ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད18གསལ་པོ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་དོན་ཞིབ་གཅོད་བྱ་འགུལ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་།ནང་ཁུལ་གྱི་ལྟ་སྐུལ་དོ་དམ་དང་ཚོད་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ།གྱོད་དོན་ལ་ཞིབ་གཅོད་བྱེད་སྐབས་ཁྲིམས་འགལ་སྒོས་འགན་དབང་སྤྱོད་པའི་གནད་དོན་བྱུང་བ་དུས་ལྟར་ཡོ་བསྲང་བྱེད་པ་བཅས་ཀྱི་ཆེད་དུ།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་ཆར་གཏན་ཁེལ་གསར་པ་བཟོས་ཏེ།“སུས་ཁྲིམས་འགལ་སྒོས་ཆོག་དབང་བཀོད་ན་སུས་འགན་འཁུར་བ་དང་།སུས་ཁྲིམས་འགལ་སྒོས་གྱོད་དོན་ཞིབ་གཅོད་བྱས་ན་སུས་འགན་འཁུར་དགོས་པ”ནན་གྱིས་བསྟན།

 《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་ཁུངས་གྱོད་དོན་ཞིབ་གཅོད་སྡེ་ཁག་དང་གྱོད་དོན་ཞིབ་གཅོད་མི་སྣས་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ཡོ་བསྲང་དང་ཟིན་ཐོར་འགོད་པ།བརྡ་ཁྱབ་སྤེལ་བ། འགན་འཁྲི་རྩད་གཅོད་བཅས་བྱེད་པའི་སྐོར་གྱི་གཏན་ཁེལ》སྟེང་ཐོག་མར་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད18གསལ་པོ་བྱས་ཡོད་ལ།གཙོ་བོ་ནི་འདི་དག་སྟེ།

ཐེར་འདོན་གོང་ཞུ་མཁན་དང་ཞུ་གཏུག་མཁན།རྒྱུ་མཚན་ཞུ་འབུལ་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་།ཁྲིམས་འགལ་སྒོས་གཏུག་བཤེར་ནང་ཞུགས་མཁན་གྱི་མི་ལུས་རང་དབང་འཕྲོག་པའམ་ཡང་ན་ཚོད་འཛིན་བྱེད་པ།

ཁྲིམས་འགལ་སྒོས་གཏུག་བཤེར་ནང་ཞུགས་མཁན་གྱི་གཏུག་བཤེར་དབང་ཆ་འཕྲོག་པའམ་ཡང་ན་ཚོད་འཛིན་བྱེད་པ།ཁྲིམས་འགལ་སྒོས་བསྒྱུར་བ་དང་མིད་པར་བཟོ་བ།ཕྱིར་འཐེན་བྱེད་པ་བཅས་ཀྱི་བཙན་ཤེད་བྱེད་ཐབས་སྤྱོད་པ།ཁྲིམས་འགལ་སྒོས་མཚོན་ཆ་དང་ཉེན་ཟོན།ཉེན་རྟོག་པའི་ལག་ཆ་སྤྱོད་པའམ་ཡང་ན་གཏུག་བཤེར་ནང་ཞུགས་མཁན་ལ་གཅར་རྡུང་དང་ལུས་ཆད་བཅད་དེ་མནར་གཅོད་གཏོང་བ་དང་བཪྙས་བཅོས་བྱེད་པ།ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་འཇུག་པའམ་བཙན་ཤེད་བཀོལ་ནས་བདེན་དཔང་བཙལ་བ།ལས་གནས་ཉེས་བསགས་དོགས་ཅན་མི་སྣར་འདྲི་གཅོད་བྱེད་སྐབས་གཏན་ཁེལ་ལྟར་སྒྲ་ཕབ་དང་བཪྙན་ཕབ་མ་བྱས་པ།བདེན་དཔང་སྐུང་བ་དང་མིད་པར་བཟོ་བ།རྫུན་བཟོ་བཅས་བྱེད་པ་དང་།དོན་དངོས་དང་འགལ་བའི་སྒོ་ནས་བསམ་འཆར་འབྲི་བ།ཡང་ན་ཉེས་མིད་མི་ལ་ཉེས་དོན་རྩད་གཅོད་བྱེད་པ།ཁྲིམས་དང་མི་མཐུན་པའི་སྒོ་ནས་སྔོག་བཤེར་བྱེད་པ་དང་།ཁྲིམས་འགལ་སྒོས་གྱོད་འབྲེལ་རྒྱུ་ནོར་བཀག་སྡོམ་དང་བཀག་ཉར།བསྡམས་བཅད།ཐག་གཅོད་བཅས་བྱེད་པ།ཁྲིམས་བཀོད་ཀྱི་ཟུར་བྱོལ་གནས་ཚུལ་ལྡན་ནའང་ཟུར་བྱོལ་མི་བྱེད་པ།ཁྲིམས་ལྟར་དང་གཏན་ཁེལ་ལྟར་ཁྲིམས་རྩོད་པའི་ལས་གཉེར་དབང་ཆར་འགན་སྲུང་མི་བྱེད་པ་དང་།ཁྲིམས་རྩོད་པས་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པར་བཀག་འགོག་བྱེད་པ། ཁྲིམས་བཀོད་གོ་རིམ་དང་འགལ་བའི་སྒོ་ནས་གྱོད་དོན་ཞིབ་གཅོད་བྱེད་པར་ཐེ་གཏོགས་བྱེད་པ།གྱོད་དོན་གྱི་དོ་བདག་པ་དང་དེའི་ཉེ་མི།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་བཅས་ལ་ལྐོག་ནས་ངོ་འཕྲད་པ།གྱོད་དོན་གྱི་དོ་བདག་པ་དང་དེའི་ཉེ་མི།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་བཅས་ལ་གནས་ཚུལ་རྒྱུས་ལོན་བྱེད་རོགས་བྱས་ཏེ།གནས་ཚུལ་ལྐོག་ཞུ་བྱེད་པའམ་ཡང་ན་གྱོད་དོན་གྱི་གསང་བ་ཕྱི་རུ་བརྟོལ་བ།ཞིབ་དཔྱོད་དབང་ཆ་དང་ཡང་ན་གྱོད་དོན་ཞིབ་གཅོད་བྱེད་པའི་དུས་སྐབས་བེད་སྤྱད་དེ་སྒེར་གྱི་ཁེ་ཕན་གཉེར་བ།དབང་མཚམས་ལས་བརྒལ་བའི་སྒོ་ནས་གྱོད་དོན་ཞིབ་གཅོད་བྱེད་པ་དང་།དཔལ་འབྱོར་རྩོད་གཞིའི་ནང་དུ་ལག་པ་སྲིང་བ།གྱོད་དོན་ཞིབ་གཅོད་བྱེད་པའི་དུས་དང་བསྟུན་ནས་ཡིད་མཐུན་རོགས་སྐྱོར་བྱེད་མཁན་བཙལ་བ་དང་གང་འདོད་དུ་དངུལ་བསྡུ་བ།ཡང་ན་ཁང་པ་དང་འགྲིམ་འགྲུལ།འཕྲིན་སྐྱེལ་ཡོ་བྱད་སོགས་བཟུང་སྤྱོད་བྱེད་པ།ཞུ་གཏུག་བྱ་འགུལ་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་སྒོས་འགན་དབང་སྤྱོད་པའམ་ཡང་ན་འགན་དབང་མི་སྤྱོད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་མ་ཁུར་པར།ཤུགས་རྐྱེན་ངན་པ་བཟོས་པ།ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་གཞན་དག་བཅས་སོ།།

  《གཏན་ཁེལ》སྟེང་བླང་བྱ་འདོན་རྒྱུར།ཞིབ་དཔྱོད་ཁང་གྱོད་དོན་ཞིབ་གཅོད་སྡེ་ཁག་གི་འགན་འཁྲི་པས་རང་སྡེ་ཁག་དང་མི་སྣར་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ལྡན་པ་ཤེས་ན།

  གཏན་ཁེལ་ལྟར་ཡོ་བསྲང་བྱེད་དགོས་པར་མ་ཟད་ཟིན་ཐོར་འགོད་དགོས་པ་དང་།ཞིབ་དཔྱོད་མི་སྣས་རང་སྡེ་ཁག་དང་མི་སྣར་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ལྡན་པ་ཤེས་ན།དུས་ལྟར་སྡེ་ཁག་གི་འགན་འཁྲི་པར་ཡར་ཞུ་བྱ་དགོས།ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དང་ཁག་བགོས་འགན་ཁུར་པའི་ཞིབ་དཔྱོད་དཔོན་པོ་གཞོན་པ་ཡིས་གྱོད་དོན་ཞིབ་གཅོད་སྡེ་ཁག་དང་གྱོད་དོན་ཞིབ་གཅོད་མི་སྣར་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ལྡན་པ་ཤེས་ན།གྱོད་དོན་ཞིབ་གཅོད་སྡེ་ཁག་ལ་བཀའ་ཕབ་སྟེ་གཏན་ཁེལ་ལྟར་ཡོ་བསྲང་བྱེད་དུ་འཇུག་དགོས་པར་མ་ཟད་ཟིན་ཐོར་འགོད་དུ་འཇུག་དགོས།

  《གཏན་ཁེལ》སྟེང་བླང་བྱ་འདོན་རྒྱུར། ཞིབ་དཔྱོད་ཁང་གིས་ཁྲིམས་འགལ་སྒོས་འགན་དབང་སྤྱད་པ་ཤེས་ན་དུས་ལྟར་ཐག་གཅོད་བྱེད་དགོས་པ་ལས།སྦས་གསང་དང་འགེབ་སྲུང་བྱེད་མི་ཆོག་པ་དང་།ཞིབ་དཔྱོད་ཁང་གིས་གྱོད་དོན་ཞིབ་གཅོད་སྡེ་ཁག་དང་གྱོད་དོན་ཞིབ་གཅོད་མི་སྣས་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་གཏུག་བཤེར་དང་ཐེར་འདོན་གོང་ཞུ་བྱེད་མཁན་ཡོད་ན།ཐོ་འགོད་དང་ཡང་ན་དུས་ལྟར་དབྱེ་ཞིབ་བྱེད་པའི་ལམ་ལུགས་འཛུགས་དགོས།ཞིབ་དཔྱོད་ཁང་གིས་གྱོད་དོན་ཞིབ་གཅོད་སྡེ་ཁག་དང་གྱོད་དོན་ཞིབ་གཅོད་མི་སྣས་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ལ།ཁྱོན་ཡོངས་ནས་ཐོ་འགོད་གསལ་པོ་བྱེད་པར་མ་ཟད།ཁྲིམས་འཛིན་ཡིག་ཚགས་ནང་འགོད་པ་དང་།བརྟག་དཔྱད་དང་ཐག་གཅོད་ཀྱི་འབྲེལ་ཡོད་གནས་ཚུལ་ནང་ཁུལ་ནས་བརྡ་ཁྱབ་སྤེལ་བ་དང་།དགོས་ངེས་ཀྱི་སྐབས་སུ་སྤྱི་ཚོགས་སྟེང་བསྒྲག་དགོས།

  《གཏན་ཁེལ》སྟེང་ད་རུང་།ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་བྱ་སྤྱོད་ཀྱི་དོན་དངོས་དང་གནས་ཚུལ།མཇུག་འབྲས་བཅས་དང་།གཞན་ད་རུང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར།འབྲེལ་ཡོད་མི་སྣར་སྐྱོན་ཞིབ་བྱེད་པ་དང་བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་བྱེད་པ།གནས་སྐབས་སུ་ལས་གནས་ནས་ཕབ་པ།བཀའ་ཕབ་སྟེ་ལས་གནས་ནས་ཕྱིར་འབུད་དུ་འཇུག་པ།ཞིབ་དཔྱོད་ལས་ཁུངས་ཀྱི་ལས་གནས་སྤོར་བ།ཕྱིར་བསྐྲད་པ།སྒྲིག་ཁྲིམས་ཆད་གཅོད་སོགས་ཚད་གཞི་མི་འདྲ་བའི་ཆད་པ་གཅོད་དགོས་པ་དང་།ཉེས་པ་བསགས་ཡོད་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།དེ་དང་མཉམ་དུ་ད་རུང་འགན་འཁྲི་རྩད་གཅོད་བྱེད་ཚད་ཇེ་ཆེར་གཏོང་བ་དང་།གྱོད་དོན་ཞིབ་གཅོད་སྡེ་ཁག་དང་གྱོད་དོན་ཞིབ་གཅོད་མི་སྣར་ཁྲིམས་འགལ་སྒོས་འགན་དབང་སྤྱད་པའི་གནད་དོན་ཚབས་ཆེན་ཡོད་ན།འབྲེལ་ཡོད་གཏན་ཁེལ་ལྟར་འབྲེལ་ཡོད་མགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས་པ་གསལ་པོར་བསྟན་ཡོད་དོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།