ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། ང་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲུག ཁྲིམས་འཛིན་ཚད་ལྡན་དུ་བཏང་སྟེ་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་།

ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་བེད་སྤྱད་དེ་ཁྲིམས་འཛིན་ཚད་ལྡན་མིན་པའི་འབུར་ཐོན་གནད་དོན་ཐག་བཅད་པ་དང་། ཞིབ་དཔྱོད་དབང་ཆ་སྤྱོད་པ་དེ་ཁྲིམས་ལྟར་སྐྱོང་བའི་ཐབས་ལམ་ནང་དུ་བཞག་ནས་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་དང"ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཤུགས་སྣོན་ལོའི"བྱ་འགུལ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་པ་དང་། "འཛེར་མ་རྡེབ་པའི"འདུ་ཤེས་ལ་བརྟེན་ནས་ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྐུལ་སྤེལ་བཏང་། 

གཅིག་ནི་གནད་དོན་འཁྲིད་ཕྱོགས་རྒྱུན་འཁྱོངས་བྱས། 

ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ་ཁྲོད་ལས་སྒོ་སྡེ་ཁག་གི་གོ་གནས་གཙོ་བོ་ལྷང་ངེ་བར་བྱས་པ་དང་། ཞིབ་དཔྱོད་ལས་སྒོ་དང་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པར་དམིགས་ནས་སྤྱི་ཚོགས་ལས་རིགས་སོ་སོ་དང་གཞི་རིམ་ལས་བྱེད་ཉེན་རྟོག་པའི་བསམ་འཆར་དང་གྲོས་གཞིར་རྒྱ་ཁྱབ་ཏུ་ཉན་པ། ནན་ཏན་གྱིས་རང་བཤེར་དང་ཕན་ཚུན་ཞིབ་བཤེར་བྱེད་པ། གོང་འོག་ཕན་ཚུན་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གྱོད་གཞི་དཔྱད་ཞིབ་བྱས་པ། 2013ལོའི་རིང་ལ་གཙོ་གནད་གྱོད་གཞི་སྣ་ཚོགས་ཐག་བཅད་པར་རྒྱུད་རིམ་ལྡན་སྒོས་ལེབ་བཤེར་བྱས་ཏེ། བསྡོམས་པས་ཕྱོགས་དགུའི་རིགས22ཀྱི་གནད་དོན་ཞིབ་བཤེར་བྱས་པ་དང་། དངོས་གནས་རང་སྟེང་ཁྲིམས་འཛིན་ཚད་ལྡན་མིན་པའི་བྱ་སྤྱོད་དེ"མི་དང་དོན་དག གྱོད་གཞིའི་ཐད་མངོན་པར"བཅུག་ཡོད། 

གཉིས་ནི་དེ་མ་ཐག་ཏུ་ཞིབ་བཤེར་དང་ཡོ་བསྲང་བྱེད་པར་དམ་འཛིན་བྱས། 

འབུར་ཐོན་གནད་དོན་དང་ལྷུ་ཚིགས་ཞན་པ་ཡང་དག་གིས་བཙལ་བའི་རྨང་གཞིའི་ཐོག གཙོ་བོ་ཁྲིམས་འཛིན་འདུ་ཤེས་དང་ཁྲིམས་འཛིན་སྤྱོད་ཚུལ། ཁྲིམས་འཛིན་བྱ་སྤྱོད་སོགས་ཐད་ནས་བསམ་བློ་དང་ལམ་ལུགས། དོ་དམ་བཅས་ཀྱི་རིམ་པ་ཟབ་པོའི་རྒྱུ་མཚན་བཙལ་བ་དང་། ཤེས་པའི་གནད་དོན་ལ་རེ་བཞིན་དག་ཐེར་ལེགས་བཅོས་དང་ཡོ་བསྲང་བྱས་ཏེ། ཁྲིམས་འཛིན་ཚད་ལྡན་མིན་པ་དང་དཔལ་ཡོན་མིན་པའི་གནད་དོན་སྐོར་ཞིག་གཅིག་བསྡུས་ཀྱིས་ཐག་བཅད་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཁས་ལེན་གང་ལེགས་བྱས།

གསུམ་ནི་སྐོར་ཞིབ་བྱེད་སྟངས་གསར་སྐྲུན་བྱས། 

སྐོར་ཞིབ་བྱ་བ་དེ་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་མཐུན་སྦྱོར་ངང་ཟུང་འབྲེལ་བྱས་ཏེ་སྐོར་ཞིབ་ཚན་ཆུང་གཉིས་གྲུབ་ཏེ། གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང4དང་གཞི་རིམ་ཞིབ་དཔྱོད་ཁང4། ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་སྒོ་སྡེ་ཁག5བཅས་སུ་གཏིང་ཟབ་ཏུ་སོང་ནས་མགོ་ཁྲིད་ཚན་ཁག་དང་ཆེད་དོན་བཅོས་སྒྲིག་བྱ་བའི་གནས་ཚུལ་ལ་ནན་ཏན་གྱིས་སྐོར་ཞིབ་བྱས་པ་དང་། མངོན་གསལ་ཆེ་བའི་ཕན་འབྲས་ཐོབ་ཡོད།

བདུན།རང་རྩལ་འབད་སྦྱོང་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱས།

"ནན་གསུམ་རྣལ་གསུམ"ཆེད་དོན་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་འཆང་གཟུང་བྱས་པ་དང་། ཆེད་དོན་སློབ་གསོ་དེ་ཞིབ་དཔྱོད་བྱ་བ་དང་ཞིབ་དཔྱོད་དཔུང་སྡེའི་འཛུགས་སྐྲུན་གཉིས་དང་མཉམ་འདྲེས་ཟབ་མོ་བྱས་ཏེ། ཞིབ་དཔྱོད་དཔུང་སྡེའི་བྱང་ཚད་དང་ནུས་པ། སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་ཐད་མཐོར་འདེགས་གསར་བ་བྱུང་བར་སྐུལ་འདེད་བཏང་།

གཅིག་ནི་ཞིབ་དཔྱོད་མི་སྣ་ནན་སྐྱོང་བྱེད་པར་ལྷོད་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས། 

"འགན་འཁྲི་གཉིས"ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་མདུན་དུ་བཞག་སྟེ་ཕྱོགས་ཡོངས་ནས་ཞིབ་དཔྱོད་མི་སྣ་ནན་སྐྱོང་བྱེད་པའི"རྒྱུན་རྣམ་གསར་བ"ཆགས་པར་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གྲོས་ཚོགས་ཚོགས་ནས། "གནས་གཅིག་འགན་གཉིས"ཀྱི་བྱེད་ཐབས་དངོས་འབེབས་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་མགོ་ཁྲིད་པ་གཙོ་བོས་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་དང་། ཞིང་ཆེན་ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་ནང་འཛུགས་སྡེ་ཁག་གི་འགན་ཁུར་པ་གཙོ་བོ་བཅས་དང་ཁ་ཆད་གླེང་བ་མ་ཟད། ད་དུང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ཡི་གེ་བཀོད་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་ཞིབ་དཔྱོད་མི་སྣ3ལ་ཞིབ་གཅོད་གཟབ་ནན་བྱས།

གཉིས་ནི་བྱང་ཚད་དང་ནུས་པ་གསོ་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱས།

ཞིབ་དཔྱོད་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་པའི་མི་སྣ་ཚང་མ་རེས་སྐོར་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་པ་དང་། "གཞི་གསུམ་འཛུགས་སྐྲུན"དང"ལས་ཁུངས་ཀྱི་ཕྱོད་ནུས་འཛུགས་སྐྲུན"གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། དངོས་སྒྲུབ་རང་བཞིན་དང་དངོས་གཞི་ཅན་གྱི་མི་སྣ་ཚང་མ་གསོ་སྦྱོང་བྱེད་པར་སྐུལ་སྤེལ་བཏང་སྟེ། བསྡོམས་པས་ལས་གནས་སོ་སོའི་ལས་སྒོ་གསོ་སྦྱོང་དང་འགྲན་བསྡུར་སྐབས23རྩ་འཛུགས་དང་ཁྱབ་སྤེལ་བྱས་པ་དང་། མི(ཐེངས)3107ཞུགས་ཡོད། གཅིག་བསྡུས་བཀག་སྡོམ་གྱི་ཁྲིམས་འཛིན་རྒྱུགས་སྤྲོད་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་ཏེ། ལས་བྱེད་ཉེན་རྟོག་པ46རྒྱུགས་འཕྲོད་པ་དང་། རྒྱུགས་འཕྲོད་ཚད40.7%དུ་བསླེབས་ཡོད། སྐད་གཉིས་གཏུག་བཤེར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དོ་སྣང་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་ཏེ། བོད་རྒྱ་ཞིབ་དཔྱོད་མི་སྣར་དམིགས་ནས་བཅའ་ཁྲིམས་ཆེད་ལས་དང་བོད་སྐད་ཡིག་དང་དེ་མིན་བོད་རྒྱ་ཡིག་སྒྱུར་གསོ་སྦྱོང་བྱས། རྒྱལ་ཡོངས་ཀྱི་སྐབས་དང་པོའི"དྲང་བདེན་བརྟན་སྲུང་བྱེད་རྒྱུ-མང་ཚོགས་ཆེས་དགའ་བའི་ཞིབ་དཔྱོད་དཔོན་པོ"ཁྲིན་ཡུང་ཅེ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྩ་འཛུགས་དང་ཁྱབ་སྤེལ་བྱས་པ་དང་། ཞིབ་དཔྱོད་མི་སྣ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མཁས་མཛངས་རྗེས་འབྲངས་ཁྲོད་ཞིབ་དཔྱོད་བྱ་བའི་བཟང་ནུས་གསོག་སྡུད་བྱས།

གསུམ་ནི་གཞི་རིམ་གྱི་རྨང་གཞི་བརྟན་པོར་འདིང་བ་རྒྱུན་འཁྱོངས་བྱས། 

ཞིང་ཆེན་རིམ་པས་ནོར་རྫས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ཞིབ་དཔྱོད་ལས་དོན་འགན་སྲུང་སྙོམས་སྟེགས་གསར་འཛུགས་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སྒྲིག་ཆས་ཉོ་སྒྲུབ་དང་གཏན་འཇགས་རྒྱུ་ནོར་ཆ་འཕྲིན་ཅན་གྱི་འགུལ་རྣམ་དོ་དམ་དམིགས་འབེན་མངོན་འགྱུར་བྱས། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཅིག་གྱུར་གྱི་ལས་སྒོ་བེད་སྤྱོད་མ་ལག་རྨང་གཞི་དང་ལྟེ་བར་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་ཁེབས་པའི་གློག་རྡུལ་ཡིག་ཁུག་མ་ལག་བསྐྲུན་ཏེ། ཁྲིམས་འཛིན་དོ་དམ་ཕྱོད་ནུས་ཇེ་དྲག་ཏུ་བཏང་། དྲ་ཐོག་གྱོད་གཞི་ཐག་གཅོད་པར་ཤུགས་བསྣན་ཏེ་བསྡོམས་པས་ཁུངས་སྣེ་དང་གྱོད་གཞི14862ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པ་དང་། གྱོད་གཞི་ཐག་གཅོད་བྱེད་རྒྱུ་དང་ལེན་དང་རྒྱུན་འཁོར། གྱོད་གཞི་ཐག་གཅོད། ཞིབ་བཤེར་མཆན་འགོད་བཅས་བྱེད་པའི་ཆ་འཕྲིན་ཅན་མངོན་འགྱུར་བྱས།

མཚོ་ནུབ་ཁུལ་ཞིབ་དཔྱོད་ཁང་དང་ན་གོར་མོ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་དཔེ་སྟོན་ཞིབ་དཔྱོད་ཁང་གི་མཚན་སྙན་ཐོབ་ཡོད། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པར་རང་འགུལ་གྱིས་ཤུགས་བསྣན་ཏེ། ཁ་གཏད་རོགས་སྐྱོར་བྱ་བར་མངོན་གསལ་ཆེ་བའི་ཕན་འབྲས་ཐོབ་ཡོད། གཙོ་གནད་གཞི་རིམ་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་། གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་སྒྲུབ་པར་ཤུགས་རྐྱེན་བཟོས་པའི་གྱོད་གཞི་ཐག་གཅོད་སྟོབས་ཤུགས་དང་གྲོན་དངུལ་འགན་སྲུང་། རྨང་གཞིའི་སྒྲིག་བཀོད་སོགས་ཐད་ཀྱི་དཀའ་ངལ་དངོས་དང་འབུར་ཐོན་གནད་དོན་ཐག་གཅོད་པར་འབད་བརྩོན་བྱས། ཞིབ་དཔྱོད་མི་སྣ"སྐྱོད་པ་ལྔའི"བྱ་འགུལ་བསྟུད་མར་སྤེལ་ཏེ་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས། ཞིང་ཆེན་བསྡོམས་རྩིས་ཅུའུ་དང་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་དཔེ་འཐེན་བརྟག་དཔྱད་བྱས་པ་ལྟར་ན། 2015ལོར་ཞིབ་དཔྱོད་ལས་ཁུངས་ལ་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད84.18%ལ་བསླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག1.5འཕར་ཡོད།འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཆོད་སྣ་ཚོགས་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ཐག་གཅོད་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱས།

ཞིང་ཆེན་ཏང་ཨུ་ལ་ཞིབ་དཔྱོད་བྱ་བ་སྣ་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་དུས་ཐོག་ཏུ་ཞུ་འབུལ་དང་དགོངས་སྐོར་བྱས་ཏེ་ཞིབ་དཔྱོད་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ལ་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་དང"ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཤུགས་སྣོན་ལོའི"བྱ་འགུལ་སྤེལ་བའི་གནས་ཚུལ་ཆེད་དོན་ཞུ་འབུལ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བྱ་བ་བརྡ་ཁྱབ་བཏང་སྟེ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གཉིས་དང་རྒྱུན་ལྡན་རང་བཞིན་གྱི་འབྲེལ་གཏུག་ལ་རང་འགུལ་གྱིས་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིར་འཚམས་འདྲི་བྱེད་པའི་བྱ་བ་ཆེད་དུ་བཀོད་སྒྲིག་དང་ཁྱབ་སྤེལ་བྱས་པ་ཏེ། ལྷག་བསམ་རྣམ་དག་གིས་བསམ་འཆར་ལ་ཉན་པ་དང་། འབྲེལ་གཏུག་བྱ་བ་རྒྱུན་རྣམ་ཅན་དུ་འགྱུར་བར་མངོན་འགྱུར་བྱས།འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་རིང་ལ་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ཐོབ་པ་ནི་ཞིང་ཆེན་ཏང་ཨུ་དང་རིམ་པ་སོ་སོའི་ཏང་ཨུས་མགོ་ཁྲིད་ཡང་དག་མཛད་པའི་མཐའ་འབྲས་ཡིན་པ་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ཡོད་ལྟ་སྐུལ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གྲོས་དང་དེ་མིན་སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ཁ་མི་བྲལ་ཡོད། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཞིབ་དཔྱོད་བྱ་བར་དམིགས་ནས་རྩ་ཆེའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བ་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་བར་ནུས་ཡོད་ཀྱིས་སྐུལ་འདེད་བཏང་། འདི་ནས་ངས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཚབ་བྱས་ནས་འཐུས་མི་རྣམ་པ་དང་སྲིད་གྲོས་ཨུ་ཡོན་ལ་བླ་ན་མེད་པའི་གུས་བཀུར་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།