ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། རྩྭ་ཐང་གི་མེ་འགོག་བྱ་བར་སྔར་ལ་ས་ཤུགས་སྣོན་པ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་ཧུར་ཐག་གིས་སྒྲུབ་པ།རྩྭ་ཐང་གི་མེ་སྐྱོན་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》ལྟར་སྲོལ་ཡིག་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་ཡོངས་ལ་འཕྲོད་མོད།འོན་ཀྱང་ནགས་ཁུལ་དང་གྲོང་ཁྱེར་འདིའི་ནང་འདུས་མེད།

དོན་ཚན་གསུམ་པ། རྩྭ་ཐང་གི་མེ་འགོག་བྱ་བར་སྔོན་འགོག་གཙོ་དང་འགོག་གསོད་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ།

དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་མེ་འགོག་བྱ་བའི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།རྩྭ་ཐང་མེ་འགོག་ཐད་མཁོ་བའི་འགྲོ་སོང་དེ་རང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཞག་སྟེ།རྩྭ་ཐང་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་གང་ལེགས་སྒོས་སྒྲུབ་པར་འགན་སྲུང་བྱེད་དགོས།

རྩྭ་ཐང་མེ་འགོག་བྱ་བ་དེ་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོའི་འགན་ཁུར་ལམ་ལུགས་དང་སྡེ་ཁག་དང་ལས་ཁུངས་འགོ་ཁྲིད་ཀྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་བྱ་བར་གཙོ་བདག་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་་པའི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བར་གཙོ་བདག་བྱ་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་སོ་སོའི་འགན་དབང་ཁྱབ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་དྲུག་པ། རྩྭ་ཐང་གི་བདག་གཉེར་བཀོལ་སྤྱོད་ལས་ཁུངས་དང་མི་སྒེར་གྱིས་བདག་གཉེར་དང་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བའི་འགན་འཁུར་དགོས།

དོན་ཚན་བདུན་པ། རྩྭ་ཐང་མེ་བྱ་བ་དེ་སྲིད་འཛིན་མངའ་ཁོངས་གཉིས་ཡན་དང་ཡང་ན་ནགས་ཚལ་མེ་འགོག་དང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་དང་འབྲེལ་བ་ཡོད་ན།འབྲེལ་ཡོད་ཀྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་མཉམ་འབྲེལ་སྔོན་འགོག་ལམ་ལུགས་འཛུགས་དགོས་པ་དང་།མཉམ་འབྲེལ་སྔོན་འགོག་མངའ་ཁོངས་དང་མཉམ་འབྲེལ་སྔོན་འགོག་བྱེད་ཐབས་གཏན་ཁེལ་བྱས་ནས།ཆ་འཕྲིན་འབྲེལ་མཐུད་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས།

དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་མེ་འགོག་ཐད་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་ལ་ངེས་པར་དུ་ཤུགས་བསྣན་ནས།སྤྱི་དམངས་ཀྱི་རྩྭ་ཐང་མེ་འགོག་འདུ་ཤེས་མཐོར་འདེགས་བྱེད་དགོས།

དོན་ཚན་དགུ་བ། ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བའི་ཐད་ནས་ཚན་རིག་ལག་རྩལ་ཞིབ་འཇུག་བྱེད་པར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱས་ནས།རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཐད་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས།

དོན་ཚན་བཅུ་བ། སྐྱོན་སྔོན་འགོག་དང་མེ་གསོད་བྱ་བའི་ཁྲོད་བྱས་རྗེས་ཆེན་པོ་བཞག་པའམ་གྲུབ་འབྲས་མངོན་གསལ་ཡིན་པའི་ལས་ཁུངས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་གནང་དགོས།

གཉིས་པ།རྩྭ་ཐང་གི་མེ་སྐྱོན་ལེའུ་སྔོན་འགོག་སྐོར།

དོན་ཚན་བཅུ་གཅིག  ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་ལ་མེ་སྐྱོན་འབྱུང་བའི་ཉེན་ཚད་དང་གནོད་ཚད་སོགས་ལ་གཞིགས་ནས།རྒྱལ་ཡོངས་ཀྱི་རྩྭ་ཐང་དེ་ཆེས་མཐོ་བ་དང་མཐོ་བ།འབྲིང་བ་དང་དམའ་བ་བཅས་རིམ་པ་བཞི་ཅན་གྱི་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་དུ་དབྱེ་དགོས།

དོན་ཚན་བཅུ་གཉིས། ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཁུལ་དང་རྩྭ་ཐང་མེ་འགོག་བྱ་བའི་དགོས་མཁོ་དངོས་ལ་གཞིགས་ནས།རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་ཐད་ཀྱི་འཆར་གཞི་བཀོད་དེ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་གནང་བའི་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་དགོས།

རིམ་པ་ཡན་གྱི་ས་གནས་མི་དམངས་རྫོང་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་འཆར་འགོད་ལྟར།རང་ས་གནས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ།རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་མེ་འགོག་འཆར་གཞི་བཀོད་ནས་རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གསུམ། འགོག་སྐོར་གྱི་འཆར་འགོད་ལ་གཤམ་གྱི་ནང་དོན་གཙོ་བོ་འདུས་དགོས་པ་སྟེ།

(གཅིག)རྩྭ་ཐང་མེ་འགོག་སྐོར་གྱི་འཆར་འགོད་གཏན་ཁེལ་བྱས་པའི་གཞི་འཛིན་ས།

(གཉིས)རྩྭ་ཐང་མེ་འགོག་སྐོར་གྱི་རྩ་འཛུགས་མ་ལག་འཛུགས་སྐྲུན།

(གསུམ)རྩྭ་ཐང་མེ་འགོག་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་འཛུགས་སྐྲུན།

(བཞི)རྩྭ་ཐང་མེ་འགོག་སྐོར་གྱི་དངོས་ཟོང་གསོག་འཇོག

(ལྔ)འགན་སྲུང་བྱེད་ཐབས།

དོན་ཚན་བཅུ་བཞི། ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ།རྩྭ་ཐང་མེ་འགོག་སྐོར་གྱི་འཆར་འགོད་ལྟར།རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ལ་རྒྱང་ལྟ་དང་ལྟ་ཞིབ་བྱེད་པའི་སྒྲིག་ཆས་དང་མེ་འགོག་བཀག་དངོས།མེ་འགོག་བགྲོད་ལམ།མེ་འགོག་ཐད་ཀྱི་དངོས་ཟོང་གསོག་འཇོག་མཛོད་ཁང(ས་ཚིགས)སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།རྩྭ་ཐང་མེ་འགོག་ཐད་ཀྱི་འགྲིམ་འགྲུལ་ཡོ་བྱད་དང་མེ་གསོད་འཕྲུལ་ཆས།ལྟ་ཞིབ་དང་འཕྲིན་སྐྱེལ་རྒྱུ་ཆས་སོགས་སྒྲིག་སྦྱོར་བྱེད་པ།དགོས་ངེས་ཀྱི་མེ་འགོག་དངོས་ཟོང་གསོག་འཇོག་བྱེད་པ་བཅས་བྱས་ནས།རྩྭ་ཐང་མེ་འགོག་ཐད་ཀྱི་བཀོད་འདོམས་དང་ཆ་འཕྲིན་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།

དོན་ཚན་བཅོ་ལྔ། ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་བྱས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་པའི་འགན་འཁུར་དགོས།

རིམ་པ་ཡན་གྱི་ས་གནས་མི་དམངས་རྫོང་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་བྱས་ཏེ།རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་རྗེས་རྩ་འཛུགས་ལག་བསྟར་བྱེད་པའི་འགན་འཁུར་དགོས།

དོན་ཚན་བཅུ་དྲུག སྐྱོན་སྐོར་གྱི་བབ་བསྟུན་ཐག་གཅོད་འཆར་གཞི་ལ་གཤམ་གྱི་ནང་དོན་གཙོ་བོ་འདུས་དགོས་པ་སྟེ།

(གཅིག)རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་རྩ་འཛུགས་ལས་ཁུངས་དང་དེའི་འགན་འཁྲི།

(གཉིས)རྩྭ་ཐང་མེ་སྐྱོན་གྱི་སྔོན་བརྡ་དང་སྔོན་འགོག་ནང་རྐྱེན།

(གསུམ)རྩྭ་ཐང་མེ་སྐྱོན་སྐོར་གྱི་སྙན་ཞུ་བརྒྱུད་རིམ།

(བཞི)རིམ་པ་མི་འདྲ་བའི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་བྱེད་ཐབས།

(ལྔ)རྩྭ་ཐང་མེ་སྐྱོན་གསོད་པ་དང་མི་དང་རྒྱུ་དངོས་སྐྱོབ་པར་མཁོ་བའི་དངོས་ཟོང་དང་མ་དངུལ།དཔུང་སྡེ་བཅས་ཀྱི་བབ་བསྟུན་འགན་སྲུང་།

(དྲུག)མི་སྣ་དང་རྒྱུ་ནོར་ཕྱིར་འཐེན་དང་སྨན་བཅོས་རོགས་སྐྱོབ།

ནད་གཞི་ཚོད་འཛིན་སོགས་བབ་བསྟུན་ཐག་གཅོད་འཆར་གཞི།གནོད་སྐྱོན་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་དང་རྨས་སྐྱོན་དང་ཤི་རྨས་བྱུང་བའི་མི་གྲངས།གནོད་ཐེབས་ཕྱུགས་གྲངས་དང་དེ་མིན་མཁར་གྲོང་སྡོད་དམངས་ཀྱི་སྡོད་གནས།སྒྲིག་བཀོད་གལ་ཆེན།གནའ་ཤུལ་གྲགས་ཅན།རང་བྱུང་སྲུང་སྐྱོང་ཁུལ་བཅས་ལ་འཇིགས་སྐུལ་ཐེབས་པའི་ཚད་ལྟར།རྩྭ་ཐང་མེ་སྐྱོན་དེ་ཆེས་ཆེ་བ་དང་ཆེ་བ།ཅུང་ཆེ་བ།སྤྱིར་བཏང་བ་བཅས་རིམ་པ་བཞི་རུ་དབྱེ་དགོས།བྱེ་བྲག་གི་དབྱེ་བགོ་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱེད་རྒྱུ།

དོན་ཚན་བཅུ་བདུན། ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་ལ་མེ་སྐྱོན་འབྱུང་བའི་ཆོས་ཉིད་ལྟར་རང་སྲིད་གཞུང་གིས་རྩྭ་ཐང་མེ་འགོག་དུས་ཡུན་གཏན་ཁེལ་བྱེད་དགོས་པ་མ་ཟད།སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་བཅོ་བརྒྱད། མེ་འགོག་གི་དུས་ཡུན་ནང་།ཐོན་སྐྱེད་ཀྱི་བྱ་འགུལ་སྤེལ་བའི་དབང་གིས་དགོས་མཁོའི་ཆེད་དུ་རྩྭ་ཐང་དུ་མེ་བཀོལ་སྤྱོད་བྱེད་དགོས་ན།ངེས་པར་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་དགོས།མེ་བཀོལ་ལས་ཁུངས་དང་ཡང་ན་མི་སྒེར་གྱིས་ངེས་པར་དུ་མེ་འགོག་བྱེད་ཐབས་སྤྱད་དེ།མེ་སྐྱོན་མི་འབྱུང་བ་བྱེད་དགོས། རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་།རྩྭ་འཚོ་བའི་དབང་གིས་རྩྭ་ཐང་སྟེང་མེ་བཀོལ་སྤྱོད་བྱེད་དགོས་ན།ངེས་པར་དུ་བདེ་འཇགས་ཀྱི་ས་གནས་གདམ་གསེས་བྱེད་པ་དང་།མེ་འགོག་བྱེད་ཐབས་སྤྱད་དེ།མེ་བཀོལ་སྤྱོད་བྱས་རྗེས་མེ་ཤུལ་གསོད་ཡག་བྱེད་དགོས།

ཚན་འདིའི་ཁོད་ཚན་དང་པོ་དང་གཉིས་དོན་པ་ལས་གཏན་ཁེལ་བྱས་པ་ལས་གཞན།རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་རྩྭ་ཐང་སྟེང་མེ་བཀོལ་སྤྱོད་བྱེད་མི་ཆོག

དོན་ཚན་བཅུ་དགུ   མེ་འགོག་གི་དུས་ཡུན་ནང་རྩྭ་ཐང་སྟེང་མེ་མདའ་བཀོལ་ཏེ་རི་དྭགས་རྔོན་མི་ཆོག

རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་།རྩྭ་རྩྭ་ཐང་སྟེང་གས་གཏོར་བྱེད་པ་དང་བརྟག་ཞིབ་བྱེད་པ།ཨར་ལས་བྱེད་པ་སོགས་བྱ་འགུལ་སྤེལ་ན།ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་པ་མ་ཟད།མེ་འགོག་བྱེད་ཐབས་སྤྱད་དེ་མེ་སྐྱོན་མི་འབྱུང་བ་བྱེད་དགོས།

རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་།རྩྭ་དམག་དཔུང་གིས་རྩྭ་ཐང་སྟེང་མེ་མདའ་དངོས་སུ་རྒྱག་པའི་འཁྲབ་སྦྱོང་བྱེད་པ་དང་།ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་དང་ལས་འགན་གཞན་པའི་ལག་བསྟར་བྱེད་དགོས་ན།དགོས་ངེས་ཀྱི་མེ་འགོག་བྱེད་ཐབས་སྤྱོད་དགོས།

དོན་ཚན་ཉི་ཤུ ། མེ་འགོག་གི་དུས་ཡུན་ནང་།རྩྭ་ཐང་སྟེང་ལས་ཀ་བྱེད་པའམ་རྩྭ་ཐང་བརྒྱུད་པའི་རླངས་འཁོར་ལ་མེ་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ།མེ་ཤོར་བ་དང་མེ་འཕྱུར་བ།མེ་སྒོ་ལྷུང་བ་བཅས་ལས་མེ་སྐྱོན་འབྱུང་བར་ནན་འགོག་བྱེད་དགོས།རྩྭ་ཐང་བརྒྱུད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྟེང་གི་ཁ་ལོ་བ་དང་ལས་གཉེར་མི་སྣས་མགྲོན་པོ་རྣམས་ལ་རྩྭ་ཐང་མེ་འགོག་སྐོར་དྲིལ་བསྒྲགས་བྱེད་དགོས།ཁ་ལོ་བ་དང་ལས་གཉེར་མི་སྣ།མགྲོན་པོ་བཅས་ཀྱིས་མེ་སོན་གང་སར་འཕེན་མི་རུང་།

རྩྭ་ཐང་མེ་འགོག་གི་དུས་ཡུན་ནང་།རྩྭ་རྩྭ་ཐང་སྟེང་ལས་ཀ་གཉེར་བའི་འཕྲུལ་ཆས་རིགས་ལ་ངེས་པར་དུ་མེ་འགོག་བྱེད་ཐབས་སྤྱོད་དགོས་པ་དང་།ལས་གཉེར་མི་སྣས་ངེས་པར་དུ་མེ་འགོག་སྐོར་གྱི་བདེ་འཇགས་སྤྱོད་སྟངས་ཀྱི་སྒྲིག་ལམ་བརྩི་སྲུང་བྱས་ཏེ།མེ་སྐྱོན་མི་འབྱུང་བ་བྱེད་དགོས།

དོན་ཚན་ཉེར་གཅིག མེ་འགོག་གི་དུས་ཡུན་ནང་།རང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་ནས།རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་སྟེང་སྐྱོད་པ་དང་།མེ་སྐྱོན་འབྱུང་བའི་ཉེན་ཁ་ཡོད་པའི་རླངས་འཁོར་དང་དེ་མིན་རྩྭ་ཐང་གི་མེ་སྐྱོན་འབྱུང་སྲིད་པའི་བྱེས་ལས་བྱེས་ལས་བྱ་འགུལ་སྤེལ་བ་བཅས་ལ་རྩྭ་ཐང་མེ་འགོག་སྐོར་གྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས།མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་ཡོད་པ་ཤེས་ན།ངེས་པར་དུ་འབྲེལ་ཡོད་འགན་ཁུར་མི་སྣར་བཤད་དེ་མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས།མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་མེད་པར་བཟོ་བའི་བྱེད་ཐབས་གཏན་ནས་མི་སྤྱོད་ན།རྩྭ་ཐང་སྟེང་སྐྱོད་པའམ་རྩྭ་ཐང་བྱེས་ལས་བྱ་འགུལ་སྤེལ་བ་གཏན་འགོག་བྱེད་དགོས།

དོན་ཚན་ཉེར་གཉིས ། མེ་འགོག་གི་དུས་ཡུན་ནང་།དྲོད་ཚད་མཐོ་བ་དང་ཐན་པ་བྱུང་བ།རླུང་ཆེན་གཡུགས་པ་སོགས་ཉེན་ཁ་ཆེ་བའི་གནམ་གཤིས་བྱུང་སྐབས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེས་ཆེ་བ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁུལ་དང་།གལ་ཏེ་རྩྭ་ཐང་ལ་མེ་སྐྱོན་བྱུང་ཚེ་མི་ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྲིད་པ་དང་ཡང་ན་རྒྱུ་ནོར་ཐད་གྱོང་གུན་ཆེན་པོ་ཐེབས་སྲིད་པའི་མངའ་ཁོངས་བཅས་རྩྭ་ཐང་མེ་འགོག་སྐོར་གྱི་རྩིས་སྤྲོད་དོ་དམ་ནང་འཇོག་པ་དང་།རྩིས་སྤྲོད་དོ་དམ་གྱི་དུས་ཡུན་གཏན་ཁེལ་བྱས་ཏེ།དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པ་མ་ཟད།གོང་རིམ་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱེད་དགོས།

རྩྭ་ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་རྩྭ་ཁུལ་གྱི་ནང་དུ་མེ་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ཡོད་ཚད་གཏན་འགོག་བྱེད་དགོས།རྩྭ་ཐང་གི་མེ་སྐྱོན་འབྱུང་སྲིད་པའི་ཐང་སྟོང་མིན་ས་ནས་མེ་བཀོལ་བར།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ངེས་པར་དུ་རྩིས་སྤྲོད་དོ་དམ་གྱི་བླང་བྱ་ལྟར་དོ་དམ་ནན་མོ་བྱེད་དགོས། ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་རྩྭ་ཁུལ་ལ་སྐྱོད་པའི་རླངས་འཁོར་གྱིས་རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་གནང་བའི་རྩྭ་ཐང་མེ་འགོག་གི་ལམ་ཡིག་ལེན་དགོས་པ་མ་ཟད།མེ་འགོག་ཐད་ཀྱི་རྩིས་སྤྲོད་དོ་དམ་བརྩི་སྲུང་བྱེད་དགོས།

དོན་ཚན་ཉེར་གསུམ། ཞིང(ཕྱུགས)ར་དང་བཟོ་གཏེར་ཁེ་ལས།ཐོན་སྐྱེད་བདག་གཉེར་ལས་ཁུངས་གཞན་པ་དང་དེ་མིན་བཅའ་སྡོད་དམ་དཔུང་ལས་ཁུངས།རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལས་ཁུངས་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ཀྱིས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གི་མཛུབ་སྟོན་འོགརྩྭ་ཐང་མེ་འགོག་ཐད་ཀྱི་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ་དང་།མེ་ཁུངས་དོ་དམ་ལ་ཤུགས་སྣོན་པ།མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་བཅས་བྱས་ནས།རང་ས་ཁོངས་ཀྱི་རྩྭ་ཐང་མེ་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།

ལམ་དང་གཞུང་ལམ།གློག་ཤུགས།ལྕགས་གློག་འཕྲིན་སྐུད་ལམ།རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྦུ་གུ་སོགས་བདག་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་དེའི་རྩྭ་ཐང་མེ་འགོག་གི་འགན་འཁྲི་མངའ་ཁོངས་ནང་མེ་འགོག་བྱེད་ཐབས་དངོས་འབེབས་བྱས་ཏེ།རྩྭ་ཐང་ལ་མེ་སྐྱོན་འབྱུང་བ་སྔོན་འགོག་བྱེད་དགོས།

རྩྭ་ཐང་འགན་གཙང་ལེན་དང་བདག་གཉེར་བྱས་རྩྭ་པའི་མི་སྒེར་གྱིས་འགན་གཙང་ལེན་དང་བདག་གཉེར་བྱས་པའི་རྩྭ་ཐང་སྟེང་མེ་ཁུངས་དོ་དམ་ལ་ངེས་པར་དུ་ཤུགས་སྣོན་པ་དང་མེ་སྐྱོན་འབྱུང་བའི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ།རྩྭ་ཐང་མེ་འགོག་གི་འོས་འགན་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་བཞི། རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་དོན་དངོས་ལྟར་རྩྭ་ཐང་མེ་འགོག་ཁུལ་གཙོ་བོ་དབྱེ་འབྱེད་གཏན་འབེབས་བྱས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱེད་དགོས།

རྩྭ་ཐང་མེ་འགོག་ཁུལ་གཙོ་བོའི་རྫོང་རིམ་རྩྭ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལས་ཁུངས་ཀྱིས་དགོས་མཁོ་ལྟར་ཆེད་ལས་ཅན་གྱི་མེ་གསོད་རུ་ཁག་འཛུགས་པ་དང་།འབྲེལ་ཡོད་ཞང(གྲོང་རྡལ)དང་སྡེ་བས་མང་ཚོགས་ཅན་གྱི་མེ་གསོད་རུ་ཁག་འཛུགས་དགོས།མེ་གསོད་རུ་ཁག་ལ་ཆེད་ལས་གསོ་སྦྱོང་བྱེད་དགོས་པ་མ་ཟད།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བཀོད་འདོམས་དང་བཀོད་སྒྲིག་དང་ལེན་བྱེད་དགོས།

དོན་ཚན་ཉེར་ལྔ། མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་དང་གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་མཉམ་འབྲེལ་སྒོས་རྩྭ་ཐང་མེ་འགོག་དང་ཉེན་འགོག་ཐད་ནས་སྔོན་བརྡ་དང་ཉེན་བརྡ་སྔོན་ནས་གཏོང་བའི་ལམ་ལུགས་འཛུགས་དགོས།གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་རྩྭ་ཐང་མེ་འགོག་གི་དགོས་མཁོ་དངོས་ལྟར།རྩྭ་ཐང་མེ་སྐྱོན་གནམ་གཤིས་ཀྱི་རིམ་པ་སྔོན་བརྡ་དང་ཁྱབ་བསྒྲགས་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་།གསར་འགྱུར་སྨྱན་བྱེད་ཀྱིས་ངེས་པར་དུ་རྩྭ་ཐང་མེ་སྐྱོན་གནམ་གཤིས་ཀྱི་རིམ་པ་དུས་ཐོག་ཏུ་བསྒྲག་དགོས།

གསུམ་པ།རྩྭ་ཐང་མེ་འགོག་གྱི་ལེའུ་མེ་གསོད་སྐོར།

དོན་ཚན་ཉེར་དྲུག སྐྱོན་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་རྩྭ་ཐང་སྟེང་ཐོན་སྐྱེད་བདག་གཉེར་བྱ་འགུལ་སྤེལ་བའི་ལས་ཁུངས་དང་མི་སྒེར་གྱིས་རྩྭ་ཐང་ལ་མེ་སྐྱོན་བྱུང་བ་ཤེས་ན།ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པ་མ་ཟད།ས་གནས་དེའི་མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།རྩྭ་ཐང་ལ་མེ་སྐྱོན་བྱུང་བ་ཤེས་པའི་ལས་ཁུངས་དང་མི་སྒེར་གཞན་གྱིས་ཀྱང་ངེས་པར་དུ་ས་གནས་དེའི་མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།

གནས་དེའི་མི་དམངས་སྲིད་གཞུང་དང་ཡང་ས་ན་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཡར་ཞུ་འབྱོར་རྗེས།མྱུར་དུ་མི་སྣ་མེ་སྐྱོན་བྱུང་སར་འགྲོ་བར་རྩ་འཛུགས་བྱས་ནས་ལ།མེ་སྐྱོན་གྱི་གནས་ཚུལ་ཞིབ་བཤེར་གཏན་འབེབས་བྱེད་པ་དང་།ཚོད་འཛིན་དང་མེ་གསོད་བྱེད་ཐབས་སྤྱད་ནས་རྩྭ་ཐང་མེ་སྐྱོན་མཆེད་པར་སྔོན་འགོག་བྱེད་དགོས།

དོན་ཚན་ཉེར་བདུན། མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་མེ་འགོག་བྱུང་བའི་དུས་ཚོད་དང་ས་གནས།ཚོད་དཔག་བྱས་པའི་མེ་ཤོར་རྒྱ་ཁྱོན།མེ་སྐྱོན་མཆེད་ཚུལ་སོགས་གནས་ཚུལ་གོང་རིམ་མི་དམངས་སྲིད་གཞུང་དང་དེའི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།མངའ་ཁོངས་ཕྱིའི་རྩྭ་ཐང་མེ་འགོག་མེ་སྐྱོན་དེས་རང་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་བཏང་ཚེ།མངའ་ཁོངས་ཕྱིའི་རྩྭ་ཐང་མེད་སྐྱོན་དང་རང་རྒྱལ་མཐའ་ཁུལ་ས་མཚམས་བར་གྱི་བར་ཐག་དང་མཐའ་ཁུལ་དུ་མཆེད་ཚད་དང་རང་རྒྱལ་རྩྭ་ཐང་ལ་འཇིགས་སྐུལ་ཐེབས་ཚད་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱེད་དགོས།

རྩྭ་ཐང་ལ་མེ་སྐྱོན་བྱུང་ཚུལ་གསང་བ་རྩྭ་དང་རྫུན་ཞུ་བྱེད་པའམ་མི་གཞན་པར་གསང་ཞུ་དང་རྫུན་ཞུ་བྱེད་དུ་འཇུག་པ་གཏན་འགོག་བྱེད་དགོས།

དོན་ཚན་ཉེར་བརྒྱད། ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་མེ་སྐྱོན་བྱུང་བའི་གནས་ཚུལ་ལྟར་མེ་སྐྱོན་གྱི་རིམ་པ་གཏན་འཁེལ་བྱེད་དགོས་པ་མ་ཟད།དུས་ལྟར་རྩྭ་ཐང་མེ་སྐྱོན་གྱི་བབ་བསྟུན་ཐག་གཅོད་འཆར་གཞི་ལག་བསྟར་བྱེད་འགོ་རྩོམ་དགོས།རྩྭ་ཐང་མེ་སྐྱོན་ཚབས་ཆེན་ནམ་ཤིན་ཏུ་ཚབས་ཆེན་དང་མངའ་ཁོངས་ཕྱིའི་རྩྭ་ཐང་མེ་སྐྱོན་ཤོར་ཏེ་རང་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིརྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དུས་ལྟར་རྩྭ་ཐང་མེ་འགོག་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་ལག་བསྟར་བྱེད་འགོ་རྩོམ་དགོས།

དོན་ཚན་ཉེར་དགུ སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་རྗེས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞིའི་བླངས་བྱ་ལྟར།རྩྭ་ཐང་མེ་མེ་སྐྱོན་གསོད་པའི་བྱ་བ་རྩ་འཛུགས་དང་བཀོད་འདོམས་བྱེད་དགོས།

རྩྭ་ཐང་མེ་སྐྱོན་གསོད་སྐབས་ཐོག་མར་ངེས་རྩྭ་པར་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་དང་།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་དུས་ལྟར་རྩྭ་ཐང་མེ་སྐྱོན་གྱི་འཇིགས་སྐུལ་ཐེབས་པའི་སྡོད་དམངས་དང་མི་སྣ་གཞན་དག་རྣམས་བདེ་འཇགས་ས་ཁུལ་དུ་གནས་སྤོ་བར་སྐུལ་སློང་བྱེད་དགོས་པ་མ་ཟད།ད་དུང་བཀོད་སྒྲིག་ལེགས་པོ་བྱེད་དགོས།གནས་ཚུལ་ཛ་དྲག་ཆེ་བའི་སྐབས་སུ།བཙན་ཤེད་ཀྱིས་གནོད་འཚེ་གཡོལ་བར་གནས་སྤོ་བྱེད་དུ་འཇུག་ཆོག

དོན་ཚན་སུམ་ཅུ། མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་འཆར་གཞིའི་ལས་བགོས་ལྟར།དེ་དང་མཐུན་པའི་རྩྭ་ཐང་མེ་སྐྱོན་བབ་བསྟུན་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་དགོས།

གཤིས་གཙོ་གཉེར་ལས་ཁུངས་ཀྱིས་གནམ་གཤིས་གནམ་སྔོན་དཔག་དང་གནམ་གཤིས་སྔོན་བརྡ་གཏོང་བའི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་།དུས་ལྟར་ས་གནས་དེའི་མི་དམངས་སྲིད་གཞུང་ལ་གནམ་གཤིས་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པ་མ་ཟད།གནམ་གཤིས་ཆ་རྐྱེན་དང་བསྟུན་ནས་མིའི་ཐབས་ཀྱིས་ཆར་པ་འབབ་ཏུ་འཇུག་དགོས།  སྲིད་སྡེ་ཁག་གིས་དུས་ལྟར་ཉེན་གཡོལ་དམངས་ཁང་དང་རོགས་སྐྱོབ་དངོས་རྫས་འདོན་སྤྲོད་ས་ཚིགས་བཙུགས་ནས།གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་དགོས།བསྟེན་གཙོ་གཉེར་སྡེ་ཁག་གིས་སྨན་བཅོས་འཕྲོད་སྲོག་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།ལམ་དང་འགྲིམ་འགྲུལ།མཁའ་སྐྱོད་སོགས་ལྕགས་སྡེ་ཁག་གིས་སྔོན་ལ་རྒུད་སྐྱོབ་དངོས་རྫས་དང་སྒྲིག་ཆས།སྨན་རྫས།ཟས་རིགས་བཅས་སྐྱེལ་འདྲེན་བྱེད་དགོས།སྐྱེལ་གཙོ་གཉེར་སྡེ་ཁག་གིས་མྱུར་དུ་འཕྲིན་བབ་བསྟུན་འཕྲིན་སྐྱེལ་ཐད་ནས་འགན་སྲུང་བྱེད་དགོས།བདེ་སྡེ་ཁག་གིས་དུས་ལྟར་རྩྭ་ཐང་སྤྱི་མེ་སྐྱོན་གྱི་གྱོད་གཞི་ཞིབ་གཅོད་བྱས་ཏེ།སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་སོ་གཅིག སྐྱོན་གསོད་སྐབས་ངེས་པར་དུ་ཆེད་ལས་མེ་གསོད་རུ་ཁག་དང་ཆེད་དུ་སྦྱོང་བརྡར་བྱས་ཡོད་པའི་མང་ཚོགས་མེ་གསོད་རུ་ཁག་རྩ་འཛུགས་དང་སྐུལ་སློང་བྱེད་དགོས་པ་དང་།མེ་གསོད་བཀའ་རྒྱ་འབྱོར་བའི་སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་ངེས་པར་དུ་གང་མྱུར་གྱིས་དམིགས་བཙུགས་ས་ཁུལ་དུ་སོང་ནས་མེ་གསོད་བྱ་བའི་ནང་ཞུགས་དགོས།

རྩྭ་ཐང་མེ་སྐྱོན་གསོད་པའི་བྱ་བར་དབང་རྩྭ་བོ་སྐྱོན་ཅན་དང་སྦྲུམ་མ།ལོ་ན་མ་སོན་པའི་མི།རྒན་པ་བཅས་ཞུགས་པར་སྐུལ་སློང་བྱེད་མི་ཆོག

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་རྩྭ་ཐང་མེ་སྐྱོན་གསོད་པའི་བྱ་བར་ཞུགས་དགོས་ན།《དམག་དཔུང་ཉེན་ཁ་མྱུར་སྐྱོབ་དང་གནོད་སྐྱོན་སེལ་བར་ཞུགས་པའི་སྲོལ་ཡིག》སྟེང་གི་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་སོ་གཉིས། སྐྱོན་གསོད་པའི་དགོས་མཁོ་ལྟར།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་དངོས་རྫས་དང་འགྲིམ་འགྲུལ་ཡོ་བྱད།འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་བཅས་མྱུར་དུ་གཞུང་བསྡུ་བྱེད་ཆོག་ལ།དགོས་ངེས་ཀྱི་སྐབས་སུ་བཀག་དངོས་མེད་པར་བཟོ་བ་དང་བར་བཅད་བྱེད་ས་འཛུགས་པ་དང་བབ་བསྟུན་ཆུ་ལེན་པ།ས་གནས་ཁ་ཤས་སུ་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བྱེད་པ་སོགས་ཀྱི་བབ་བསྟུན་དོ་དམ་བྱེད་ཐབས་སྤྱད་ཆོག

འགོག་སྐྱོབ་ཀྱི་དགོས་མཁོ་ལྟར།སྡེ་ཚན་རྒུད་དང་མི་སྒེར་གྱི་དངོས་རྫས་དང་འགྲིམ་འགྲུལ་ཡོད་བྱད།སྒྲིག་བཀོད་དང་སྒྲིག་ཆས་བཅས་གཞུང་བསྡུ་བྱས་པ་དང་ཡང་ན་དེའི་སྡོད་ཁང་དང་ས་ཞིང་འཛིན་སྤྱོད་བྱེད་དགོས་ན།བྱ་བ་གྲུབ་རྗེས་དུས་ལྟར་ཕྱིར་སྤྲོད་དགོས་པ་མ་ཟད།བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་སྐྱིན་ཚབ་སྟེར་དགོས།

དོན་ཚན་སོ་གསུམ། སྐྱོན་ཚབས་ཆེན་དང་ཡང་ན་ཧ་ཅང་ཚབས་ཆེན་བྱུང་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་མི་སྣ་མྱུར་དུ་མེ་སྐྱོན་བྱུང་སར་འགྲོ་བར་མངགས་ནས།མེ་སྐྱོན་གསོད་པར་རྩ་འཛུགས་དང་མཐུན་སྦྱོར།ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས་པ་མ་ཟད།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ལས་བརྒལ་བའི་རྩྭ་ཐང་མེ་སྐྱོན་འགོག་པའི་དངོས་རྫས་འཐེན་སྤྱོད་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས།

ཁུལ་གྱི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་ནགས་པའི་རྩྭ་ཐང་མེ་སྐྱོན་བྱུང་ན།འབྲེལ་ཡོད་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དུས་ལྟར་འབྲེལ་ཡོད་ནགས་ལས་གཙོ་གཉེར་སྡེ་ཁག་ལ་བརྡ་སྦྱོར་གཏོང་དགོས། ཁོངས་ཕྱིའི་རྩྭ་ཐང་མེ་སྐྱོན་གྱིས་རང་མངའ་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་བཏང་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དེ་མ་ཐག་ཏུ་མི་སྣ་འབྲེལ་ཡོད་མེ་སྐྱོན་བྱུང་སེར་འགྲོ་བར་མངགས་ནས།མེ་སྐྱོན་སྔོན་འགོག་བྱེད་པར་རྩ་འཛུགས་དང་མཐུན་སྦྱོར།ལྟ་སྐུལ་མཛུབ་སྟོན་བཅས་བྱེད་དགོས་པ་མ་ཟད།འབྲེལ་ཡོད་གནས་ཚུལ་རྣམས་དུས་ཐོག་ཏུ་ཕྱི་འབྲེལ་པུའུ་ལ་བརྡ་སྦྱོར་གཏོང་དགོས།

དོན་ཚན་སོ་བཞི། རྩྭ་ཐང་མེ་སྐྱོན་ཆ་འཕྲིན་གཅིག་གྱུར་སྒོས་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།མེ་སྐྱོན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་དང་ཡང་ན་རང་རྒྱལ་གྱི་རྩྭ་ཐང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་མངའ་ཁོངས་ཕྱིའི་རྩྭ་ཐང་མེ་སྐྱོན་གྱི་ཆ་འཕྲིན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁྱབ་བསྒྲགས་བྱེད་དགོས་པ་དང་།རྩྭ་ཐང་མེ་སྐྱོན་གཞན་པའི་ཆ་འཕྲིན་རྣམས་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་སོ་ལྔ། ཐང་མེ་འགོག་ས་ཁུལ་གྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་མེ་སྐྱོན་གྱི་བབ་བསྟུན་ཐག་གཅོད་འཆར་གཞིའི་གཏན་ཁེལ་ལྟར།རྩྭ་ཐང་མེ་འགོག་གི་བཀོད་འདོམས་པུའུ་འཛུགས་ཆོག་ལ།ལེའུ་འདིས་གཏན་ཁེལ་བྱས་པའི་རང་རིམ་པའི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་མེ་སྐྱོན་གསོད་ཁྲོད་ཀྱི་འགན་འཁྲི་འཁུར་དགོས།

བཞི་བ།མེ་སྐྱོན་བྱུང་རྗེས་ཀྱི་ལེའུ་བཀོད་སྒྲིག་སྐོར།

དོན་ཚན་སོ་དྲུག  སྐྱོན་བསད་རྗེས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གམ་དེའི་དམིགས་བཙུགས་སྡེ་ཚན་གྱིས་མེ་སྐྱོན་བྱུང་སར་སྒོ་ཀུན་ནས་ཞིབ་བཤེར་བྱས་ཏེ།མེ་རོ་གཙང་སེལ་བྱེད་དགོས་པ་མ་ཟད།མི་སྣ་འདང་ཚོད་ཅིག་བཞག་ནས་གནས་དེར་ལྟ་སྲུང་བྱེད་དགོས།རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་དང་མཐུན་ན།ལྟ་སྲུང་མི་སྣ་ད་གཟོད་ཕྱིར་འཐེན་ཆོག

དོན་ཚན་སོ་བདུན། མེ་སྐྱོན་བསད་རྗེས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ།དུས་ལྟར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་བྱ་ལེགས་པར་བསྒྲུབ་དགོས་པ་དང་།གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལ་འགན་སྲུང་དང་འཕྲོད་བསྟེན་རིམས་འགོག་བྱ་བ་ལེགས་སྒྲུབ་བྱས་ཏེ།འགོས་ནད་འབྱུང་བ་དང་མཆེད་པར་སྔོན་འགོག་བྱེད་དགོས།

དོན་ཚན་སོ་བརྒྱད། སྐྱོན་བསད་རྗེས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་དུས་ལྟར་རྩྭ་ཐང་སླར་གསོ་བྱེད་པའི་འཆར་གཞི་གཏན་འཁེལ་བྱེད་དགོས་པ་དང་།རྩྭ་སོན་འདེབས་པ་དང་མིའི་ཐབས་ཀྱིས་རྩྭ་འདེབས་པ་སོགས་ལག་རྩལ་བྱེད་ཐབས་སྤྱད་དེ། ཐང་གི་སྔོ་ཁེབས་སླར་གསོ་བྱེད་དགོས་རྩྭ་པ་མ་ཟད།ཕྱུགས་བྱའི་ནད་ཡམས་ལ་བརྟག་དཔྱད་བྱེད་པའི་བྱ་བ་ལེགས་པར་བསྒྲུབས་ཏེ།སྲོག་ཆགས་ལ་ནད་ཡམས་འབྱུང་བར་སྔོན་འགོག་བྱེད་དགོས།

དོན་ཚན་སོ་དགུ སྐྱོན་བསད་རྗེས།འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དུས་ལྟར་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།མེ་སྐྱོན་བྱུང་བའི་དུས་ཚོད་དང་ས་གནས།རྒྱུ་རྐྱེན།ད་རུང་མེ་སྐྱོན་བཟོ་མཁན་སོགས་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད།ཐག་གཅོད་སྐོར་གྱི་བསམ་འཆར་འདོན་དགོས།

རྩྭ་ཐང་མེ་འགོག་གཙོག་གཉེར་སྡེ་ཁག་གིས་རྩྭ་གནོད་འཚེ་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་དང་གནོད་ཐེབས་ཕྱུགས་བྱའི་རིགས་སྣ་དང་གྲངས་འབོར།གནོད་ཐེབས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་རིགས་སྣ་དང་གྲངས་འབོར།མི་སྣ་ཤི་རྨས་དང་དེ་མིན་དངོས་རྫས་ཟད་ཚད་དང་དཔལ་འབྱོར་གྱི་གྱོང་གུན་གཞན་དག་སོགས་ཀྱི་གནས་ཚུལ་སྡོམ་རྩིས་བྱེད་དགོས་པ་དང་།རྩྭ་ཐང་མེ་སྐྱོན་གྱིས་མཁར་གྲོང་གི་སྡོད་དམངས་ཀྱི་འཚོ་བ་དང་བཟོ་ལས་དང་ཞིང་ལས་ཐོན་སྐྱེད།སྐྱེ་ཁམས་ཁོར་ཡུག་བཅས་ལ་བཟོས་པའི་གནོད་འཚེ་གདེང་འཇོག་བྱེད་དགོས་པ་མ་ཟད།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོག་གཉེར་སྡེ་ཁག་གི་གཏན་ཁེལ་ལྟར་ཡར་ཞུ་བྱེད་དགོས།

དོན་ཚན་བཞི་བཅུ། ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་མེ་སྐྱོན་གྱི་སྡོམ་རྩིས་རེའུ་མིག་སྟེང་གི་བླང་བྱ་ལྟར།རྩྭ་ཐང་མེ་སྐྱོན་སྡོམ་རྩིས་བྱས་ཏེ།གོང་རིམ་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་མ་ཟད།རིམ་པ་གཅིག་པའི་སྤྱི་བདེ་སྡེ་ཁག་དང་སྡོམ་རྩིས་ལས་ཁུངས་ལ་བཤུས་འབུལ་བྱེད་དགོས།རྩྭ་ཐང་མེ་སྐྱོན་གྱི་སྡོམ་རེའུ་མིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་མཉམ་དུ་གཏན་འཁེལ་བྱེད་དགོས་པ་དང་།རྒྱལ་ཁབ་སྡོམ་རྩིས་སྡེ་ཁག་ལ་ཡར་ཞུ་བྱས་ནས་སྙན་སེང་ཐོ་འགོད་བྱེད་དགོས།

དོན་ཚན་ཞེ་གཅིག སྐྱོན་གསོད་པའི་ནང་ཞུགས་ནས་རྨས་སྐྱོན་ཕོག་པ་དང་དབང་བོ་སྐྱོན་ཅན་དུ་བཏང་བའམ་ཤི་བ་བཅས་ཀྱི་མི་སྣར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་སྨན་བཅོས་དང་འཆི་གོད་གྱོང་གསབ་མ་དངུལ་སྟེར་དགོས།

ལྔ་བ།བཅའ་ཁྲིམས་ཀྱི་འགན་འཁྲི་ལེའུ་སྐོར།

དོན་ཚན་ཞེ་གཉིས། གཏན་ཁེལ་དང་འགལ་བའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་པ་དང་དེའི་ལས་བྱེད་མི་སྣར་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།དེའི་གོང་རིམ་སྲིད་འཛིན་ལས་ཁུངས་དང་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་འབབ་དགོས་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཐད་ཀར་འགན་ཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་ཡོད་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།ནག་ཉེས་སུ་གྱུར་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་ཏེ།

(གཅིག)གཏན་ཁེལ་ལྟར་རྩྭ་ཐང་མེ་སྐྱོན་གྱི་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་མ་བྱས་པ།

(གཉིས)རྩྭ་ཐང་མེ་འགོག་གི་བླང་བྱ་དང་མི་མཐུན་པའི་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པའམ་གས་གཏོར་དང་རྩད་ཞིབ།ཨར་ལས་བྱེད་པ་སོགས་ཀྱི་བྱ་འགུལ་ལ་ཆོག་མཆན་བཀོད་པ།

(གསུམ)ཆ་རྐྱེན་དང་མི་མཐུན་པའི་རླངས་འཁོར་ལ་རྩྭ་ཐང་མེ་འགོག་གི་ལམ་ཡིག་བྱིན་པ།

(བཞི)རྩྭ་ཐང་མེ་སྐྱོན་གསང་བ་དང་རྫུན་ཞུའམ་མི་གཞན་ལ་གསང་ཞུ་དང་རྫུན་ཞུ་བྱེད་དུ་བཅུག་པ།

(ལྔ)དུས་ལྟར་རྩྭ་ཐང་མེ་སྐྱོན་གསོད་པའི་བྱེད་ཐབས་མ་སྤྱད་པ།

(དྲུག)ཁྲིམས་ལྟར་འགན་འཁྲི་ལག་བསྟར་མ་བྱས་པའི་བྱ་སྤྱོད་གཞན་དག

དོན་ཚན་ཞེ་གསུམ། མེ་འགོག་གི་མ་དངུལ་བཀག་ཉར་དང་གཞན་སྤྱོད་བྱས་པའམ་རྩྭ་ཐང་མེ་འགོག་གི་དངོས་པོ་བདག་བཟུང་དང་གཞན་སྤྱོད་བྱས་ན།འབྲེལ་ཡོད་ནོར་སྲིད་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་དགོས་པ་དང་།ནག་ཉེས་སུ་གྱུར་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་ཞེ་བཞི། གཏན་ཁེལ་དང་འགལ་བ་དང་།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།རྫོང་རིམ་པ་ཡན་གྱིས་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་འབབ་དགོས་པ་དང་།དེར་མེ་འགོག་བྱེད་ཐབས་སྤྱོད་དུ་འཇུག་དགོས་པ་མ་ཟད།དུས་བཅད་ལྟར་འབྲེལ་ཡོད་འགྲོ་ལུགས་བསྐྱར་སྒྲུབ་བྱས་ཏེ།འབྲེལ་ཡོད་འགན་ཁུར་མི་སྣར་སྒོར2000ཡན་ནས5000མན་བར་གྱི་ཆད་པ་གཅོད་པ་དང་།འབྲེལ་ཡོད་འགན་ཁུར་ལས་ཁུངས་ལ་སྒོར5000ཡན་ནས་ཁྲི2མན་བར་གྱི་ཆད་པ་གཅོད་དགོས་ཏེ།

(གཅིག)ཆོག་མཆན་མ་བཀོད་པར་རྩྭ་ཐང་གི་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པའམ་གས་གཏོར་དང་བརྟག་ཞིབ།ཨར་ལས་སོགས་ཀྱི་བྱ་འགུལ་སྤེལ་བ།

(གཉིས)རྩྭ་ཐང་མེ་འགོག་གི་ལམ་ཡིག་མ་བླངས་པར་རྩྭ་ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་ས་ཁུལ་དུ་སོང་བ།

དོན་ཚན་ཞེ་ལྔ། གཏན་ཁེལ་དང་འགལ་བ་དང་།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་འབབ་དགོས་པ་དང་།དེར་མེ་འགོག་བྱེད་ཐབས་སྤྱད་དེ་མེ་སྐྱོན་གྱི་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་རུ་འཇུག་དགོས་པ་མ་ཟད།འབྲེལ་ཡོད་འགན་འཁྲི་མི་སྣར་སྒོར200ཡན་ནས་སྒོར2000མན་བར་གྱི་ཆད་པ་གཅོད་དགོས་པ་དང་།འབྲེལ་ཡོད་འགན་འཁྲི་ལས་ཁུངས་ལ་སྒོར2000ཡན་ནས་སྒོར་ཁྲི2མན་བར་གྱི་ཆད་པ་གཅོད་དགོས།མེ་འགོག་བྱེད་ཐབས་མི་སྤྱོད་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མི་བསལ་བ་ཡིན་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དེའི་ཚབ་བྱས་ཏེ་མེ་འགོག་གི་བྱེད་ཐབས་སྤྱད་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་དགོས་པ་དང་།དེའི་མཁོ་བའི་འགྲོ་གྲོན་ཡོངས་རྫོགས་ཁྲིམས་འགལ་ལས་ཁུངས་དང་མི་སྒེར་གྱིས་འཁུར་དགོས་ཏེ།

(གཅིག)རྩྭ་ཐང་མེ་འགོག་དུས་ཡུན་ནང་།ཆོག་མཆན་བཀོད་དེ་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པར་མེ་འགོག་གི་བྱེད་ཐབས་གང་ཡང་མ་སྤྱད་པ།

(གཉིས)རྩྭ་ཐང་དུ་ལས་ཀ་གཉེར་བ་དང་སྐྱོད་བཞིན་པའི་འཕྲུལ་སྒུལ་འཁོར་ལོ་ལ་མེ་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ་དང་ཡང་ན་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པ།

(གསུམ)རྩྭ་ཐང་སྟེང་སྐྱོད་བཞིན་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་ཁ་ལོ་བ་དང་ལས་གཉེར་མི་སྣའམ་མགྲོན་པོ་བཅས་ཀྱིས་མེ་སོན་གཡུགས་པ།

(བཞི)རྩྭ་ཐང་དུ་ལས་ཀ་གཉེར་བཞིན་པའི་འཕྲུལ་ཆས་དང་སྒྲིག་ཆས་བཀོལ་བའི་མི་སྣས་མེ་འགོག་སྐོར་གྱི་བདེ་འཇགས་སྤྱོད་སྟངས་ཀྱི་སྒྲིག་སྲོལ་བརྩི་སྲུང་མ་བྱས་པ་དང་ཡང་ན་ཐང་སྟོང་དུ་ལས་ཀ་གཉེར་བཞིན་པའི་འཕྲུལ་ཆས་དང་སྒྲིག་ཆས་ལ་མེ་འགོག་བྱེད་ཐབས་མ་སྤྱད་པ།

(ལྔ)རྩྭ་ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་ས་ཁུལ་དུ་གཏན་ཁེལ་ལྟར་མེ་བཀོལ་སྤྱོད་མ་བྱས་པ།

དོན་ཚན་ཞེ་དྲུག   གཏན་ཁེལ་དང་འགལ་བའི་རྩྭ་ཐང་སྟེང་གི་ཐོན་སྐྱེད་བདག་གཉེར་སོགས་ལས་ཁུངས་ཀྱི་རྩྭ་ཐང་མེ་འགོག་གི་འགན་འཁྲིའི་ལམ་ལུགས་བཙུགས་མེད་པའམ་དོན་འཁྱོལ་མ་བྱས་པར།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་འབབ་དགོས་པ་དང་།འབྲེལ་ཡོད་འགན་ཁུར་ལས་ཁུངས་ལ་སྒོར5000ཡན་ནས་སྒོར་ཁྲི2མན་བར་གྱི་ཆད་པ་གཅོད་དགོས།

དོན་ཚན་ཞེ་བདུན ། གཏན་ཁེལ་དང་འགལ་བ་དང་།བསམ་བཞིན་དང་ཡང་ན་ལས་འཛོལ་གྱི་དབང་གིས་རྩྭ་ཐང་ལ་མེ་སྐྱོན་བཟོས་ཏེ་ནག་ཉེས་སུ་གྱུར་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དྲུག་པ།ཞར་བྱུང་།

དོན་ཚན་ཞེ་བརྒྱད། མེ་གསོད་རླངས་འཁོར་གྱིས་གཏན་ཁེལ་ལྟར་མཚོན་རྟགས་རི་མོ་འགོད་དགོས་པ་དང་ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་གློག་སྒྲོན་བཅས་སྒྲིག་སྦྱོར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།