ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་གྱི་སྲིད་ཇུས་གལ་ཆེན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོར་སྲུང་ཁྲལ། སྦགས་བཙོག་དངོས་པོའི་ཕུད་གཏོང་ཚད་ལྟར་ཁྱད་པར་ཅན་གྱི་ཁྲལ་སྡུད་ལག་ཏུ་བསྟར་རྒྱུ་རེད།

2018ལོར་ཕྱིན་རྗེས། དཔལ་འབྱོར་སྤུས་ཀ་བཟང་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱེད་ཆེད། ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སྔར་ལས་མང་བའི་འབྲེལ་ཡོད་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་རེད། འོ་ན། ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་ལས་གང་དག་ཁྱོད་དང་འབྲེལ་བ་དམ་པོ་ཡོད་ཅེ་ན།

2018ལོའི་ཟླ་དང་པོའི་ཚེས1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་སྲུང་ཁྲལ་སྡུད་བཅའ་ཁྲིམས》དངོས་སུ་ལག་ཏུ་བསྟར་ནས། རང་རྒྱལ་གྱིས་ཁྲལ་རིགས་གསར་པ་ཞིག་སྟེ་ཁོར་སྲུང་ཁྲལ་སྡུད་བསུས་ཡོང་བས། སྦགས་བཙོག་ཕུད་པའི་དངུལ་སྡུད་པའི་མཇུག་དངོས་སུ་རྫོགས།

ཁོར་སྲུང་ཁྲལ་དེ་སུ་ལ་སྡུད་རྒྱུ་ཡིན་ཞེ་ན། ཁོར་སྲུང་ཁྲལ་སྡུད་བཅའ་ཁྲིམས་ནང་གསལ་པོར་བཏོན་པ་སྟེ། ཁོར་ཡུག་སྦགས་བཙོག་དངོས་པོ་ཕུད་གཏོང་བྱེད་པའི་ཁེ་དོན་ལས་སྡེ་ཚན་དང་ཐོན་སྐྱེད་ཚོང་གཉེར་པ་གཞན་དག་ལ་ཁོར་སྲུང་ཁྲལ་སྡུད་རྒྱུ་ཡིན་ཟེར། ཁོར་སྲུང་ཁྲལ་ཇི་ལྟར་བསྡུ་དགོས་ཤེ་ན། སྦགས་བཙོག་དངོས་པོའི་ཕུད་གཏོང་ཚད་ལྟར་ཁྱད་པར་ཅན་གྱི་ཁྲལ་སྡུད་ལག་ཏུ་བསྟར་རྒྱུ་སྟེ། ཕུད་གཏོང་མང་ན་ཁྲལ་སྡུད་མང་བ་དེ་རེད། ཁོར་སྲུང་ཁྲལ་དངུལ་གང་སར་འཇལ་དགོས་ཞེ་ན། ཚང་མ་ས་གནས་སུ་བརྩིས་ནས་བསྡུ་དགོས། ཤེས་གསལ་ལྟར་ན། མིག་སྔར་ས་གནས་མང་པོས་དོན་དངོས་དང་སྦྲེལ་ནས་ཁོར་སྲུང་ཁྲལ་སྡུད་ཚད་ལྟར་སྡུད་གྲངས་གཏན་འཁེལ་བྱས་ཡོད།

རིན་འཕར་ཁྲལ། དངུལ་ལོར་གཏོང་མཁན་གྱིས་ད་ལོ་ནས་བཟུང་ཁྲལ་སྡུད་མ་རྩ་ལ་འདང་རྒྱག་དགོས།

དངུལ་ཁང་དང་ཡིད་རྟོན་མངག་བཅོལ་ཀུང་ཟི། སྤྱི་སྤྱོད་ཞལ་འདེབས་བསྡུ་བའི་ཐེབས་རྩ་དོ་དམ་ཀུང་སི་དང་དེའི་ཡན་ལག་ཀུང་སི། དངུལ་འཛིན་ཀུང་སི་དང་དེའི་ཡན་ལག་ཀུང་སི་སོགས་ཀྱི་རྒྱུ་ནོར་དོ་དམ་ཐོན་རྫས་ཀྱིས་དོ་དམ་མི་སྣར་མཚོན་ན། 2018ལོ་ནས་བཟུང་ཁྲལ་སྡུད་མ་རྩའི་དོན་ལ་འདང་རྒྱག་དགོས།

2018ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། རྒྱུ་ནོར་དོ་དམ་ཐོན་རྫས་ཀྱི་དོ་དམ་མི་སྣས་རྒྱུ་ནོར་དོ་དམ་ཐོན་རྫས་ཀྱི་འཁོར་རྒྱུག་ལས་སྒོའི་ཕན་འབྲས་ལ་སྡུད་ཚད3%ལྟར་རིན་འཕར་ཁྲལ་བསྡུ་དགོས།

རླངས་འཁོར་ཉོ་བའི་ཁྲལ། རླངས་འཁོར་ཉོ་བའི་ཁྲལ་10%ལ་སླར་གསོ་བྱེད་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ལ་ད་དུང་ཁྲལ་བསྡུ་རྒྱུ་མིན།

2018ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། ཕུད་ཚད་ཧྲེང་1.6དང་དེའི་མན་གྱི་རླངས་འཁོར་ཉོས་ན། 2017ལོར་རླངས་འཁོར་ཉོ་བའི་ཁྲལ་ཚད7.5%ཉུང་འཕྲི་བྱས་པ་དེ10%ལ་སླར་གསོ་བྱས་ནས་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁྲལ་བསྡུ་དགོས། ཡིན་ཡང2018ལོའི་ཟླ་དང་པོའི་ཚེས1ཉིན་ནས2020ལོའི་ཟླ12པའི་ཚེས31ཉིན་གྱི་བར། རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བར་རླངས་འཁོར་ཉོ་བའི་ཁྲལ་བསྡུ་རྒྱུ་མིན།

སྒོ་ཁྲལ། ནང་འདྲེན་ཟས་རིགས་དང་ཁམས་གསོ་ཐོན་རྫས། སྨན་རྫས་སོགས་འཛད་སྤྱོད་དངོས་པོ་ཁ་ཤས་ཀྱི་ཁྲལ་ཚད་ཉུང་འཕྲི་མང་པོ་བྱས་པ།

2018ལོར། རང་རྒྱལ་གྱི་འཛད་སྤྱོད་དངོས་པོ་དང་རྒྱུ་ཆའི་ཐད་སྒོ་ཁྲལ་ལེགས་སྒྲིག་ཆེན་པོ་བྱེད་ངེས་རེད། ལེགས་སྒྲིག་བྱས་རྗེས་ཀྱི་ཁྲལ་སྡུད་སྒྲིག་སྲོལ་དང་དཔྱ་ཁྲལ་རྣམ་གྲངས་ཀྱི་སྤྱི་གྲངས་ནི8549ཡིན།

2017ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་། འཛད་སྤྱོད་ཐོན་རྫས་ཁ་ཤས་ཀྱི་ནང་འདྲེན་སྒོ་ཁྲལ་ཉུང་འཕྲི་བྱས་ཏེ། ཆ་སྙོམས་ཁྲལ་ཚད17.3%ནས7.7%དུ་བཏང་། 2018ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། ངར་ལྕགས་དང་གཡུ་རྡོ་སོགས་ཐོན་རྫས་ཀྱི་ཕྱི་གཏོང་སྒོ་ཁྲལ་མེད་པར་བཟོས་ཤིང་། རྒྱུ་གསུམ་མཉམ་འདུས་ལུད་དང་ལིན་ཐལ་རྡོ། སོལ་སྣུམ། ཤིང་ལེབ། ཀུའེ་ལྕགས། ངར་ལྕགས་ལུགས་མ་སོགས་ཐོན་རྫས་ཀྱི་ཕྱི་གཏོང་སྒོ་ཁྲལ་འོས་འཚམ་གྱིས་ཇེ་དམའ་རུ་བཏང་།

ཆུའི་ཐོན་ཁུངས་ཀྱི་ཁྲལ། ཁྲལ་སྡུད་ཚོད་ལྟའི་ཁྱབ་ཁོངས་ནང་པེ་ཅིན་སོགས་ས་གནས9གསར་དུ་བསྣན།

2017ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་། པེ་ཅིན་དང་ཐེན་ཅིན། ཧྲན་ཞི། ནང་སོག ཧོ་ནན། ཧྲན་ཏུང་། སི་ཁྲོན། ཉིང་ཞ། ཧྲའན་ཞི་བཅས་ཞིང་ཆེན་དང་ལྗོངས། གྲོང་ཁྱེར9རུ་ཆུའི་ཐོན་ཁུངས་ཀྱི་ཁྲལ་སྡུད་མགོ་བརྩམས། དེ་ལས2016ལོའི་ཟླ7པའི་ཚེས1ཉིན་ཧི་པེ་ཞིང་ཆེན་ནས་ཐོག་མར་ཚོད་ལྟ་བྱས་རྗེས། རང་རྒྱལ་གྱིས་ཐོན་ཁུངས་ཁྲལ་བཅོས་བསྒྱུར་ཐད་གནད་འགག་ཅན་གྱི་གོམ་པ་ཞིག་སྤོས་པ་མཚོན།

ས་གནས་ཀྱི་ཁྲལ། ཁྲལ་སྡུད་བཅའ་ཁྲིམས་ལམ་ལུགས་ཀྱི་སྒྲོམ་གཞི་མགྱོགས་པོར་འཐུས་ཚང་དུ་གཏོང་བ།

2017ལོའི་ཟླ12པའི་ཚེས27ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་དུ་ལོའི་ཁྲལ་ཁྲིམས་དང་གྲུ་གཟིངས་ཀྱི་ཁྲལ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བས། 2018ལོའི་ཟླ7པའི་ཚེས1ཉིན་ནས་ལག་ཏུ་བསྟར་རྒྱུ་རེད།

གནས་སྐབས་ཀྱི་སྲོལ་ཡིག་ནས་བཅའ་ཁྲིམས་སྟེང་དུ་བཞག་པའི་ཁྲལ་ཁྲིམས་འདི་གཉིས་ནི་རང་རྒྱལ་གྱིས་ཁྲལ་སྡུད་ཁྲིམས་གཅོད་རྩ་དོན་ཕྱོགས་ནས་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ལ། 2018ལོར་རང་རྒྱལ་གྱི་ཁྲལ་སྡུད་ཁྲིམས་གཅོད་འཕེལ་ཚད་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པའང་མཚོན། །

《གྲོགས་མཆོག་ཚགས་པར》ལྟར་བསྒྱུར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།