ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིན་གྱི“བདུན་གཅིག”གསུང་བཤད་ནང་གཙོ་གནད་གང་དག་ཡོད་དམ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (1).jpg

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

ལོ་རྒྱུས་ཀྱི་ལེགས་སྐྱེས་ཆེན་པོ་གསུམ།

ཐ་སྙད་གཙོ་བོ་གཅིག

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད།

མཐའ་འཁྱོངས་བྱེད་དགོས་པ་བརྒྱད།

1.རླབས་ཆེན་ལོ་རྒྱུས་ཀྱི་ལེགས་སྐྱེས་དེ་ནི་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཁྲག་བཏོན་དམར་འཛིང་ལོ28བྱས་ནས་རི་པིན་བཙན་རྒྱལ་རིང་ལུགས་ཕམ་ཉེས་སུ་བཏང་བ་དང་གོ་མིན་ཏང་ལོག་སྤྱོད་དབང་སྒྱུར་རྩ་སློག་བཏང་ཐོག་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་གྲུབ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཡོད།

2.རླབས་ཆེན་ལོ་རྒྱུས་ཀྱི་ལེགས་སྐྱེས་དེ་ནི་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་གྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་པ་དང་བཤུ་གཞོག་ལམ་ལུགས་ཚང་མ་མེད་པར་བཟོས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

3.རླབས་ཆེན་ལོ་རྒྱུས་ཀྱི་ལེགས་སྐྱེས་དེ་ནི་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གསར་བརྗེ་གསར་པ་བྱས་པར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་རང་བཞིན་ཆེས་ཆེར་འཕེལ་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེས་ཆེར་བཅིངས་འགྲོལ་དང་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེས་ཆེར་འཕེལ་བ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

ལོ་རྒྱུས་ཀྱི་བློ་བསྐྱེད་ཆེན་པོ་གསུམ།

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་དགོས་པ་དང་།

2.མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དེ་དེང་སྐབས་ཀྱི་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ།

3.རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.རང་རེའི་ཏང་དབུ་བརྙེས་མ་ཐག་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཆེད་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་སེམས་ནང་བརྟན་པོར་ངེས་དགོས་པ་དང་།

2.གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་བསམ་འདུན་བརྟན་དུ་གཏོང་དགོས་པ།

3.བླ་ན་མེད་པའི་ཕུགས་འདུན་ཆེད་འབད་འཐབ་བྱེད་པའི་རླབས་ཆེན་ལག་ལེན་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

 ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་།

2.ཏང་གི་གཞི་རྩའི་ལམ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

3.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་དང་།

2.“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པ།

3.ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ།

4.“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

 ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་དགོས་པ་དང་།

2.ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཕོད་པ་བྱེད་དགོས་པ།

3.བསམ་བློར་སྔར་བས་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་དགོས་པ།

4.སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

 ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.ཏང་གི་གཞི་རྩ་མི་དམངས་ཡིན་པ་དང་ཏང་གི་སྟོབས་ཤུགས་མི་དམངས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་དགོས་པ་དང་།

2.ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

3.རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་པ།

4.མི་དམངས་ལ་ཕན་བདེ་སྐྲུན་པའི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.སྔ་ཕྱི་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།

2.སྔ་ཕྱི་བར་གསུམ་དུ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

3.རྒྱལ་ཁབ་ཁག་དང་མཛའ་གྲོགས་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར།

1.ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་དང་།

2.སྲིད་འཛིན་ནུས་པ་ཆེ་རུ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ།

3.ཉེན་ཁ་སྔོན་འགོག་དང་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས་པ།

4.ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

1.སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་མེད་པ་དང་། སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྔོན་ཐོན་སྲིད་ཏང་གི་འགོ་ཁྲིད་མེད་པ། སྔོན་ཐོན་སྲིད་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་མེད་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་མེད་པ། བློས་གཏོང་ཆེན་པོ་བྱེད་མི་ཕོད་པ་བཅས་ཡིན་ཚེ་ཀྲུང་གོ་མི་དམངས་ཀྱིས་ལོག་སྤྱོད་ཤོག་ཁག་ཁག་ཕམ་ཉེས་སུ་གཏོང་ཐབས་བྲལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་གཉའ་གནོན་མྱོང་བ་དང་བྲན་དུ་བཀོལ་བའི་ལས་དབང་འགྱུར་ལྡོག་གཏོང་ཐབས་བྲལ་བ། རང་རེའི་རྒྱལ་ཁབ་མཐུན་སྒྲིལ་གཅིག་གྱུར་ཡོང་ཐབས་བྲལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་ཐབས་བྲལ་བ་བཅས་ལོ་རྒྱུས་ལས་ར་སྤྲོད་ཐུབ་ཡོད།

2.ལོ95ཡི་རིང་ཀྲུང་གོས་བསྐྱོད་པའི་ལོ་རྒྱུས་ཀྱི་ལམ་བུ་དང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་བསྐྱོད་པའི་ལོ་རྒྱུས་ཀྱི་ལམ་བུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཁྲག་དང་། རྔུལ་ཆུ། མིག་ཆུ་བཅས་ཀྱི་ཐོག་ནས་བཏོད་པ་ཞིག་ཡིན། དེར་དཀའ་སྡུག་དང་འོད་སྟོང་འབར་བ་དང་། གེགས་བར་དང་རྒྱལ་ཁ། བློས་གཏོང་དང་གྲུབ་འབྲས་བཅས་ཀྱིས་ཁེངས་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བརྗེད་མི་རུང་བ་དང་དགག་པ་རྒྱག་ཐབས་བྲལ་བའི་བཀྲག་མདངས་འཚེར་བའི་ལེའུ་ཞིག་ཡིན་ལ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་དངོས་ཡོད་ཀྱི་རྨང་གཞི་ཞིག་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་ཐུབ་ཡོད།

3.ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་གདམ་ག་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཏོད་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག་རྩ་བ་ཚུགས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཕུལ་བྱུང་གྲུབ་འབྲས་དང་ལེན། རང་ཚུགས་རང་བརྟེན་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་ཡོང་བ་བཅས་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་བཅས་བྱེད་དགོས་པ་ལོ་རྒྱུས་ལས་ར་སྤྲོད་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།