ཀྲུང་གོ་བོད་ཀྱི་དྲ་བ།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག(གཉིས)

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསུམ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་ཀྱི་གང་གསུང་དེ་སྒྲུབ་འགན་ལེན་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་དམིགས་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་ཏང་ཡོན་མི་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བཅས་མཐའ་གཅིག་ཏུ་ཞུ་བའི་སྲོག་ཤིང་ནི་ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་ཞུ་རྒྱུ་དེ་ཡིན།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་གཅིག་དང་སྲིད་ཏང་གཅིག་གི་འགོ་ཁྲིད་སྲོག་ཤིང་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚང་མས་ཏང་ཀྲུང་དབྱང་ལ་ལྟ་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་ལྟ་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ལྟ་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་གྲོས་འགོ་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་བཀག་རྒྱར་སྲུང་བརྩི་མཐའ་གཅིག་ཏུ་ཞུ་བ་བཅས་བྱེད་དགོས།

ཏང་ཡོངས་དང་རྒྱལ་ཡོངས་རང་བཞིན་དང་འབྲེལ་བ་ཡོད་པའི་མཛད་ཕྱོགས་དང་སྲིད་ཇུས་ཀྱི་གནད་དོན་གལ་ཆེན་ཏང་ཀྲུང་དབྱང་ཁོ་ནར་ཐག་གཅོད་དང་འགྲེལ་བཤད་རྒྱག་དབང་ཡོད། སྡེ་ཚན་ཁག་དང་ས་གནས་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་ལ་གྲོས་འགོ་བཏོན་ཆོག འོན་ཀྱང་རང་དགར་ཐག་གཅོད་དང་ཕྱི་ཕྱོགས་སུ་འདོད་ཚུལ་གླེང་མི་ཆོག ཏང་ཀྲུང་དབྱང་གིས་བཏོན་པའི་གྲོས་ཆོད་དང་གཏན་འཁེལ་བྱས་པའི་སྲིད་ཇུས་ལ་བསམ་འཆར་མི་འདྲྲ་བ་ཡོད་ན། མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུའི་སྔོན་འགྲོའི་འོག ཏང་རྩ་འཛུགས་ལ་སོར་འཇོག་བསམ་འཆར་བཏོན་ཆོག་ལ། གོ་རིམ་ལྟར་རང་ཉིད་ཀྱི་བསམ་འཆར་ཏང་གི་གོང་རིམ་རྩ་འཛུགས་དང་ཐ་ན་ཏང་ཀྲུང་དབྱང་ལ་བཏོན་ཆོག་གི་ཡོད།

ཏང་ཡོངས་ཀྱིས་ངེས་པར་དུ་རང་འགུལ་ངང་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་ལེན་ཞུ་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག མི་དམངས་དམག་དཔུང་། མི་དམངས་ཚོགས་པ་ཁག ས་གནས་ཁག ཁེ་ལས་དང་བྱ་གཞག་ཚན་པ་ཁག སྤྱི་ཚོགས་རྩ་འཛུགས་བཅས་དང་དེ་བཞིན་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་བྱེད་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་གནད་དོན་གལ་ཆེན་གྱི་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག མི་དམངས་ཚོགས་པ་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་དང་དེ་བཞིན་ཏང་རྩ་འཛུགས་ཀྱིས་དུས་བཀག་བཞིན་ཏང་ཀྲུང་དབྱང་ལ་ལས་དོན་སྙན་སེང་ཞུ་དགོས། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པའམ་ཡང་ན་གཏན་འབེབས་གལ་ཆེན་བྱེད་སྐབས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་ཞུ་འབུལ་བ་དང་ཏང་ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་ལག་བསྟར་བྱེད་སྐབས་ཆེད་དོན་སྙན་སེང་ཞུ་དགོས། ཐོལ་བྱུང་རང་བཞིན་གྱི་གནད་དོན་གལ་ཆེན་དང་ལས་ཀའི་ཁྲོད་གནད་དོན་གལ་ཆེན་འཕྲད་ཚེ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་དགོས་པ་དང་གནས་ཚུལ་ཛ་དྲག་པོ་ཡོད་སྐབས་ངེས་པར་དུ་སྐབས་བསྟུན་ཐག་གཅོད་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་པ་དང་འབྲེལ་གང་མགྱོགས་སྙན་སེང་ཞུ་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ལས་དོན་སྤེལ་བ་དང་རིམ་པ་གཅིག་པའི་རྩ་འཛུགས་ཁྲོད་ཀྱི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རིམ་པ་གཅིག་པའི་ཏང་ཨུད་ཀྱི་འགོ་ཁྲིད་དང་ལེན་བྱས་ནས་རིམ་པ་གཅིག་པའི་ཏང་ཨུད་ལ་འགན་འཁུར་དགོས་པ་དང་གནད་དོན་གལ་ཆེན་དང་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་རིམ་པ་གཅིག་པའི་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གནས་རིང་ལུགས་བཅས་རང་རྟོགས་ངང་བཀག་འགོག་དང་ངོ་རྒོལ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ཏང་རྩ་འཛུགས་དང་ཏང་ཡོན་གང་རུང་གིས་ཀྱང་བློ་དང་མཐུན་པ་ལག་བསྟར་བྱེད་པ་དང་བློ་དང་མི་མཐུན་པ་ལག་བསྟར་མི་བྱེད་པ་བྱེད་མི་ཆོག་པ་དང་། སྔོན་སྒྲུབ་རྗེས་ཞུ་བྱེད་མི་ཆོག་ལ་ཁ་ཞེ་མི་མཐུན་པ་དང་ངོ་ལྐོག་གཡོ་ལྷད་དེ་བས་བྱེད་མི་ཆོག སྡེ་ཚན་དང་ས་གནས་ཀྱི་འགན་དབང་ཁྱབ་ཁོངས་ནང་ཚུད་པའི་ལས་དོན་བཀོད་སྒྲིག་བྱེད་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱེད་དགོས། ཡིན་ནའང་རང་འདོད་བཞིན་བྱེད་པ་དང་རང་ཐག་རང་གཅོད་གཏན་ནས་བྱེད་མི་ཆོག བཀའ་ཡོད་ཀྱང་མི་སྒྲུབ་པ་དང་བཀག་འགོག་ལ་མི་ཉན་པ་གཏན་ནས་བྱེད་མི་ཆོག་ལ་གོང་ལ་སྲིད་ཇུས་ཡོད་ན་འོག་ལ་གཡོལ་ཐབས་ཡོད་པ་དེ་བས་བྱེད་མི་ཆོག

བཞི། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་དགོས།

སྒྲིག་ཁྲིམས་ནན་པོ་ནི་ཏང་ཡོངས་བསམ་འདུན་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་མཐུན་བཅས་ཀྱི་སྒོ་ནས་མདུན་སྐྱོད་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་སྒྲིག་ཁྲིམས་སྔོན་དུ་བཞག་ནས་ཤིན་ཏུ་ནན་པའི་སྒྲིག་ཁྲིམས་ཐོག་ནས་ཏང་ནན་སྐྱོང་བྱེད་དགོས།

སྒྲིག་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་དང་། སྒྲིག་ཁྲིམས་བསྲུང་རྒྱུར་དམིགས་བསལ་དབང་ཆ་མེད་པ། སྒྲིག་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱས་ནས་ཏང་ནང་ཁུལ་དུ་སྒྲིག་ཁྲིམས་ཀྱི་ཚོད་འཛིན་མེད་པའི་དམིགས་བསལ་གྱི་རྩ་འཛུགས་དང་དམིགས་བསལ་གྱི་ཏང་ཡོན་གནས་མི་ཆོག ཏང་ཡོན་མི་རེ་ངོ་རེས་ཏང་གི་སྒྲིག་ཁྲིམས་ལ་གུས་སྐྲག་བྱེད་དགོས་པ་དང་། དུས་གང་ཞིག་དང་གནས་ཚུལ་གང་རུང་འོག་ཏང་གི་སྒྲིག་ཁྲིམས་ལས་འགལ་མི་རུང་། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཏང་གི་ཆེས་རྩ་བ་དང་ཆེས་གལ་ཆེན་གྱི་སྒྲིག་ཁྲིམས་ཤིག་ཡིན་པ་དང་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་ནི་ཏང་གི་སྒྲིག་ཁྲིམས་ཚང་མ་སྲུང་བའི་རྨང་གཞི་ཡིན། དེར་བརྟེན་ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་ངེས་པར་དུ་སྲུང་བརྩི་ཞུ་དགོས། ཏང་ཡོན་གྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལས་འགལ་བའི་དཔྱད་གཏམ་སྤེལ་མི་ཆོག་པ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་དང་རྒྱབ་འགལ་གྱི་དཔྱད་གཏམ་ཡོངས་བསྒྲགས་ངང་ཁྱབ་སྤེལ་བྱེད་མི་ཆོག ཏང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མི་ཆོག ཁྲིམས་དང་མི་མཐུན་པའི་རྩ་འཛུགས་དང་བྱེད་སྒོར་ཞུགས་མི་ཆོག ཆབ་སྲིད་ཀྱི་དཀྲོག་གཏམ་བཟོ་བ་དང་བརྒྱུད་སྤེལ་བྱེད་མི་ཆོག་པ་དང་ཏང་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་གནོད་པའི་དཔྱད་གཏམ་སྤེལ་མི་ཆོག ཏང་ཡོན་གྱིས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་མི་ཆོག་པ་དང་། ཆོས་ལུགས་ལ་དད་པ་བྱེད་མི་ཆོག ཆོས་ལོག་ནང་ཞུགས་མི་ཆོག ཆོས་ལུགས་ཐལ་སྐྱོད་ཕྱོགས་གཏོགས་དང་། མི་རིགས་ཁ་ཕྲལ་ཕྱོགས་གཏོགས། གཏུམ་སྤྱོད་འཇིགས་སྐུལ་ཕྱོགས་གཏོགས་བཅས་དང་དེ་བཞིན་བྱེད་སྒོ་གཞན་དག་རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་མི་ཆོག

ཏང་ཡོན་དང་། ལས་བྱེད་པ། ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་ནང་ཁུལ་དུ་ཚོ་ཆུང་སྒྲིག་པ་དང་། ཚོགས་ཆུང་སྒྲིག་པ། ཁྱུ་ཆུང་སྒྲིག་པ་བཅས་བྱེད་མི་ཆོག་པ་དང་། ཏང་ནང་ཁུལ་དུ་མི་སྒེར་གྱི་འབྲེལ་བ་འཛུགས་པ་དང་། མི་སྒེར་གྱི་སྟོབས་ཤུགས་སྐྱེད་སྲིང་བྱེད་པ། ཁེ་ཕན་གྱི་ཚོགས་པ་སྒྲིག་པ་བཅས་གཏན་འགོག་ནན་པོ་བྱེད་དགོས། གོ་བདེ་དྲན་འཕྲུལ་དང་། ངན་པ་ཤོག་སྒྲིག ཁྱུ་ཤོག་སྒྲིག་པ་བཅས་བྱེད་མཁན་ལ་དོགས་ཟོན་ནན་པོ་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་བཞིན་ཐག་གཅོད་ནན་པོ་བྱེད་དགོས། འདོད་རྔམ་ཅན་དང་ལྐོག་གཤོམ་པས་ཏང་དང་རྒྱལ་ཁབ་ཀྱི་དབང་ཆ་ཧམ་བཟུང་བྱ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་ཏང་ལ་ལྷག་བསམ་གཞུང་དྲང་དང་། གཡོ་ལྷད་མེད་པ། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ། ཏང་ལ་གནས་ཚུལ་དྲང་པོ་ཞུ་བ། མགོ་གཉིས་མ་དང“ངོ་གཉིས་མར”ངོ་རྒོལ་བྱེད་པ། མི་བདེན་རྫུན་སྒྲིག་དང་རྫུན་ཞུ་འུད་སྒྲོག་ལ་ངོ་རྒོལ་བྱེད་པ། གནས་ཚུལ་ངོ་མ་སྦས་གསང་དང་དགེ་མཚན་ལས་སྐྱོན་མི་ཞུ་བའི་རིགས་ལ་ངོ་རྒོལ་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རྒྱུ་མཚན་དང་མིང་གང་རུང་གི་ཐོག་ནས་འོག་རིམ་གྱིས་སྐད་ཆ་རྫུས་མ་ཤོད་རྒྱུ་རྒྱ་ཡན་དུ་གཏོང་བ་དང་། ངན་སྐུལ་བྱེད་པ། གསང་བརྡ་གཏོང་བ་བཅས་བྱེད་པའམ་ཡང་ན་བཙན་ཤེད་བྱེད་མི་ཆོག མི་བདེན་རྫུན་སྒྲིག་དང་གནས་ཚུལ་ངོ་མ་སྦས་གསང་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོ་རིགས་དང་། མི་བདེན་རྫུན་སྒྲིག་དང་གནས་ཚུལ་ངོ་མ་སྦས་གསང་བྱས་ནས་གཟི་བརྗིད་མཚན་སྙན་དང་། གོ་གནས། བྱ་དགའ་བཅས་སམ་ཡང་ན་ཁེ་ཕན་གཞན་དག་རག་ཐབས་བྱེད་རིགས། འོག་རིམ་གྱིས་མི་བདེན་རྫུན་སྒྲིག་དང་གནས་ཚུལ་ངོ་མ་སྦས་གསང་བྱ་རྒྱུ་རྒྱ་ཡན་དུ་གཏོང་བ་དང་། ངན་སྐུལ་བྱེད་པ། གསང་བརྡ་གཏོང་བ་བཅས་བྱེད་པའམ་ཡང་ན་བཙན་ཤེད་བྱེད་རིགས་བཅས་ཚང་མར་སྒྲིག་ཁྲིམས་དང་སྒྲིག་སྲོལ་བཞིན་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས། རྩ་དོན་མཐའ་འཁྱོངས་དང་སྐད་ཆ་དྲང་པོ་ཤོད་ཕོད་པའི་བློ་མཐུན་ལ་རྒྱབ་སྐྱོར་དང་། སྲུང་སྐྱོང་། སྐུལ་ལྕག་བཅས་བྱེད་དགོས།

ཏང་ནང་ཁུལ་དུ་ལྐོག་ལྐོག་སུད་སུད་དང་། མཁས་མཁས་སྙན་སྙན། ངོ་དགའ་སྤྲེལ་ལད་བཅས་བྱེད་མི་ཆོག འགོ་ཁྲིད་མི་སྣ་དྲིལ་བསྒྲགས་བྱེད་སྐབས་དྲང་པོ་དྲང་གཞག་བྱས་ནས་ངོ་བསྟོད་བྱ་རྒྱུ་བཀག་འགོག་དང་འགོ་ཁྲིད་མི་སྣའི་སྐྱེས་སྐར་ལ་རྟེན་འབྲེལ་དང་། ལག་རྟགས་སྤྲོད་པ། རྟེན་འབྲེལ་གློག་འཕྲིན་གཏོང་བ་བཅས་བཀག་འགོག་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རྒྱལ་ནང་དུ་ལས་དོན་ལ་རྟོག་ཞིབ་བྱེད་སྐབས་ཕེབས་སྐྱེལ་སྒྲིག་འཛུགས་དང་། སྦྱར་ཡིག་འགེལ་བ། རྔ་རྡུང་རོལ་དཀྲོལ་བྱེད་པ། ས་གདན་དམར་པོ་འདིང་བ། གསོལ་སྟོན་གཤོམ་པ་སོགས་གཏན་འགོག་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་དང་སྲུང་བའི་འགན་འཁྲི་ཁུར་ནས་ཆབ་སྲིད་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་སྐྱོན་བརྗོད་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་རང་དགར་གཏན་ནས་འཇོག་མི་རུང་། ཏང་གི་རིམ་ཁག་རྩ་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ལྷུག་ལ་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

ལྔ། ཏང་དང་མི་དམངས་དམངས་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས།

མི་དམངས་ཀྱི་ལངས་ཕྱོགས་ནི་ཏང་གི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པ་དང་མི་དམངས་མང་ཚོགས་ནི་ཏང་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། རང་རེའི་ཏང་ནི་མི་དམངས་ལ་བརྟེན་ནས་བྱུང་བས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་མ་ཐོབ་ཚེ་ཏང་གི་རྨང་གཞི་ཤོར་ངེས་ཡིན། དེར་བརྟེན་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩི་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་ཐམས་ཅད་མང་ཚོགས་ཀྱི་ཆེད་དང་། ཐམས་ཅད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཁྲོད་ནས་ཡོང་བ། མང་ཚོགས་ཁྲོད་སྐྱོད་པ་བཅས་ཐུབ་པ་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཐོག་མི་དམངས་ཀྱི་གཞུང་ཞབས་པ་ཡག་པོ་ཞིག་བྱེད་དགོས། སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། འཐབ་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་མདུན་དུ་རང་ཤེད་ཚ་པོ་དང་ཁེངས་རློམ་གཞན་བརྙས་གཏན་ནས་བྱེད་མི་ཆོག་པ་དང་། སྐྱིད་པོའི་ཆེད་དུ་དཔོན་པོ་བྱེད་པ་དང་མང་ཚོགས་ཀྱི་བདེ་སྡུག་ལ་སྣང་ཆུང་གཏན་ནས་བྱེད་མི་ཆོག་ལ་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་དང་ཧམ་བཟུང་དེ་བས་བྱེད་མི་ཆོག མང་ཚོགས་དང་འབྲེལ་བ་བྱེད་པའི་ཐབས་ཤེས་ལེགས་སུ་དང་གསར་གཏོད་བྱས་ནས་དམངས་འདོད་བརྟག་དཔྱད་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་དྲ་སྦྲེལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་རེ་འབོད་ཉན་པ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། གོང་ལ་འགན་འཁུར་རྒྱུ་དང་འོག་ལ་འགན་འཁུར་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་ཡོང་བ་བྱེད་དགོས།

ཏང་ཡོངས་ཀྱིས་ངེས་པར་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་མིག་དཔེ་གཞན་སྟོན་བྱེད་དགོས། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་སྤྱོད་ཚུལ་ཏན་ཏིག་མིན་པ་དང་། ལས་དོན་ཏན་ཏིག་མི་སྒྲུབ་པ། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ། མིང་གྲགས་རག་ཐབས་བྱེད་པ། མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པར་དོན་དངོས་དང་ཁ་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བ། སྒྱིད་ལུག་བྱེད་པ། ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་པ། སྤྱོད་ཚུལ་རང་ཤེད་ཚ་པོ། དམིགས་བསལ་དབང་ཆར་ཞེན་ཆགས་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། སྐྱིད་འདོད་རིང་ལུགས་ལ་ངོ་རྒོལ་བྱེད་པར་ཁེ་གྲགས་རག་ཐབས་བྱེད་པ་དང་སྐྱིད་པོར་ཞེན་ཆགས་པ། རྒྱས་སྤྲོས་ལ་སྣང་ཆེན། ཕུགས་བསམ་གང་ཡོད་ཤོར་བར་འགྱུར་བ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། བག་མེད་ཆུད་ཟོས་ལ་ངོ་རྒོལ་བྱེད་པར། རྒྱས་སྤྲོས་ཆུད་ཟོས་དང་། བག་མེད་ལོངས་སྤྱོད། ཁོག་རུལ་ངན་འགྱུར་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། དུས་རྟག་ཏུ་དམ་འཛིན་དང་། དམ་འཛིན་ཞིབ་ཚགས། ཡུན་རིང་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ་དང་ལྷག་དོན་དུ་མངོན་གསལ་དོད་པོ་མེད་པ་དང་ངོ་བོ་འགྱུར་བའི“སྤྱོད་ཚུལ་བཞིའི”གནད་དོན་ལ་དོགས་ཟོན་དང་ཞིབ་བཤེར་ཐག་གཅོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བ་བྱེད་དགོས།

ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དུས་མཚུངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འདོད་ཚུལ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་སྣེ་ཁྲིད་བྱེད་དགོས། བཀའ་འབེབས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང“མཇུག་མའི་རིང་ལུགས”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མི་སྒེར་གྱི་སྲིད་དོན་བྱས་རྗེས་དང་། འདེམས་ཤོག གཟུགས་བརྙན་བཅས་ཀྱི་ཆེད་དོན་དངོས་དང་ཁ་བྲལ་བ་དང་། རང་དགར་ཐབས་ཇུས་འདིང་བ། གང་བྱུང་དུ་རེ་བ་བསྐངས་རྒྱུ་ཁས་ལེན་པ་བཅས་གཏན་ནས་བྱེད་མི་ཆོག

འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། དུས་བཀག་བཞིན་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ལ་སྣེ་ལེན་བྱེད་པ། ལས་བྱེད་མང་ཚོགས་དང་སྙིང་གཏམ་ཤོད་པ། མང་ཚོགས་བློ་ཡིད་ཚིམ་ཚད་ལ་དཔྱད་ཞིབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་གཏིང་ཟབ་དང་། གཞི་རིམ་དུ་ཟབ་སྐྱོད། མང་ཚོགས་ཁྲོད་ཟབ་སྐྱོད། ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ། འགལ་ཟླ་མངོན་གསལ་དོད་པ་བཅས་ཀྱི་ས་ཆར་མང་ཙམ་སྐྱོད་པ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་དགོས། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་སྐབས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། གཞུང་འཁོར་སྟབས་བདེ་སྤྱོད་པ། གནས་ཚུལ་དངོས་ཤེས་རྟོགས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་སྙན་བརྗོད་བློ་འགུག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དམངས་དུབ་རྒྱུ་ཟད་བྱེད་མཁན་གྱི“གཟུགས་བརྙན་འདུ་འགོད”དང“བྱས་རྗེས་འདུ་འགོད”ཀྱི་བྱེད་སྤྱོད་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་བཞིན་ཐག་གཅོད་བྱེད་དགོས། བདེ་འཇགས་ཀྱི་ལས་འཛོལ་གལ་ཆེན་དང་། ཐོལ་བྱུང་དོན་རྐྱེན་གལ་ཆེན། རང་བྱུང་གནོད་འཚེའི་དོན་རྐྱེན་གལ་ཆེན་སོགས་ཀྱི་དོན་རྐྱེན་ཁྲོད་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་སྐྱོད་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ནས་གནད་དོན་མངོན་གསལ་དོད་པོ་དུས་ཐོག་དང་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་སེམས་ཁུར་ལ་དུས་ཐོག་ཏུ་བརྡ་ལན་སློག་དགོས།

ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་ཁྱོན་ཡོངས་ལ་ལྟ་རྟོག་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རང་རྟོགས་ངང་སྲུང་སྐྱོང་བྱས་ནས་རང་ངོས་ཀྱི་ཁེ་ཕན་དང་ཆ་ཤས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་འཕྲད་སྐབས་རྒྱུན་གཏན་ཐབས་ལམ་བརྒྱུད་ནས་གོང་རིམ་ལ་ཞུ་བ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་སྤྱི་ཚོགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཧུར་བརྩོན་རང་འགུལ་ངང་ལེགས་པར་སྒྲུབ་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྒོ་སྒྲིག་འཛུགས་དང་། ཞུགས་པ། རྒྱ་ཡན་དུ་གཏོང་བ་བཅས་བྱེད་མི་ཆོག

དྲུག དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་ཞིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་ངང་སྤེལ་བའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། མཉམ་སྡེབ་ཀྱི་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་བྱས་ནས་མཉམ་སྡེབ་ཀྱི་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་འཁུར་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་ལས་རྩ་འཛུགས་དང་མི་སྒེར་གང་རུང་ཞིག་གིས་གནས་ཚུལ་གང་རུང་འོག་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ལམ་ལུགས་དེ་ལས་འགལ་མི་ཆོག

རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ངེས་པར་དུ་མཉམ་སྡེབ་འགོ་ཁྲིད་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། གནད་དོན་གལ་ཆེན་གྱི་ཁོངས་སུ་གཏོགས་རིགས་མཉམ་སྡེབ་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། མི་སྒེར་དང་ནང་མོལ། ཚོགས་འདུའི་ཐོག་ཐག་གཅོད་པའི་རྩ་དོན་བཅས་ལ་གཞིགས་ཏེ་མཉམ་སྡེབ་ཐོག་གྲོས་བསྡུར་དང་ཉུང་བས་མང་བར་བརྩི་བཀུར་གྱི་གཏན་འབེབས་ལྟར་རྣམ་པ་གང་རུང་ལ་བརྟེན་ནས་ཏང་ཨུད་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན(ཏང་ཙུའུ)གྱི་འགོ་ཁྲིད་ཀྱི་ཚབ་བྱེད་མི་ཆོག ཏང་ཨུད་རྒྱུན་ལས་ཨུ་ལྷན(ཏང་ཙུའུ)གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་དང་ཐབས་ཇུས་འགོད་རིམ་དོན་འཁྱོལ་བྱེད་པ་དང་། རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐོག་དུས་བཀག་ལྟར་ལས་དོན་སྙན་སེང་ཞུ་བ་མ་ཟད་ལྟ་སྐུལ་དང་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་བརྒྱ་ཁ་གཅིག་གཅོད་དང་རང་ཐག་རང་གཅོད་བྱ་རྒྱུར་ངོ་རྒོལ་དང་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། གྲོས་བསྡུར་བྱས་ཀྱང་གྲོས་ཐག་མི་ཆོད་པ་དང་། གྲོས་ཐག་ཆོད་ཀྱང་ལག་ལེན་མི་བསྟར་བ། ལག་ལེན་བསྟར་ཡང་ཏན་ཏིག་མི་བྱེད་པ་བཅས་བྱ་རྒྱུར་ངོ་རྒོལ་དང་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་ཨུད་ཀྱིས་མཉམ་སྡེབ་ཐོག་ཐབས་ཇུས་འགོད་པའི་མིང་ཐོག་གི་མཉམ་སྡེབ་སྒྲིག་འགལ་ལ་ངོ་རྒོལ་དང་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དུས་བབ་ལ་ལྟ་ཞིབ་དང་། དོན་ཆེན་དམ་འཛིན། སྤྱི་ཡོངས་ལ་དོ་དམ་བཅས་བྱེད་མཁས་པོ་བྱས་ནས་འགལ་བ་དང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ་ལས་གོང་འོག་ཕན་ཚུན་ཁག་དཀྲི་མི་འདོགས་པ་དང་མཇུག་རྐྱེན་ངན་པ་མི་ཐོན་པ་བྱེད་དགོས། གོང་རིམ་རྩ་འཛུགས་ཀྱིས་འོག་རིམ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐབས་ཇུས་གལ་ཆེན་མ་བཟོས་གོང་འོག་རིམ་རྩ་འཛུགས་ཀྱི་བསམ་འཆར་ཉན་པའི་ལམ་ལུགས་འཛུགས་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།