ཀྲུང་གོ་བོད་ཀྱི་དྲ་བ།

འདུམ་འགྲིག་ལྟེ་གནས་ལས་དོན་གྱི་ལམ་ལུགས།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2016-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་བོ། འདུམ་འགྲིག་གི་ལས་འགན་དང་རྩ་དོན། དམིགས་ཡུལ། 

      གཅིག རྩོད་དོན་འདུམ་འགྲིག་བྱས་ནས་འགལ་བ་སྔོན་འགོག་བྱེད་ཅིང་། འདུམ་འགྲིག་ལས་དོན་བརྒྱུད་དེ་སྒྲིག་ཁྲིམས་དང་བྱེད་ཕྱོགས།སྲིད་ཇུས་དྲིལ་བསྒྲགས་གཏོང་དགོས།སྤྱི་དམངས་ཀྱིས་སྒྲིག་སྲུང་ཁྲིམས་བརྩི་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་བརྩི་སྲུང་བྱེད་པར་སློབ་གསོ་གཏོང་དགོས།  
      གཉིས། གོང་དུ་བརྩི་བ་གསུམ་རྒྱུན་འཁྱོངས་བྱེད་དགོས། དོ་བདག་ཕྱོགས་གཉིས་རང་མོས་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་སྒྲིག་ཁྲིམས་དང་བྱེད་ཕྱོགས།སྲིད་ཇུས་ལྟར་འདུམ་འགྲིག་བྱེད་དགོས། སྒྲིག་ཁྲིམས་དང་སྲིད་ཇུས་ནང་དུ་གཏན་འཁེལ་གསལ་བོ་བྱས་མེད་པ་དེ་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་ལས་རིགས་ཀྱི་ལུགས་སྲོལ་ལྟར་འདུམ་འགྲིག་བྱེད་དགོས། 
      གསུམ། རང་འགན་ལ་བློ་དཀར་བ་དང་ལས་གནས་ལ་གཅེས་སེམས་ཡོད་པ། སྤྱོད་གཙང་གཞུང་དྲང་ཡིན་པ། ཁྲིམས་ལུགས་སྲུང་སྐྱོང་བྱ་བ།བསམ་པ་རྣམ་དག་གིས་གྱོད་དོན་སྒྲུབ་པ་དང་། གྱོད་དོན་ལེགས་སྒྲུབ་བྱས་ནས་བདེ་འཇགས་ཡོང་བར་སྐུལ་འདེགས་གཏོང་དགོས། 

གཉིས་པ། འདུམ་འགྲིག་ཁྲིམས་འཛིན་མི་སྣའི་དམངས་ལ་ཕན་པའི་དགེ་སེམས་བཅུ།
      དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་ལ་སྤྱི་སེམས་དང་མང་ཚོགས་སྣེ་ལེན་བྱེད་པར་སྤྲོ་སེམས། མང་ཚོགས་ལ་དོན་བཤད་དུས་སེམས་ཞིབ་མོ་ཡིན་དགོས། མང་ཚོགས་ཀྱིས་གནད་དོན་འདྲི་དུས་བཟོད་སེམས་ཡོད་དགོས།མང་ཚོགས་ལ་རོགས་རམ་བྱེད་དུས་བློ་དཀར་སེམས་དཀར་ཡིན་དགོས། མང་ཚོགས་ཀྱི་དཀའ་ངལ་ལ་སེམས་འཁུརབྱེད་དགོས།གནད་དོན་ཐག་གཅོད་པར་བསམ་པ་རྣམ་དག་འཛིན་དགོས།གཞན་གྱི་སྐྱོན་བརྗོད་ལ་ཁེངས་སྐྱུང་དང་ལེན་བྱ་དགོས། གཞན་གྱིས་མགྲོན་ཁ་སྣེ་ལེན་བྱེད་དུས་སེམས་འགུལ་མི་ཉན།དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་དུས་གཅེས་སེམས་ཡོད་དགོས། 

གསུམ་པ། འདུམ་འགྲིག་ལས་དོན་གྱི་ལམ་ལུགས། 
      གཅིག ཡིག་སྐུར་ངོ་གཏུག་སྣེ་ལེན་བྱེད་དུས་དགའ་སྤྲོ་དང་བཟོད་སེམས་ཡོད་དགོས་པ་མ་ཟད། ཐོ་འགོད་ཞིབ་མོ་བྱ་དགོས། 
      གཉིས། གྱོད་དོན་འདུམ་འགྲིག་བྱེད་པའི་མངའ་ཁོངས། ཁྲིམས་ལྟར་འདུམ་འགྲིག་བྱེད་ཆོག་པའི་གྱོད་དོན་ནི་དམངས་ཚོང་དོན་གྱི་གྱོད་དོན་དང་ཉེས་དོན་ཞོར་བྱུང་དམངས་དོན་གྱི་གྱོད་དོན། ཉེས་དོན་རང་གཏུག་གི་གྱོད་དོན། སྲིད་འཛིན་སྐྱིན་ཚབ་ཀྱི་གྱོད་དོན། གྱོད་དོན་ལག་བསྟར། གཞན་འདུམ་འགྲིག་འཐུབ་པའི་གྱོད་དོན་དག་གོ།།
      གསུམ། དོ་བདག་གིས་ཡར་ཞུ་དང་རང་མོས་ཀྱི་རྩ་དོན་ལ་རྒྱུན་འཁྱོངས་བྱ་དགོས། གྱོད་དོན་ཐོ་འགོད་སྔོན་དང་གྱོད་དོན་ཐོ་འགོད་རྗེས་གང་གི་དུས་ཡིན་ནའང་འདྲ་འདུམ་འགྲིག་བྱས་ཆོག གྱོད་དོན་ཐོ་འགོད་བྱས་རྗེས་འདུམ་འགྲིག་གི་དུས་ཚོད་ཉིན་ཉི་ཤུ་ལས་འགོར་མི་ཉན། གྱོད་དོན་གྱི་གནས་ཚུལ་ལྟར་དམིགས་བསལ་གྱི་འདུམ་འགྲིག་བ་དང་དོ་བདག་གི་ཉེ་འཁོར། ལས་རིགས་ཀྱི་ཆེད་མཁས་པ་དག་འདུམ་འགྲིག་ཏུ་གདན་འདྲེན་བྱས་ན་ཆོག འདུམ་འགྲིག་བྱེད་དུས་ཟིན་བྲིས་ཞིབ་མོ་འགོད་དགོས། འདུམ་འགྲིག་ལེགས་པོ་བྱུང་དུས་ཐད་ཀར་ལག་ལེན་བསྟར་དགོས་པ་མ་ཚད། མྱུར་དུ་འདུམ་འགྲིག་གྲོས་མཐུན་ཡིག་ཆ་བཟོས་ནས་དོ་བདག་པའི་ལག་ཏུ་འཕྲོད་དགོས། འདུམ་འགྲིག་གྲོས་མཐུན་བྱུང་མེད་པ་དེ་གྱོད་དོན་ཐོ་བཀོད་རྗེས། འབྲེལ་ཡོད་ཀྱི་འདྲི་གཅོད་ལྷན་ཚོགས་སུ་བསྐྱལ་ནས་ཞིབ་བཤེར་ཐག་གཅོད་བྱ་དགོས།
      བཞི། ཡིག་ཚགས་ཀྱི་ལམ་ལུགས། གྱོད་དོན་རེ་ལ་ཡིག་ཚགས་རེ་དང་མྱུར་དུ་ཉར་ཚགས་ལེགས་པོ་བྱ་དགོས་པ་མ་ཟད། ཡིག་ཚགས་དོ་དམ་གྱི་གཏན་འཁེལ་ལྟར་ཉར་ཚགས་བྱ་དགོས། 
      ལྔ། འདུམ་འགྲིག་གྲོས་མཐུན་བྱུང་བ་དང་གྱོད་གཞི་ཐག་བཅད་བྱས་པ་ལ་ཡང་བསྐྱར་ཞིབ་འདྲི་བྱས་སྟེ། དོ་བདག་བས་གྲོས་མཐུན་ལག་བསྟར་བྱེད་ཚུལ་དང་བསམ་ཚུལ་ཐད་ལ་རྒྱུས་ལོན་བྱ་དགོས།
      དྲུག ཡིག་རིགས་དང་གྲངས་ཀ་དག་ནོར་འཁྲུལ་མེད་པར་བྲིས་ནས་གོང་དུ་སྐྱེལ་དགོས།
      བདུན། དུས་ཚིགས་ཤིག་གི་ནང་དུ་འདུམ་འགྲིག་ལས་དོན་སྒྲུབ་ཚུལ་ལ་ཞིབ་བཤེར་རེ་དང་ལོ་ཕྱེད་ནང་དུ་དཔྱད་ཞིབ་ཚད་བསྡུར་དང་ཕྱོགས་བསྡོམས་རེ་བྱ་དགོས།
      བརྒྱད། འདུམ་འགྲིག་ལས་དོན་མི་སྣས་ལས་ཁུངས་སུ་སློབ་སྦྱོང་ལ་རྒྱུན་འཁྱོངས་བྱེད་པ་མ་ཚད། རང་སྦྱོང་བྱེད་པར་རྒྱུན་འཁྱོངས་དང་དུས་ཐོག་ཏུ་སྒྲིག་ཁྲིམས་གསར་བ་དག་རྒྱུས་ལོན་བྱ་དགོས།
      དགུ། ལས་དོན་ཁྲོད་དུ་ཡོད་པའི་དཀའ་གནད་དང་གཙོ་གནད་དག་ལ་རྟག་དཔྱོད་ཞིབ་འཇུག་ནན་པོ་བྱེད་དགོས་པ་དང་། མི་དམངས་ནང་ཁུལ་གྱི་འགལ་བ་དང་གྱོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་བ་དང་རྒྱུས་ལོན་བྱ་དགོས།
      བཅུ། 《ཁྲིམས་དཔོན་གྱི་བཅའ་ཁྲིམས》ལས་གཏན་འཁེལ་བྱས་པ་ལྟར། ལས་དོན་ནན་སྒྲུབ་བྱ་དགོས་པ་དང་ལས་རིགས་ཀྱི་ཀུན་སྤྱོད་བྱང་ཚད་ལ་ཤུགས་སྣོན་རྒྱག་དགོས། གང་བསམ་སྒོས་འགྲོ་སོང་དང་སྒོར་མ་ལེན་པ་ལ་གཏན་འགོག་བྱ་དགོས། དོ་བདག་པས་མགྲོན་ཁ་དང་རྒྱུ་རྫས་ལེན་པ་ལ་རྩ་འགོག་བྱ་དགོས།
བཅུ་གཅིག རྒྱལ་ཁབ་ཀྱི་གསང་དོན་དང་དོ་བདག་གི་སྒེར་གསང་ཕྱིར་བསྒྲགས་མི་ཆོག་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།