ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས《སྒུལ་བདེའི་དྲ་སྦྲེལ་བཀོལ་སྤྱོད་གོ་རིམ་གྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཟླ6ཚེས28ཉིན་ཡོངས་བསྒྲགས་བྱས་པ། 《སྒུལ་བདེའི་དྲ་སྦྲེལ་བཀོལ་སྤྱོད་གོ་རིམ་གྱི་ ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》 《གཏན་འབེབས》འདི2016ལོའི་ཟླ8ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

《གཏན་འབེབས》ནང་དོན་བཏོན།

གཅིག སྒུལ་བདེའི་དྲ་སྦྲེལ་བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱིས་ཆ་འཕྲིན་བདེ་འཇགས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས“འོས་འགན་ཁག་དྲུག”ཁྲིམས་བཞིན་སྒྲུབ་དགོས།

༡. “རྒྱབ་སྟེགས་མིང་ངོ་མ་འགོད་པ་དང་མདུན་སྟེགས་རང་མོས་ཡིན་པའི”རྩ་དོན་གཞིར་བཟུང་ཐོ་འགོད་བྱེད་མཁན་གྱི་ཐོབ་ཐང་ངོ་མའི་ཆ་འཕྲིན་ལ་བདེན་དཔང་ར་སྤྲོད་བྱེད་དགོས།

༢. སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

༣. ཆ་འཕྲིན་གྱི་ནང་དོན་ལ་ཞིབ་བཤེར་གཏན་འབེབས་ཀྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཁྲིམས་འགལ་དང་སྒྲིག་འགལ་ངང་ཆ་འཕྲིན་ནང་དོན་འགྲེམས་སྤེལ་བྱེད་རིགས་གནས་ཚུལ་ལ་གཞིགས་ནས་ཉེན་བརྡ་གཏོང་བ་དང་། ནུས་པ་ཚོད་འཛིན་བྱེད་པ། གསར་སྒྱུར་བྱེད་མཚམས་འཇོག་པ། ཨང་རྟགས་སྤྱོད་མཚམས་འཇོག་པ་སོགས་ཀྱི་ཐག་གཅོད་བྱ་ཐབས་སྤྱོད་དགོས།

༤ . སྤྱོད་མཁན་གྱི་ཤེས་དབང་དང་གདམ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས།

༥ . ཤེས་བྱའི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་ནས་མི་གཞན་གྱི་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཟོ་བའི་བཀོལ་སྤྱོད་གོ་རིམ་བཟོ་བ་དང་འགྲེམས་སྤེལ་བྱེད་མི་ཆོག

༦. སྤྱོད་མཁན་གྱི་ཉིན་ཐོའི་ཆ་འཕྲིན་ཟིན་བྲིས་འགོད་པ་དང་འབྲེལ་ཉིན60ཉར་ཚགས་བྱེད་དགོས།

གཉིས། དྲ་སྦྲེལ་བཀོལ་སྤྱོད་ཚོང་ཁང་གི་ཞབས་འདེགས་ཞུ་མཁན་གྱིས་བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱི་“དོ་དམ་འགན་འཁྲི་ཁག་བཞི”སྒྲུབ་དགོས།

༡. བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱིས་དྲང་བདེན་རང་བཞིན་དང་། བདེ་འཇགས་རང་བཞིན། ཁྲིམས་མཐུན་རང་བཞིན་སོགས་ལ་ཞིབ་བཤེར་གཏན་འབེབས་བྱས་ནས་ཆ་འཕྲིན་དོ་དམ་ལམ་ལུགས་འཛུགས་དགོས།

༢.བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱིས་སྤྱོད་མཁན་གྱི་ཆ་འཕྲིན་སྲུང་སྐྱོང་བྱས་ནས་བཀོལ་སྤྱོད་གོ་རིམ་ཐོབ་ཐབས་དང་སྤྱོད་མཁན་གྱི་ཆ་འཕྲིན་ཆ་ཚང་ཡོང་བའི་གསལ་བཤད་བྱེད་དགོས་པ་དང་འབྲེལ་སྤྱོད་མཁན་ལ་སྟོན་དགོས་པའི་སྐུལ་འདེད་གཏོང་དགོས།

༣.བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱིས་ཁྲིམས་མཐུན་གྱི་ཆ་འཕྲིན་ནང་དོན་འགྲེམས་སྤེལ་བྱས་ནས་བདེ་འཇགས་ཞིབ་བཤེར་གཏན་འབེབས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་གཞི་ཁྱོན་དང་ཕན་ཚུན་འཚམ་པའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱེད་དགོས་པའི་སྐུལ་འདེད་གཏོང་དགོས།

༤.བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱིས་ཁྲིམས་མཐུན་གྱི་བཀོལ་སྤྱོད་གོ་རིམ་འགྲེམས་སྤེལ་བྱས་ནས་བཀོལ་སྤྱོད་གོ་རིམ་མཁོ་འདོན་བྱེད་མཁན་གྱི་ཤེས་བྱའི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་དགོས་པའི་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།