ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུ་ནོར་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དང་ཐོན་དངོས་བདག་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་སྐོར་གྱི་བསམ་འཆར། 〈 སྨད་ཆ།〉

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2016ལོའི་ཟླ11ཚེས4ཉིན)།

ཐོན་དབང་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་རྨང་རྡོ་ཡིན་པས་དེ་སྲུང་སྐྱོབ་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། རྒྱུ་ནོར་ཅན་ལ་བརྩོན་པ་ཆེ་ཞེས་པ་བཞིན་དུ་དཔལ་འབྱོར་གྲུབ་གཟུགས་ཀྱི་ཐོན་རྫས་བདག་དབང་འགན་ལེན་ནུས་ལྡན་དང་མངོན་འགྱུར་ཡོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཐོན་དབང་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་རང་རྒྱལ་གྱི་ཁོངས་གཏོགས་ཁ་གསལ་དང་། འགན་དབང་ཁ་གསལ་དང་། སྲུང་སྐྱོང་ནན་པོ་དང་འཁོར་རྒྱུག་ཐོགས་མེད་བཅས་དེང་རབས་ཀྱི་ཐོན་དབང་ལམ་ལུགས་དང་རྒྱུ་ནོར་བདག་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་སྒྲོམ་གཞི་གཞི་རྩའི་ཆགས་ཡོད་པ་དང་། སྤྱི་ཚོགས་ཡོངས་ཀྱི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

དུས་མཚུངས་སུ་རང་རྒྱལ་གྱི་བདག་དབང་སྲུང་སྐྱོབ་ལ་སྔར་བཞིན་མི་འདང་ས་ཆད་ལྷག་གི་སྐྱོན་ལྡན་ཏེ། དེ་ནི་རྒྱལ་དབང་ཐོན་དབང་གི་བདག་དབང་དང་ངོ་ཚབ་མཁན་བར་གྱི་འབྲེལ་བ་གསལ་བོ་མིན་པ། ནང་ཁུལ་ནས་མིར་ཚོད་འཛིན་བྱེད་པ། འབྲེལ་ཚོང་སོགས་རྐྱེན་གྱིས་དབང་གིས་རྒྱལ་དབང་རྒྱུ་ནོར་ཤོར་བ་ལ་སོགས་ཀྱི་གནད་དོན་ཡོད། གཞུང་དབང་བེད་སྤྱོད་དེ་སྒེར་དབང་རྒྱུ་ནོར་གནོད་འཚེ་དང་ཁྲིམས་འགལ་གྱིས་དམངས་གཉེར་ཁེ་ལས་རྒྱུ་ནོར་སྒོ་རྒྱ་ཐེལ་གནོན་དང་བཙན་ཉར་བསྡམས་བཅད་སོགས་ཀྱི་སྣང་ཚུལ་རྒྱུན་དུ་བྱུང་རྒྱུ་ཡོད་ལ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ནུས་ལྡན་མིན་པས་གནོད་འབྱུང་སླ་བ་བཅས་གནད་དོན་འདི་དག་ཐག་གཅོད་བྱེད་པར་ངེས་པར་དུ་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཇེ་མགྱོགས་བཏང་བ་དང་། ཁྲིམས་ལྟར་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་རྩ་འཛུགས་དང་སྤྱི་དམངས་ཀྱི་རྒྱུ་ནོར་བདག་དབང་ནུས་ལྡན་སྲུང་སྐྱོང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་རྒྱུ་ནོར་བདེ་འཇགས་ཚོར་སེམས་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ་སྔོན་དཔག་ཡག་པོ་ཆགས་དགོས། དཔལ་འབྱོར་གྲུབ་ཆ་གཙོ་བོ་སྣ་ཚོགས་ཀྱི་གསར་འབྱེད་གསར་གཏོད་ཀྱི་སྒུལ་ཤུགས་གསར་བ་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་འདྲ་མཉམ་གཞུང་དྲང་སྲུང་སྐྱོང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱ་དགོས། ད་ལྟ་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཁྲིམས་ལྟར་ཐོན་དངོས་བདག་དབང་སྲུང་སྐྱོང་བྱས་པར་གཤམ་གསལ་བསམ་འཆར་འདོན་དགོས།

སྤྱིའི་བླང་བྱ།

ཐོན་དངོས་བདག་དབང་སྲུང་སྐྱོང་ཤུགས་སྣོན་བྱེད་པའི་གཞི་རྩའི་ཐབས་ཇུས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་བ། དྲུག་པའི་དགོངས་དོན་ལ་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། “ཕྱོགས་ལྔ་གཞི་གཅིག” སྤྱིའི་བཀོད་སྒྲིག་ལ་ གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་རྒྱུ་དམ་པོར་དམིགས་ནས། “ཁྱོན་ཡོངས་བཞི” འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱ་དགོས། རིམ་བཞིན་འདོན་སྤྲོད་ལོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་སྟེ། དེང་རབས་ཀྱི་ཐོན་དབང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། ཐོན་དབང་སྲུང་སྐྱོང་བྱ་རྒྱུ་ཁྲིམས་ལུགས་ཅན་དུ་སྐུལ་འདེད་གཏོང་དགོས། ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ལ་འབྲེལ་བའི་ཕྱོགས་སོ་སོ་དང་གོ་རིམ་ཁག་ཐད་ཁྲིམས་སྐྱོང་འདུ་ཤེས་མཚོན་པ། དེའི་ཕྱིར་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས།

དྲུག ཐོན་དབང་དང་དཔལ་འབྱོར་རྩོད་གཞི་ཐག་གཅོད་བྱས་པའི་ཁྲིམས་འཛིན་གྱི་སྲིད་ཇུས་ནན་འཛིན་བྱ་དགོས།

སྤྱི་ལ་མི་དབང་པའི་དཔལ་འབྱོར་གྱི་ཁྱད་ཆོས་ལ་བསམ་བློ་གང་ལེགས་བཏང་ནས་དཔལ་འབྱོར་རྩོད་གཞི་དང་དཔལ་འབྱོར་ཉེས་གསོག་གི་དབྱེ་མཚམས་དང་། ཁེ་ལས་ཀྱི་ལུགས་མཐུན་གྱི་མ་དངུལ་དང་ཁྲིམས་མིན་གྱིས་མ་དངུལ་རུབ་བསྡུས་དབྱེ་མཚམས། དམངས་གཉེར་ཁེ་ལས་ཞུགས་པའི་རྒྱལ་དབང་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ཁྲོད་ཞུགས་པའི་འབྲེལ་ཡོད་དཔལ་འབྱོར་རྩོད་གཞི་དང་རྒྱལ་དབང་རྒྱུ་ནོར་ངན་སེམས་བཙན་བཟུང་བཅས་ཀྱི་དབྱེ་མཚམས་བཅས་གཟབ་ནན་སྒོས་གསལ་འབྱེད་བྱས་ཏེ། དཔལ་འབྱོར་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་ཆད་ཚད་གཞི་ངོས་འཛིན་ཡང་དག་བྱ་དགོས། དཔལ་འབྱོར་རྩོད་གཞི་དང་དཔལ་འབྱོར་གྱི་ཉེས་གསོག་གི་ངོ་བོ་ངོས་འཛིན་གསལ་བོར་བྱས་ནས་ཉེས་དོན་ཁྲིམས་འཛིན་དཔལ་འབྱོར་རྩོད་གཞི་ཁྲོད་ཞུགས་པར་སྔོན་འགོག་དང་། འདེམ་གསེས་རང་བཞིན་གྱི་ཁྲིམས་འཛིན་ལ་སྔོན་འགོག་བྱ་དགོས།

བཅའ་ཁྲིམས་ཀྱི་དབྱེ་མཚམས་གསལ་བོ་མིན་པ་དང་། བྱས་ཉེས་དང་ཉེས་པ་མིན་པ་གསལ་པོ་མེད་པ། ཁྲིམས་འཛིན་ལས་ཁུངས་ཀྱིས་བྱས་ཉེས་ཉེས་ཁྲིམས་གཏན་འཁེལ་དང་། དོགས་ཡོད་གྱོན་གཞི་མེད་པ། ནག་ཉེས་ཡོད་མེད་གང་ཡིན་གྱི་དུས་ཚད་རིགས་འདེད་གཏན་འགོག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱ་དགོས། དཔལ་འབྱོར་རྩོད་གཞི་དེ་བྱས་ཉེས་ལྟར་ཐག་གཅོད་པ་སྔོན་འགོག་བྱ་དགོས། ཏང་སྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོ་ལ་ཐེ་ཇུས་བྱེད་པ་དང་། ཁྲིམས་འཛིན་རྩོད་གཞི་ཁྲོད་ཞུགས་པ། གྱོད་གཞིའི་ཐག་བཅད་ཞིབ་ཕྲར་ཐེ་གཏོགས་བྱེད་པ་གཏན་འགོག་བྱ་དགོས།

དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་དང་། གཉེར་སྐྱོང་། དངུལ་རྩའི་བྱེད་སྒོའི་ནང་དཔལ་འབྱོར་གྱི་བྱ་སྤྱོད་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གསལ་པོར་བཀག་སྡོམ་ལས་གཞན། ཁྲིམས་འགལ་ཉེས་བསགས་པ་ལྟར་མི་འཛིན་དགོས། བྱས་ཉེས་ལ་འབྲེལ་བའི་དམངས་གཉེར་ཁེ་ལས་མ་འཇོག་མཁན་གྱིས་དོ་བདག་ཁྲིམས་ཆད་འཁུར་རིང་ཁྲིམས་ལྟར་རྒྱུ་ནོར་གྱི་ཁེ་དབང་སྤྱོད་པ་སོགས་གྱི་དམངས་དོན་དབང་ཆ་འགན་སྲུང་བྱ་དགོས།།

བདུན། སྲིད་གཞུང་གི་ཁ་དན་ཚིག་གནས་དང་ཁས་ལེན་ལག་བསྟར་སྒྲིག་སྲོལ་ལ་འཐུས་ཚང་དུ་གཏོང་དགོས།

ཁྲིམས་སྐྱོང་སྲིད་གཞུང་དང་སྲིད་དོན་ཡིད་རྟོན་ཤུགས་ཆེའི་ངང་འཛུགས་སྤེལ་དང་། ས་གནས་རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་དང་སྲིད་འཛིན་གྱི་བལྟོས་བཅས་ཀྱི་མིས་ཁྲིམས་ལྟར་སྲིད་ཇུས་ཁས་ལེན་ནན་ཏན་བསྒྲུབ་དགོས། ནན་ཏན་གྱི་ཚོང་འགུག་དངུལ་འདྲེན་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་བྱེད་སྒོའི་ཁྲོད་མ་འཇོག་གཙོ་བོར་ཁྲིམས་ལྟར་གན་རྒྱ་སྣ་ཚོགས་འཇོག་དགོས། སྲིད་གཞུང་སྐབས་བརྗེ་དང་འགོ་ཁྲིད་མི་སྣར་བརྗེ་རེས་བྱེད་པ་སོགས་རྒྱུ་མཚན་བྱས་ནས་ཁ་ཆད་དང་འགལ་བའི་ཆིངས་ཡིག་མེད་པར་གཏོང་མི་ཆོག ཁ་ཆད་དང་འགལ་བའི་དབང་གིས་ཆིངས་ཡིག་ཁྲིམས་མཐུན་མིན་པའི་བཙན་གནོད་བྱེད་མཁན་གྱི་བཅའ་ཁྲིམས་དང་དཔལ་འབྱོར་འགན་འཁྲི་ཁུར་དགོས།

རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་པའི་ཁེ་ཕན་འམ་ཁྲིམས་བཀོད་གཞན་པའི་དབང་གིས་སྲིད་གཞུང་གིས་ཁས་ལེན་དང་གན་རྒྱའི་ཁ་ཆད་རིགས་བསྒྱུར་དགོས་དུས། ཁྲིམས་བཅད་ཀྱི་དབང་ཚད་དང་གོ་རིམ་ལྟར་ནན་མོས་སྒྲུབ་དགོས་པ་མ་ཟད། ཁེ་ལས་དང་མ་འཇོག་མཁན་ལ་ རྐྱེན་དེས་རྒྱུ་ནོར་གྱོང་གུན་ཐེབས་པར་ཁྲིམས་ལྟར་གུན་གསབ་བྱེད་དགོས།

སྲིད་གཞུང་གི་ཁ་ཆད་དང་འགལ་བའི་སོགས་རྐྱེན་གྱིས་ཁེ་ལས་དང་སྤྱི་དམངས་ཀྱི་བདག་དབང་ལ་གནོད་འཚེ་ཐེབས་སོགས་ཀྱི་གནས་ཚུལ་ལ་སྐྱིན་ཚབ་དང་། ཞུ་གཏུག རྒུད་སྐྱོབ་བྱེད་པའི་སྒྲིག་སྲོལ་བཅས་སྔར་བས་འཐུས་ཚང་དུ་བཏང་ནས། ཞུ་གཏུག་དང་རྒུད་སྐྱོབ་བྱེད་ཐབས་ཡངས་པོར་བཏང་ནས། སྲིད་དོན་ལག་ལེན་དང་ཚིག་སྲུང་ཞབས་ཞུ་དེ་སྲིད་གཞུང་དང་ལས་ཆོད་གདེང་འཇོག་མ་ལག་ཐད་འཇུག་དགོས། སྲིད་དོན་དམ་བཅའ་ཤོར་བའི་ཟིན་ཐོ་འཛུགས་པ་དང་། སྲིད་གཞུང་གིས་དན་ཚིག་ཤོར་བའི་འགན་འཁྲི་བདའ་འདེད་ལམ་ལུགས་དང་འགན་འཁྲི་ལྡོག་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྲིད་དོན་དན་ཚིག་ཤོར་བའི་བྱ་སྤྱོད་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས།

བརྒྱད། རྒྱུ་ནོར་བསྡུ་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས །

ས་ཞིང་དང་ཁང་པ་སོགས་རྒྱུ་ནོར་བསྡུ་སྤྱོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས་བསྡུ་སྒྲིག་སྤྱོད་འཐུས་ཀྱི་སྤྱི་པའི་ཁེ་ཕན་གྱི་ཁྱབ་ཁོངས་ལུགས་མཐུན་གྱིས་དབྱེ་འབྱེད་བྱེད་དགོས། ཚད་ལྡན་བསྡུ་སྤྱོད་ཁྲིམས་བཅད་དབང་ཚད་དང་ལས་རིམ་ཞིབ་ཕྲ་གཏོང་དགོས། དུས་ཐོག་ཏུ་ལུགས་མཐུན་ཁ་གསབ་བྱེད་པའི་རྩ་དོན་བརྩི་སྲུང་བྱས་ནས་རྒྱལ་ཁབ་ཀྱི་སྐྱིན་གསབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཁ་གསབ་ཀྱི་ཁྱབ་ཁོངས་དང་རྣམ་པ་དང་ཚད་གཞི་སྔར་བས་ཁ་གསལ་བྱས་ཏེ་བསྡུ་སྤྱོད་བྱེད་མཁན་ལུགས་མཐུན་དྲང་གཞག་གིས་ཁ་གསབ་བྱ་དགོས།

དགུ ཤེས་བྱའི་ཐོན་དབང་སྲུང་ཤུགས་ཆེ་རུ་གཏོང་བ།

ཤེས་བྱའི་ཐོན་དབང་ལ་བཙན་གནོད་གཏོང་བར་ཁྲིམས་གཅོད་ཀྱི་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལ་བཙན་གནོད་ཁྲིམས་བཀོད་སྐྱིན་ཚབ་ཚད་གཞི་ཇེ་མཐོར་བཏང་ནས་ཆེད་ཁེའི་བདག་དབང་དང་། རྩོམ་གྱི་བདག་དབང་སོགས་ཀྱི་ཤེས་བྱའི་ཐོན་དབང་ལ་བཙན་གནོད་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་སྤྲོད་ལམ་ལུགས་འཚོལ་ཞིབ་དང་འཛུགས་དགོས། ཉེས་ཚབས་ཆེ་བའི་ངན་སེམས་དབང་གནོད་བྱ་སྤྱོད་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་སྤྲོད་དགོས་པ་མ་ཟད་གནོད་འཚེ་གཏོང་མཁན་དེས་ཁེ་དབང་མིས་བཙན་གནོད་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་ཐད་ལུགས་མཐུན་གྱིས་འགྲོ་གྲོན་སྤྲོད་དགོས། ཤེས་བྱའི་ཐོན་དབང་ལ་བཙན་གནོད་བཏང་བའི་མ་གནས་ཇེ་མཐོར་གཏོང་དགོས།

ཐོན་རྫས་རྫུན་མའི་འབྱུང་ཁུངས་ཀྱི་སྒོ་ནས་ཆ་འཕྲིན་འཚོལ་སྡུད་བྱས་པའི་ལས་ཀའི་ལམ་སྲོལ་བཙུགས་ནས།བསམ་བཞིན་དུ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་གནས་ཚུལ་དེ་ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་ཟིན་ཐོར་ཁྲོད་བཅུག་ནས། སྔར་ལས་ལྷག་པ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་སྲིད་འཛིན་ཆད་གཅོད་གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་སྐུལ་འདེད་བཏང་ ། ཤེས་བྱའི་ཐོན་དབང་གི་འདྲི་གཅོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དང་། ཧུར་ཐག་སྒོས་ཤེས་བྱའི་ཐོན་དབང་ཁྲིམས་ཁང་ནུས་པ་འདོན་སྤེལ་བྱས་ནས་ཤེས་བྱའི་ཐོན་དབང་གི་དམངས་དོན་དང་ཉེས་དོན། སྲིད་འཛིན་གྱོད་དོན་འདྲི་གཅོད“འདྲི་གཅོད་གསུམ་གཅིག་གྱུར” སྐུལ་འདེད་བཏང་། ཤེས་ཡོན་ཐོན་དབང་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བའི་ཤེས་བྱའི་ཐོན་དབང་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཤེས་བྱའི་ཐོན་དབང་ཁྲིམས་འཛིན་ལམ་སྲོལ་ལ་ཕྱི་ཕྱོགས་དང་འབྲེལ་བའི་འཐུས་ཚང་དུ་གཏོང་བ་དང་། ཉེས་དོན་ཁྲིམས་འཛིན་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱི་འབྲེལ་གྱི་ཤེས་བྱའི་ཐོན་དབང་ཉེས་གསོག་གྱོད་གཞི་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་ལེགས་པའི་འགྲན་རྩོད་བྱ་སྤྱོད་རྡུང་རྡེག་ཚ་ནན་བྱས་ནས་ཚོང་རྟགས་མཚན་སྙན་སྲུང་སྐྱོང་ཤུགས་སྣོན་བྱ་རྒྱུ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་བེད་སྤྱོད་ཟུང་འབྲེལ་བྱས་ཏེ། སྒྲིག་སྲོལ་དང་སྟེགས་བུ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཤེས་བྱའི་ཐོན་དབང་སྤོ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས།

བཅུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ལམ་ལུགས་ཁག་འཐུས་ཚང་དང་ཇེ་མང་དུ་གཏོང་དགོས།

སྡོད་ཁང་འཛུགས་སྐྲུན་གྱི་ས་ཞིང་སོགས་ས་ཞིང་བཀོལ་སྤྱོད་དབང་ཆའི་དུས་ཚད་ཐོན་རྗེས་དུས་རྗེས་མའི་བཅའ་ཁྲིམས་བཀོད་སྒྲིག་ལ་ཞིབ་འཇུག་དང་། སྤྱི་ཚོགས་ཡོངས་ཀྱིས་སྤྱི་དམངས་རྒྱུ་ནོར་ཡུན་སྲུང་དང་བརྟན་ལྷིང་སྔོན་དཔག་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ཁེ་ལས་རང་ལ་དབང་བའི་ལམ་ལུགས་མཉམ་བསྲེས་བསྒྱུར་བཅོས་ཁྲོད་འབྲེལ་ཡོད་གཏན་འབེབས་ལྟར་རང་ལ་དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་ཆ་རྐྱེན་ལྡན་པའི་ཁེ་ལས་ཀྱི་ལས་བཟོ་པས་མ་རྐང་འཛིན་རྒྱུ་རྒྱབ་སྐྱོར་བྱས་ཏེ། མ་རྐང་འདྲ་བོར་དབང་ཆ་ཡང་འདྲ་བ་དང་།མ་རྐང་འདྲ་བ་ལ་ཁེ་ཕན་འདྲ་བ་བྱས་ནས་མ་རྐང་ཆེན་པོས་གོ་གནས་ཀྱི་དགེ་མཚན་ལ་བརྟེན་ནས་མ་རྐང་ཆུང་བའི་ཁེ་དབང་ལ་གནོད་སྐྱེལ་མི་ཐུབ་པ་དང་། ལས་བཟོ་པའི་ཁེ་ཕན་དང་ཁེ་ལས་ཀྱི་ཁེ་ཕན། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་ལ་སྐུལ་མ་གཏོང་བའི་ཕན་ཚུན་གྱི་ནང་རྐྱེན་འཛུགས་དགོས།

དངུལ་རྩའི་བསྒྱུར་བཅོས་ཟབ་ཏུ་སྤེལ་ཏེ། དངུལ་རྩ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། དངོས་གཉེར་དཔལ་འབྱོར་ སྔར་ལས་མང་བོ་གོང་དུ་སྤེལ་བར་བསྔགས་སྐུལ་དང་། དམངས་ཚོགས་ཀྱིས་འཕར་ཐང་གི་ཁེ་བཟང་ལྡན་པའི་དངུལ་རྩའི་ཐོན་རྫས་མཉམ་སྤྱོད་བྱེད་དུ་བཅུག་ནས་མང་ཚོགས་ཀྱི་མ་དངུལ་འཇོག་པའི་ཐབས་ལམ་ཇེ་མང་དུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་བཅོས་བསྒྱུར་ལམ་ལུགས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་བསྒྱུར་བ་དང་། རྨོ་ཞིང་གི་ཚད་ཐིག་ལས་མི་བརྒལ་བ། འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་མི་ཉམས་པ། ཞིང་བའི་ཁེ་ཕན་ལ་གནོད་མི་ཐེབས་པའི་ཚད་ཐིག་རྒྱུན་འཁྱོངས་བྱེད་དགོས། དོན་དངོས་གཞིར་བཟུང་ནས། ཡུལ་བབ་དང་བསྟུན་པའི་འགན་གཙང་ལེན་གྱི་ཞིང་ས་དང་། ཁང་ས། ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་ཞིང་བཅས་བེད་སྤྱོད་ཁེ་གཉེར་་གྱི་དབང་ཆ་ལག་བསྟར་བྱེད་པ་དང་། ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་མང་པོ་སྤྲད་དེ་ཞིང་པའི་རྒྱུ་ནོར་ཡོང་འབབ་མང་དུ་གཏོང་དགོས།

བཅུ་གཅིག སྤྱི་ཚོགས་ཡོངས་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་ཐོན་དབང་སྲུང་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

ཏང་དང་རྒྱལ་ཁབ་ཀྱི་འདྲ་མཉམ་སྲུང་སྐྱོང་གི་རང་ལ་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་གི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་འདྲ་མཉམ་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྲུང་སྐྱོང་། ཁྲིམས་ལྟར་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་མི་སེམས་འཇོག་དགོས། འདྲ་མཉམ་དང་། དྲང་གཞག ཕྱི་གསལ་ནང་གསལ། བརྟན་ལྷིང་ཁྲིམས་སྐྱོང་བཅས་ཀྱི་ཁོར་ཡུག་སྐྲུན་ནས་དེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་དར་སྤེལ་བྱེད་པ། ཐོན་དབང་སྲུང་སྐྱོང་། ཁེ་ལས་པའི་སྙིང་སྟོབས་སོགས་དར་སྤེལ་གཏོང་བའི་ཐད་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱ་དགོས། ཁྲིམས་ལྟར་སྲུང་སྐྱོང་ནུས་ལྡན་གྱི་ཐོན་དབང་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་བཟང་པོ་དང་། ཉམས་མྱོང་བཟང་པོ། དཔེ་གཞི་བཟང་པོ་ཁག་གཅིག་ཕྱོགས་སྡོམ་དང་དྲིལ་བསྒྲགས་ནས་ཐོན་དབང་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།

བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་དང་། ཁྲིམས་འཛིན་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོན་དབང་ལ་གནོད་འཚེ་ཐེབས་སྐབས་དུས་ལྟར་བཅའ་ཁྲིམས་རོགས་སྐྱོར་ཐོབ་དགོས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་སྲུང་སྐྱོབ་བྱེད་པའི་སྤྱི་ལ་མི་དབང་པའི་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་སྲུང་སྐྱོང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐད་ཀྱི་ཕན་ནུས་འདོན་སྤེལ་བྱས་ནས་ཐོན་དབང་གི་རྩོད་གཞི་དང་འབྲེལ་བའི་ཁེ་ལས་འབྲིང་ཆུང་གི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་འཛུགས་དགོས། འདུམ་འགྲིག་དང་།འདུམ་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཐོན་དབང་གི་རྩོད་གཞི་སྣ་མང་ཅན་དུ་སེལ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས།

ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཐོན་དབང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ཐོན་དབང་གི་གལ་ཆེ་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།བསམ་བློ་གཅིག་གྱུར་དང་ངོས་འཛིན་མཉམ་འབྲེལ་བྱས་ཏེ། ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་དགོས། ས་ཁུལ་ཁག་གིས་ཏང་ཨུ་བཙུགས་ནས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ཁྲིམས་འཛིན་ལས་ཁུངས་བཅས་མཉམ་དུ་ཞུགས་པའི་ཐོན་དབང་སྲུང་སྐྱོབ་མཐུན་སྦྱོར་གྱི་ལས་ཀའི་སྒྲིག་སྲོལ་ལ་སྣེ་ཁྲིད་དགོས། ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་བྱ་དགོས།

འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཁག་གིས་བསམ་འཆར་དེ་བླང་བྱ་ལྟར། ལག་བསྟར་ཇུས་གཞི་ཞིབ་ཕྲ་གཏན་འབེབས་བྱས་ཏེ། རྨང་གཞི་རང་བཞིན་དང་། མཚོན་བྱེད་རང་བཞིན། འགག་རྩ་རང་བཞིན་བཅས་ལྡན་པའི་ལས་དོན་ནས་བརྩམས་ཏེ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཡོང་བར་འགན་ལེན་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།