ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གྲོས་ཞིབ་བྱེད་པར་ཞུ་འབུལ་བྱ་རྩིས་ཡོད་པའི་ཡིག་ཆར་གྲོས་སྡུར་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་སྐོར་གྱི་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ10པའི་ཚེས12ཉིན་གྲོས་ཚོགས་བསྡུས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ལོ་ལྔའི་འཆར་འགོད་ཨང་བཅུ་གསུམ་པ་གཏན་འབེབས་བྱེད་པའི་གནད་དོན་ཆེན་པོ་ལ་ཞིབ་འཇུག་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་སྐོར་གྱི་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ10པའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་འཚོགས་རྒྱུའི་ཐག་བཅད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ལོ་ལྔའི་འཆར་འགོད་ཨང་བཅུ་གསུམ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི》མ་ཡིག་དེ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནང་བསམ་འཆར་སྡུད་ལེན་བྱས་པའི་གནས་ཚུལ་སྙན་ཞུ་ལ་མཉན་པར་མ་ཟད།ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་མོལ་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བྱས་རྗེས་གྲོས་གཞིའི་མ་ཡིག་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གྲོས་ཞིབ་བྱེད་པར་ཞུ་འབུལ་བྱ་རྒྱུའི་ཐག་བཅད།

  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་ནི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་ནི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་རྩ་བའི་སྲིད་ཇུས་ཡིན།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ།རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་རྒྱུན་འཁྱོངས་བྱེད་པ་དང་།ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། རུལ་སུངས་ལ་རྒོལ་བ་དང་ངན་པར་ཆད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྐོར་ཞིབ་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་དངོས་གནས་ཐག་གཅོད་བཟང་བོ་བྱ་དགོས་པ་ནན་གྱིས་བསྟན།

  ཕུན་སུམ་ཚོགས་པའི་ལག་ལེན་ལས་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་བྱེད་པའི་སྐོར་གྱི་ཚད་གཞི་འགའ》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག》གཉིས་བཟོ་བཅོས་བྱེད་པའི་བྱ་བའི་ཐད་ཏང་གི་སྒྲིག་ཡིག་གཞི་འཛིན་པ་རྒྱུན་འཁྱོངས་དང་། གནད་དོན་གྱི་ཁྲིད་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས།སྒྲིག་ཁྲིམས་བཅའ་ཁྲིམས་ལས་བཙན་པོ་ཡིན་པ་དང་བཅའ་ཁྲིམས་ལས་སྒྲིག་ལམ་སྔོན་དུ་ལག་བསྟར་བྱེད་པ་བཅས་རྒྱུན་འཁྱོངས་དང་།ཏང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཉམས་མྱོང་སྡུད་ལེན་བྱས་པ་དང་ཏང་གཟབ་ནན་གྱིས་སྐྱོང་བའི་ལག་ལེན་འབྲས་བུ་དེ་སྒྲིག་ཁྲིམས་དང་ཀུན་སྤྱོད་ཀྱི་བླང་བྱར་བསྒྱུར་པས།ཏང་ནང་གི་ཁྲིམས་སྲོལ་འཛུགས་སྐྲུན་ཐད་དུས་བསྟུན་ལྷན་སྐྱོད་མངོན་དུ་བསྒྱུར།

  གྲོས་ཚོགས་སྟེང་བལྟས་ན།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་ན་ཐོག་མར་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱ་དགོས།གསར་དུ་བཟོ་བཅོས་བྱས་པའི《ཚད་གཞི》དང《སྲོལ་ཡིག》ནི་ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་བྱེ་བྲག་ཏུ་བཏང་བ་ཡིན་པས།ཁྲིམས་སྲོལ་འདི་གཉིས་ནན་ཏན་སྒོས་དངོས་འབེབས་དང་ལག་ལེན་ནན་མོ་བྱ་དགོས་པར་མ་ཟད། བླ་ན་མིད་པའི་ཀུན་སྤྱོད་འཛུགས་པ་དང་ཏང་གི་སྒྲིག་ཁྲིམས་དེ་ལག་བསྟར་ནན་མོ་བྱས་ནས།ཏང་གི་སྒྲིག་ཡིག་གི་དབང་གྲགས་འཛུགས་དགོས་པར་སྙམ།

  རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་འཁུར་དགོས་ཤིང་དངོས་འབེབས་ནན་མོ་བྱེད་པ་དང་།《ཚད་གཞི》དང《སྲོལ་ཡིག》ལྟར་དོན་དག་བསྒྲུབ་པ།དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་རྒྱ་ཁྱབ་ཏུ་སྤེལ་བ་དང་ཏང་གི་སྲོལ་ཡིག་དང་ཏང་གི་སྒྲིག་ཁྲིམས་དེ་ཏང་ཡོན་ཡོངས་རྫོགས་དང་ལྷག་པར་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སེམས་སུ་འཇགས་དགོས།མགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྣེ་ཁྲིད་དེ་ཏང་གི་སྲོལ་ཡིག་དང་ཏང་གི་སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱ་དགོས་པ་དང་།ལས་འགན་ཁུར་ཕོད་པ་དང་གཟབ་ནན་བྱེད་ཕོད་པ།འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ཏེ།སྒྲིག་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་སྣ་ཚོགས་དོན་ཐོག་ཏུ་འབེབ་པར་ཁག་ཐེག་ནན་ཏན་བྱ་དགོས།རིམ་པ་སོ་སོའི་སྒྲིག་ཨུས་སྒྲིག་ཁྲིམས་ལག་ཏུ་བསྟར་བར་ལྟ་སྐུལ་བྱེད་པའི་ཁག་འགན་འདྲི་རྩོད་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་།《ཚད་གཞི》དང《སྲོལ་ཡིག》ལག་ལེན་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས་རུལ་སུངས་བྱེད་མི་ཐུབ་པ་དང་བྱེད་མི་རུང་བ། བྱེད་མི་འདོད་པའི་ནུས་ལྡན་ནང་རྐྱེན་བཙུགས་ཏེ།“ཁྱོན་ཡོངས་བཞིའི”འཐབ་ཇུས་ཆགས་སྟངས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་འགྱུར་བ་མིད་པའི་སྒྲིག་ཁྲིམས་ཕྱོགས་ཀྱི་ཁག་ཐེག་འདོན་སྤྲོད་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།