ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། ཅ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གཅིག་གི་བྱ་བར་ཕྱི་མིག་བལྟས་ན། ང་ཚོར་ཡང་ཞིབ་དཔྱོད་བྱ་བའི་ཁྲོད་སྔར་བཞིན་གནད་དོན་དང་མི་འདང་ས་ཁ་ཤས་གནས་ཡོད་པའི་མྱོང་ཚོར་ཟབ་མོ་ཐོབ་ཡོད་དེ། གཙོ་བོ་ནི་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་བེད་སྤྱད་དེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་འགལ་བ་འདུམ་འགྲིག་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་གཅིག 

ཞིབ་དཔྱོད་མི་སྣ་སྐོར་ཞིག་གི་ཁྲིམས་འཛིན་འདུ་ཤེས་དང་གྱོད་གཞི་ཐག་གཅོད་བྱེད་སྟངས་དེ་བཟོ་བཅོས་བྱས་རྗེས"བཅའ་ཁྲིམས་གསུམ་དང་སྒྲིག་ལམ་གཉིས"ཀྱི་བླང་བྱ་གསར་བ་དང་ད་རུང་མི་མཐུན་པ་དང་། བཅའ་ཁྲིམས་ཀྱིས་གསར་དུ་བསྩལ་བའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱེད་མི་འདང་བ་དང་གཉིས། 

ས་ཁུལ་ཁ་ཤས་ཀྱི་མི་ཉུང་ཞིང་གྱོད་གཞི་མང་པོའི་འགལ་བ་སྔར་བཞིན་འབུར་ཐོན་ཡིན་པ་དང་། བོད་ཁུལ་གཞི་རིམ་ཞིབ་དཔྱོད་ལས་ཁུངས་ཀྱི"ཤེས་ལྡན་མི་སྣ་ནང་དུ་འདྲེན་དཀའ་བ་དང་ཤེས་ལྡན་མི་སྣ་སྡོད་དུ་འཇུག་དཀའ་བ"སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ་དང་གསུམ། 

ཆ་འཕྲིན་ཅན་བེད་སྤྱོད་བྱེད་ནུས་མི་ཆེ་བ་དང་། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་པ་དང་བཞི།

 ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་བླང་བྱ་དང་ཞིབ་དཔྱོད་དཔུང་སྡེའི་དོ་དམ་ད་རུང་སྔར་ལས་ལྷག་པར་ནན་མོ་བྱེད་དགོས་པ་དང་ལྔའོ། འདི་དག་ལ་ང་ཚོས་གཙིགས་འཛིན་བྱེད་དགོས་པ་དང་། ནན་ཏན་གྱིས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།2016ལོའི་ལས་འགན་གཙོ་བོའི་སྐོར།2016ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་མཛུབ་སྟོན་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རབ་དང་རིམ་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཐེངས་བཅུ་གཅིག་པ་དང་རྒྱལ་ཡོངས་ཀྱི་ཅཱན་ཁྲ་ཀྲང་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལྷང་ངེ་བར་ལག་ལེན་མཐར་ཕྱིན་བྱེད་པ། བཅའ་ཁྲིམས་ལྟ་སྐུལ་དང་རང་སྟེང་ལྟ་སྐུལ། དཔུང་སྡེའི་འཛུགས་སྐྲུན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། འབད་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་སྙོམས་དང་དྲང་བདེན་གྱི་མྱོང་ཚོར་ཡོད་པར་འཇུག་དགོས།

གཅིག་ནི་སྔར་ལས་དངོས་གནས་ཀྱི་བྱེད་ཐབས་བེད་སྤྱད་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡོང་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས། 

ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྱོན་ཡོངས་འགན་སྲུང་བྱེད་པ་དེ་ཞིབ་དཔྱོད་བྱ་བའི་རྩ་བའི་ལས་འགན་དང་དམིགས་འབེན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཐོག རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང"གཅིག་གསུམ་གཅིག"གི་སྤྱི་ཡོངས་བླང་བྱ་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་། ཞིབ་དཔྱོད་འགན་ནུས་ལག་བསྟར་བྱེད་འགོ་རྩོམ་ས་དང་ཤུགས་འདོན་ས་དངོས་གནས་ཡང་དག་གིས་བཙལ་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་སྔར་ལས་ལྷག་པར་དངོས་གནས་ཅན་དང་ཞིབ་ཚགས་ཅན། ཟབ་སྤེལ་ཅན་དུ་སྒྱུར་དགོས། 《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་སྐོར་གྱི་བསམ་འཆར》དངོས་འབེབས་བྱ་བ་ལེགས་འཛིན་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སོགས་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཚད་ཇེ་ཆེར་བཏང་སྟེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་གྱིས་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་བསགས་ལ་ཁྲིམས་ལྟར་ཆད་གཅོད་དང་སྔོན་འགོག་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་བརྟན་པོར་བཅང་བ་དང་། ཞིང་ཆེན་ཁྲིམས་ལྟར་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་དམ་པོར་དམིགས་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་བསགས་ལ་རྦད་ཆོད་ཀྱིས་ཉེས་ཆད་བཅད་དེ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་སྔར་ལས་བཟང་བར་སྲུང་སྐྱོང་བྱེད་དགོས།

གཉིས་ནི་སྔར་ལས་ཆེ་བའི་ཤུགས་ཚད་ལ་བརྟེན་ནས་ལས་གནས་ཐོག་གི་ཉེས་བསགས་ལ་ཆད་གཅོད་དང་སྔོན་འགོག་བྱེད་དགོས།

ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཐོག རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཛུགས་པར་དམིགས་ནས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རང་འགུལ་གྱིས་བྱ་བ་སྒྲུབ་པ། ཁྲིམས་ལྟར་གྱོད་གཞི་ཐག་བཅད་དེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱུན་སྲིང་དམག་འཐབ་དང་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་དགོས། ཆད་གཅོད་གཙོ་གནད་ལྷང་ངེ་བར་བྱེད་པ་དང་། བཅོས་སྒྱུར་གཙོ་གནད་ཁྱབ་ཁོངས་སུ་བྱུང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བ། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་རུལ་སུངས་གནད་དོན་ལ་གཅིག་བསྡུས་ཀྱིས་ཞིབ་གཅོད་བྱེད་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཐོག་གི་ཉེས་བསགས་དང་ལྷག་པར་དུ་དཔོན་ཆུང་རྒྱུ་རྔམ་ཆེ་བའི་གྱོད་གཞིར་ཞིབ་གཅོད་གཟབ་ནན་བྱེད་པ། བདེ་འཇགས་ཆག་སྒོ་ཚབས་ཆེན་བྱུང་བའི་མངོན་མེད་ཀྱི་འགན་འཛོལ་ཉེས་བསགས་ལ་ནུས་ཤུགས་ཡོད་རྒུས་ཞིབ་གཅོད་བྱེད་དགོས། ལས་གནས་ཐོག་གི་ཉེས་བསགས་སྔོན་དཔག་སྔོན་བརྡ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་གཏོང་བར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། ལོ་འཁོར་སྙན་ཞུ་དང་ཆེད་དོན་སྙན་ཞུ། ཞིབ་དཔྱོད་གྲོས་གཞི་སོགས་རྣམ་པ་བེད་སྤྱོད་གང་ལེགས་བྱས་ནས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་ལམ་ལུགས་འཐུས་ཚང་གཏོང་བའི་གྲོས་གཞི་བཏོན་ཏེ། ལས་གནས་ཐོག་གི་ཉེས་བསགས་ལ་ཞིབ་གཅོད་དང་སྔོན་འགོག་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

གསུམ་ནི་སྔར་ལས་སྟོབས་ལྡན་གྱི་འགན་ཁུར་ལ་བརྟེན་ནས་བཅའ་ཁྲིམས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས།

དབང་ཆར་དམིགས་ནས་ཁྲིམས་འཛིན་སྲུང་སྐྱོང་དང་ཁྲིམས་འཛིན་ལྟ་སྐུལ་བྱེད་པའི་བླང་བྱ་དངོས་འབེབས་བྱས་ཐོག ཉེས་དོན་དང་དམངས་དོན། སྲིད་འཛིན་བཅས་ཀྱི་གཏུག་བཤེར་བྱ་འགུལ་ལ་ལྟ་སྐུལ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཁྲིམས་འཛིན་བྱེད་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པར་རྦད་ཆོད་ཀྱིས་ལྟ་སྐུལ་བྱས་ཏེ། ཁྲིམས་འཛིན་གཞུང་དྲང་སྔར་ལས་བཟང་བར་སྲུང་སྐྱོང་བྱེད་དགོས། 《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་གནས་ཐོག་གི་ཉེས་བསགས་མྱུལ་ཞིབ་བྱ་བའི་སྐོར་གྱི་བཀག་རྒྱ་དོན་ཚན་བརྒྱད》ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཐོག བཙན་ཤེད་ཀྱི་བྱེད་ཐབས་དང་མྱུལ་ཞིབ་བྱེད་ཐབས་སྤྱོད་པར་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ་དང་། གྱོད་གཞིར་འབྲེལ་བའི་རྒྱུ་ནོར་བཤེར་སྡོམ་དང་བཙན་ཉར། བཀག་བཅད་བྱེད་རྒྱུ་ཚད་ལྡན་དུ་བཏང་སྟེ། གཏུག་བཤེར་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས།

བཞི་ནི་སྔར་ལས་བརྟན་བརླིང་གི་གོམ་འགྲོས་ལ་བརྟེན་ནས་ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་ཏུ་སྤེལ་དགོས། 

བཅོས་སྒྱུར་བྱེད་པའི་བརྟན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་བྱེད་པའི་སེམས་ཤུགས་བརྟན་པོ་རྒྱུན་སྲུང་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཀོད་སྒྲིག་མཛད་པའི་ཁྲིམས་འཛིན་བཅོས་སྒྱུར་ལས་འགན་དང་ཞིབ་དཔྱོད་ལས་ཁུངས་རང་སྟེང་གི་བཅོས་སྒྱུར་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ལེགས་འཛིན་བྱེད་དགོས་ཤིང་། གཙོ་བོ་ཚོད་ལྟའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་བྱ་བ་དམ་འཛིན་བྱེད་པ་དང་། ཞིབ་དཔྱོད་མི་སྣ་རིགས་འབྱེད་དོ་དམ་དང་ཞིབ་དཔྱོད་དཔོན་པོའི་ཁྲིམས་འཛིན་འགན་ཁུར་ལམ་ལུགས། ཞིང་ཆེན་རིམ་པ་མན་ཆད་ཀྱི་མི་ནོར་དངོས་གསུམ་གཅིག་གྱུར་གྱིས་དོ་དམ་བྱེད་པ་སོགས་བཅོས་སྒྱུར་ལས་འགན་གཙོ་བོ་ཡོངས་སུ་འགྲུབ་པར་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་ཕན་འབྲས་དེ་ཁྲིམས་འཛིན་ལག་ལེན་ཁྲོད་གང་ལེགས་ཀྱིས་མངོན་པར་འཇུག་དགོས། གཙུག་རིམ་གྱིས་ཇུས་འགོད་པ་དང་གཞི་རིམ་གྱིས་གསར་སྐྲུན་བྱེད་པ་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་བྱེད་ཁྲོད་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དོ་སྣང་ཆེན་པོ་བྱེད་པ། བསམ་བློའི་ཆབ་སྲིད་བྱ་བར་སྙིང་རུས་ལྷོད་མེད་ཀྱིས་ཤུགས་བསྣན་ཏེ། བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

ལྔ་ནི་སྔར་ལས་གཟབ་ནན་གྱི་བླང་བྱར་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་བ་དང"ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཤུགས་སྣོན་ལོའི"བྱ་འགུལ་གྱི་ཕན་འབྲས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དེ་རྒྱུན་རྣམ་རང་བཞིན་དང་ཡུན་རིང་རང་བཞིན་གྱི་བྱ་བར་བརྩིས་ནས་རྒྱུན་འཛིན་ལྷོད་མེད་བྱས་ཏེ། ཕན་འབྲས་མྱུར་དུ་ཐོན་པར་འཇུག་དགོས། "འཕྲིན་སྦྲེལ་དྲ་བ+ཞིབ་དཔྱོད་བྱ་བའི"འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གློག་རྡུལ་ཞིབ་དཔྱོད་ལས་དོན་བཟོ་འགོད་སྣེ་ཁྲིད་བྱེད་པའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་གྱིས་སྐུལ་སྤེལ་གཏོང་བ། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཆ་འཕྲིན་སྙོམས་སྟེགས་དང་དཔུང་སྡེ་སློབ་གསོ་དང་དོ་དམ་ཆ་འཕྲིན་སྙོམས་སྟེགས། ཞིབ་དཔྱོད་ལས་དོན་མངོན་གསལ་དང་གཅིག་འཐུས་ཞབས་ཞུའི་དོན་སྒྲུབ་ཆ་འཕྲིན་སྙོམས་སྟེགས་བཅས"སྙོམས་སྟེགས་ཆེན་པོ་གསུམ"གྱི་འཛུགས་སྐྲུན་ལེགས་འཛིན་བྱས་ཏེ། ཆ་འཕྲིན་ཅན་སྤྱོད་པར་ཤུགས་ཆེན་གྱིས་སྐུལ་སྤེལ་གཏོང་དགོས། དཔུང་སྡེའི་དངོས་གཞི་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། ཞིབ་དཔྱོད་ཤེས་ལྡན་མི་སྣ་སྤྱི་ཡོངས་ཀྱི་གདང་རིམ་དང་ཆུ་ཚད་མཐོ་རུ་འདེགས་པར་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། བཅའ་ཁྲིམས་ལྟ་སྐུལ་བྱེད་རྒྱ་ཇེ་ཆེར་བཏང་སྟེ། ལྟེ་བའི་མཁར་གྲོང་དུ་ཞིབ་དཔྱོད་ཁང་འཛུགས་པའི་ཚོད་ལྟའི་བྱ་བ་འཚོལ་ཞིབ་དང་ཁྱབ་སྤེལ་བྱེད་པ་དང་། ཆ་རྐྱེན་ལྡན་པའི་གྲོང་རྡལ་དུ་ཞིབ་དཔྱོད་བྱ་བའི་འབྲེལ་གཏུག་ས་ཚིགས་འཛུགས་པ། རྒྱང་རིང་ལུང་ཁུག་གི་གྲོང་རྡལ་དུ་ཞིབ་དཔྱོད་བྱ་བའི་འབྲེལ་གཏུག་པ་བསྐོ་གཞག་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ཚན་རིག་ལྟར་གཏན་འབེབས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཤུགས་སྣོན་པར་འཇུག་དགོས།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི"འགན་འཁྲི་གཉིས"ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། བཟོས་རྫུན་འཕྱུགས་གསུམ་གྱི་གྱོད་གཞི་འབྱུང་བར་སྔོན་འགོག་བྱེད་པ་དང་གྱོད་གཞི་ཐག་གཅོད་པའི་བདེ་འཇགས། ལས་བྱེད་ཉེན་རྟོག་པས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་པའི"ཚད་མཐའ་གསུམ"ནན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་སྟེང་གི་རུལ་སྲུངས་གནད་དོན་ལ"བཟོད་སྒོམ་ཏོག་ཙམ་མེད་པའི"སྤྱོད་ཚུལ་འཛིན་སྟངས་རྒྱུན་སྲུང་བྱས་ཏེ། ཞིབ་དཔྱོད་དཔུང་སྡེའི་སྤྱོད་གཙང་གཞུང་དྲང་རྒྱུན་སྲུང་བྱེད་དགོས།འཐུས་མི་རྣམ་པ།གནས་བབ་གསར་བ་དང་ལས་འགན་གསར་བ་དེས་ཞིབ་དཔྱོད་བྱ་བར་དམིགས་ནས་སྔར་ལས་མཐོ་བའི་བླང་བྱ་གསར་བ་བཏོན་ཡོད། ལོ་གཅིག་གསར་བའི་ནང་དུ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་མགོ་ཁྲིད་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་སྔར་ལས་རང་རྟོགས་ཀྱིས་དང་ལེན་བྱེད་པ། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་དང་ཡར་རྒྱས་བརྩོན་ལེན་བྱེད་པ། འགོ་རྩོམ་ས་གསར་བར་ཞིབ་དཔྱོད་བྱ་བ་ཚན་རིག་ལྟར་འཕེལ་བར་སྐུལ་འདེད་བཏང་སྟེ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་སྐོར་གྱི་མཚོ་སྔོན་འཆར་གཞི་འགོད་པར་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།