནར་མ་སོན་པ་དང་ཡང་ན་ཚུགས་ཐུབ་ཀྱི་འཚོ་བ་རོལ་མི་ཐུབ་པའི་བུ་ཕྲུག་དག་གིས་རང་གི་ཕ་མ་གཉིས་ཀར་གཉོར་སྐྱོང་རིན་དངུལ་སྤྲོད་པར་རེ་འདུན་ཞུ་བའི་ཁེ་དབང་ཡོད་ལ། དེ་ཡང་བར་འདུམ་དང་ཞུ་གཏུག་ལ་བརྟེན་ནས་ནར་མ་སོན་པའི་བྱིས་པ་དང་འཚོ་བར་རང་རྐྱ་མི་ཐུབ་པའི་བུ་ཕྲུག་གི་ཁེ་དབང་ལ་འགན་སྲུང་བྱེད་དགོས། གཉོར་སྐྱོང་འོས་འགན་དང་ལེན་མི་བྱེད་པར་ངན་སེམས་བཅངས་པ། ནར་མ་སོན་པའི་བྱིས་པ་དང་འཚོ་བ་ལ་རང་རྐྱ་མི་ཐུབ་པའི་བུ་ཕྲུག་དོར་འདོར་བྱས་པ་བཅས་ནི་ནག་ཉེས་སུ་གཏོགས་པས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁུར་དུ་འཇུག་དགོས།

གནས་ཚུལ་ཇི་ལྟ་བུ་ཞིག་གི་འོག་ཁྲིམས་ཁང་གིས་བྱིས་པ་ཕྱིར་བུད་མེད་ཀྱི་པང་དུ་ལོག་ནས་གཉོར་སྐྱོང་བྱེད་དུ་འཇུག་པའི་ཚད་ཅུང་ཆེ་བ་ཡིན་ནམ།

ལོ་འཁོར་གཉིས་ནང་གི་བུ་ཕྲུག་ནི་སྤྱིར་བཏང་དུ་ཨ་མར་འགྲོགས་ནས་འཚོ་བ་རོལ་དགོས། འདིས་གཙོ་བོ་བྱིས་པའི་ཁྱེའུ་ཡི་དུས་ལ་བསམ་བློ་བཏང་པ་ཡིན་ཞིང་། ཨ་མའི་ནུ་མ་བསྣུན་དགོས་པས་ཨ་མ་བྱིས་པ་དང་བར་ཐག་ཧ་ཅང་ཉེ་ཞིང་བདག་སྐྱོང་ཡང་བྱེད་ཐུབ།

བྱིས་པ་ལོ་གཉིས་ཀྱི་ཡན་ལ་བུད་པ་ན་སྐྱེས་མའི་ཕྱོགས་ཀྱིས་སྦྲུམ་འགོག་གཤག་བཅོས་བྱས་ཟིན་པ་དང་སྐྱེས་པས་གཤག་བཅོས་བྱས་མེད་ལ། དེའི་མི་ཚད་སྐྱེས་པའི་ལོ་ཚོད་དང་སྐྱེས་མའི་ལོ་ཚད་ལ་ཧེ་བག་ཆེན་པོ་མེད་ན། བྱིས་པ་སྐྱེས་མའི་ཕྱོགས་ལ་དབང་བའི་དགོས་གལ་རང་བཞིན་ཧ་ཅང་ཆེ།

བྱིས་པ་ཨ་མར་འགྲོགས་ནས་འཚོ་བ་རོལ་བ་དང་གལ་ཏེ་གཉེན་འཐོར་བྱུང་རྗེས་ཨ་མས་གཉོར་སྐྱོང་བྱེད་དགོས་ན། འཚོ་བའི་གོམས་གཤིས་ལ་བཅོས་སྒྱུར་ཆེན་པོ་ཐེབས་ནས་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ན། བྱིས་པ་སྐྱེས་མའི་ཕྱོགས་སུ་དབང་བའི་དགོས་གལ་རང་བཞིན་ཧ་ཅང་ཆེ།

ཕོ་མོ་ཕྱོགས་གཉིས་ཀའི་གཉོར་སྐྱོང་གི་ཆ་རྐྱེན་དང་བྱ་བའི་བརྟན་འཇགས་ཡོང་འབབ་ཀྱི་ཚད་གཞི། ཡོང་འབབ་ཀྱི་གནས་ཚུལ་ལ་ཧེ་བག་ཆེན་པོ་མེད་པ་བཅས་ཀྱི་སྔོན་འགྲོའི་འོག་གལ་ཏེ་སྐྱེས་པ་ལ་བཟའ་ཚང་གི་བརྩེ་དུང་ཐད་དུ་ནོར་འཁྲུལ་ཡོད་ཚེ། དཔེར་ན་སྐྱེས་པ་ལ་ཕྱི་རོལ་དུ་དགའ་རོགས་ཡོད་པ་སོགས་ཀྱི་བདེན་དཔང་ཡོད་ན། བྱིས་པ་ཨ་མར་དབང་བའི་དགོས་གལ་རང་བཞིན་ཧ་ཅང་ཆེ།

སྐྱེས་པའི་བྱ་སྤྱོད་མི་ལེགས་ཤིང་དཔེར་ན་རྒྱལ་འཇོག་པ་དང་ཆང་འཐུང་བ་སོགས་ཀྱི་གཏུམ་གཤིས་ཡོད་ན། བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པར་བསམ་བློ་བཏང་ནས་ཁྲིམས་ཁང་གིས་སྤྱིར་བཏང་དུ་བྱིས་པ་སྐྱེས་མའི་ཕྱོགས་ལ་དབང་བ་ཐག་གཅོད་བྱེད་ངེས།

གལ་ཏེ་ཕོ་མོ་ཕྱོགས་གཉིས་ཀར་ནོར་འཁྲུལ་མངོན་གསལ་ཅན་མེད་པ་དང་ཕྱོགས་གཉིས་ཀའི་ཆ་རྐྱེན་ཡང་ཚད་དང་ལྡན་ན། གལ་ཏེ་སྐྱེས་མའི་ཕྱོགས་ཀྱི་བསམ་བློའི་སྤུས་ཚད་ཅུང་ལེགས་ཤིང་བྱིས་པར་བདག་སྐྱོང་བྱེད་པའི་དུས་ཚོད་ཡང་ཡོད་ན། བྱིས་པ་གཉོར་སྐྱོང་བྱེད་པའི་བདག་དབང་འཐོབ་པའི་དགོས་གལ་རང་བཞིན་སྔར་ལས་ཆེ་ངེས།

ལོ་འཁོར་བཅུ་ལོན་པའི་བྱིས་པ་ཨ་མར་འགྲོགས་ནས་འཚོ་བ་རོལ་འདོད་ཚེ་ཨ་མར་འགྲོགས་ཆོག

དམིགས་གསལ་གྱི་གནས་ཚུལ་ཇི་ལྟ་བུ་ཞིག་གི་འོག་ཁྱོད་ལ་གཉེན་འཐོར་དང་ལེན་མི་བྱེད་པའི་ཁེ་དབང་ཡོད་དམ།

གཉེན་འཐོར་གནད་དོན་ཐད《གཉེན་སྒྲིག་བཅའ་ཁྲིམས》དང《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱིས་སྦྲུམ་མ་དག་ལ་དམིགས་གསལ་གྱི་བཅའ་ཁྲིམས་སྲུང་སྐྱོབ་གཏན་འབེབས་བྱས་ཡོད། སྐྱེས་མའི་ཕྱོགས་ཀྱིས་མངལ་ཆགས་པའི་དུས་ཡུན་ནང་ཕྲུ་གུ་མངལ་ལ་འཁོར་བའི་ལོ་གཅིག་གི་ནང་དང་ཕྲུ་གུ་སྐྱེ་རྗེས་ཀྱི་ཟླ་བ་དྲུག་གི་ནང་དུ་སྐྱེས་པའི་ཕྱོགས་ཀྱིས་གཉེན་འཐོར་རེ་འདུན་བཏོན་མི་ཆོག་ལ། འོན་ཀྱང་གལ་ཏེ་སྐྱེས་མའི་ཕྱོགས་ཀྱིས་གཉེན་འཐོར་རེ་འདུན་བཏོན་པ་ཡིན་ན་བསམ་བློ་བཏང་ཆོག

གཉེན་འཐོར་སྐབས་སུ་ནོར་འཁྲུལ་མེད་པའི་ཕྱོགས་ལ་གྱོང་གུད་སྐྱིན་ཚབས་སྤྲོད་དགོས་པའི་ཁེ་དབང་ཡོད་དམ།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། གཤམ་གསལ་གྱི་གནས་ཚུལ་གཅིག་གི་དབང་གིས་གཉེན་འཐོར་བྱུང་བ། (1)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ། (2)བཟའ་ཟླ་ཡོད་བཞིན་དུ་མི་གཞན་པ་དང་མཉམ་དུ་སྡོད་པ། (3)ཁྱིམ་ཚང་ནང་གཏུམ་སྤྱོད་སྤེལ་བ། (4)ཁྱིམ་མིར་མནར་གཅོད་དང་ཁྱིམ་མི་ཕྱིར་འཕུད་པ་སོགས་ཀྱི་ནོར་འཁྲུལ་མེད་ན་གྱོད་གུད་སྐྱིན་ཚབས་སྤྲོད་པའི་རེ་འདུན་འདོན་པའི་ཁེ་དབང་ཡོད།

སྐྱེས་པའི་ཕྱོགས་ལ“ལང་ཚོའི་དུས་ཟད་གྲོན་བཏང་བའི་སྐྱིན་ཚབས”སྤྲོད་པའི་རེ་འདུན་བཏོན་ཆོག་གམ།

འཚོ་བའི་ཁྲོད་དུ་ན་གཞོན་བུ་མོ་རེ་འགའ་ཕལ་ཆེར་གཤམ་གསལ་གྱི་གནས་ཚུལ་རིགས་གཉིས་ལ་འཕྲད་སྲིད། མ་གཞི་ཞིང་གྲོང་དུ་གཉེན་རྟགས་བརྒྱབ་ཟིན་མོད། འོན་ཀྱང་སྐྱེས་པའི་ཕྱོགས་ཀྱིས་གཉེན་ཕྱིར་སློག་བྱས་པའི་དབང་གིས་རང་ཉིད་ཀྱི་གཉེན་སྒྲིག་དོན་ཆེན་ལ་འགོར་འགྱངས་བྱས་པ། ཡང་ན་གཉེན་སྒྲིག་མ་བྱས་པར་མཉམ་འདུག་བྱེད་པའི་དགའ་རོགས་ཀྱིས་རང་ཉིད་ལ་འགལ་བའི་རེ་འདུན་བཏོན་པ། དེའི་རྐྱེན་གྱིས་ན་གཞོན་བུ་མོ་དག་གིས་སྐྱེས་པ་ལ་ཆད་པ་གཅོད་པའི་རེ་འདུན་དང་དེའི་མི་ཚད“ལང་ཚོའི་དུས་ལ་གནོད་འཚེ་བཟོས་པར”སྐྱིན་ཚབས་སྤྲོད་པའི་རེ་འདུན་ལ་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་མི་བྱེད་པ་རེད། རྒྱུ་རྐྱེན་ནི་དོན་རྐྱེན་སྔ་མའི་གཉེན་རྟགས་བརྒྱབ་པ་ཙམ་དེ་གཉེན་སྒྲིག་གི་དགོས་གལ་བརྒྱུད་རིམ་ཞིག་མིན་པས་བཅའ་ཁྲིམས་ཀྱི་བཀག་སྡོམ་ཅི་ཡང་མེད། རྗེས་མ་ནི་ཁྲིམས་མཐུན་གྱི་གཉེན་སྒྲིག་འབྲེལ་བ་མིན་པས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་མི་ཐུབ།

བདེན་དཔང་ནི་ཁྲིམས་བསྟུན་བདག་དབང་ཁྲོད་དུ་གལ་ཆེན་ཞིག་ཡིན་ནམ།

བདེན་དཔང་ནི་དོན་དངོས་ངོས་འཛིན་བྱེད་པའི་གཞི་འཛིན་ས་ཉག་གཅིག་ཡིན་ལ། ཁྲིམས་འཛིན་ལས་ཁུངས་དག་གིས་གྱོད་དོན་དེ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པའི་རྨང་གཞི་ཡང་ཡིན། དེའི་རྐྱེན་གྱིས་བདེན་དཔང་ནི་ཁྲིམས་བསྟུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཆེས་གནད་འགག་ཡང་ཡིན། དངོས་ཡོད་ཁྲོད་གནོད་འཚེ་ཐེབས་པའི་བུད་མེད་དག་གིས་གྱོད་དོན་བྱུང་བའི་སྐབས་དང་གྱོད་དོན་བྱུང་རྗེས་བདེན་དཔང་བསྡུ་རུབ་དང་གསོག་འཇོག་བྱེད་མི་ཤེས་པའི་རྐྱེན་གྱིས་བདེན་དཔང་མེད་པ་དང་གྱོད་དོན་དངོས་ལ་རྩད་གཅོད་བྱེད་དཀའ་བ་བཅས་ཀྱིས་སྐྱིན་ཚབས་འཐོབ་མི་ཐུབ། ཡང་ན་དོགས་ཡོད་ཉེས་ཅན་ཁྲིམས་ལ་སྦྱོར་མི་ཐུབ་པ་མ་ཟད། རང་གི་ཁེ་དབང་ལ་ཡང་སྲུང་སྐྱོབ་ཐོབ་མི་ཐུབ།

བུད་མེད་དག་ལ་གཉེན་འཐོར་ཞུ་གཏུག་ཁྲོད་ནོར་འཁྲུལ་གང་དག་བྱུང་སླ་ངེས།

གལ་ཏེ་གཉེན་འཐོར་མི་བྱེད་པ་རྒྱུན་འཁྱོངས་བྱས་པ་ན་ཁྲིམས་ཁང་གིས་གཉེན་འཐོར་ཐག་གཅོད་བྱེད་མི་ཆོག

མཉམ་འདུག་མ་བྱས་པར་ལོ་གཉིས་འགོར་བ་ན་རང་འགུལ་གྱིས་གཉེན་འཐོར་བྱས་ཆོག

སུ་ཞིག་གིས་སྔོན་ལ་གཉེན་འཐོར་བྱེད་རྒྱུའི་རེ་བ་བཏོན་ན་དེས་རྒྱུ་ནོར་ཐད་གྱོང་རེག་སྲིད།

གཉེན་འཐོར་གྱོད་དོན་ལ་སྒོར་མོ་མང་པོ་གཏོང་དགོས་པ།

ཁྲིམས་ཁང་གི་བར་འདུམ་ཐག་གཅོད་དུས་ཡུན་རིང་དྲགས་པས་སྒུག་མི་ཐུབ་པ།

གོང་གསལ་ངོས་འཛིན་འདི་དག་ནི་ནོར་འཁྲུལ་ཡིན་པས། བུད་མེད་དག་གིས་བུད་མེད་ལྷན་ཚོགས་དང་ཁྲིམས་འཛིན། ཁྲིམས་ཁང་སོགས་འབྲེལ་ཡོད་ལས་ཁུངས་དག་གི་མཛུབ་སྟོན་འོག་དུས་ལྟར་ཁྲིམས་བསྟུན་ཞུ་གཏུག་ཁེ་དབང་ལ་སྲུང་སྐྱོབ་བྱས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།