རྒྱུན་སྤྱོད་བརྡ་ཆད་འགའ།

峰会          八卦新闻                白富美                                     微博

དབུ་ཚོགས།                    སྲང་ལམ་གསར་འགྱུར།               འབྱོར་ལྡན་བཞིན་བཟང་མ།                          པོད་ཕྲན།

把权利关进制度的笼子         不谋全局者 ,不足谋一域

དབང་ཆ་ལམ་ལུགས་ཀྱི་གཟེན་སྒྲོམ་ནང་དུ་འཇུག་པ།    ཕྱོགས་ཡོངས་བསམ་ཤེས་མེད་པའི་མི།    ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ།

不忘初心、牢记使命

ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང་།

读正书、树正念、守正规、立正人、用正权、扬正气、聚正能、走正道

ཡང་དག་དཔེ་དེབ་ལྟ་བ། ཡང་དག་འདུ་ཤེས་འཛུགས་པ། ཡང་དག་སྒྲིག་ལམ་སྲུང་བ།  ཡང་དག་མི་ཞིག་བྱེད་པ། ཡང་དག་དབང་ཆ་སྤྱོད་པ། ཡང་དལ་སྲོལ་ལམ་སྤེལ་བ། ཡང་དག་དྲང་ནུས་སྡུད་པ། ཡང་དག་ལམ་དུ་སྐྱོད་པ།

反腐倡廉              老虎苍蝇一起打  

རུལ་རྒོལ་གཙང་སྤེལ།                     སྟག་སྦྲང་མཉམ་་རྡུང་།

六种人:做思想上的明白人、做政治上的忠诚人、做纪律上的干净人、做为民是上的贴心人、做工作上的担当人、做生活上的正派人

མི་སྣ་རིགས་དྲུག བསམ་བློའི་ཐད་ཀྱི་གོ་ཤེས་ཅན།  ཆབ་སྲིད་ཐད་ཀྱི་བློ་དཀར་ཅན།སྒྲིག་ཁྲིམས་ཐད་ཀྱི་སྐྱོན་བྲལ་ཅན། དམངས་དོན་གཉེར་བའི་སྙིང་ཉེ་ཅན།ལས་ཀའི་ཐད་ཀྱི་འགན་འཁུར་ཅན།འཚོ་བའི་ཐད་ཀྱི་ཚུལ་ལྡན་ཅན།

撸起袖子加油干          绿水青山是金山银山

ཕུ་དུང་བརྗེས་ནས་ལས་ལ་བརྩོན།          རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག

人口老龄化                  人脸识别

རྒན་རྒོན་མང་འགྱུར།                         ངོ་རིས་ངོས་འཛིན།

三严三实:严以修身、严以用权、严以律己、谋事要实、创业要实、做人要实

ནན་གསུམ་དྲང་གསུམ། བློ་སྦྱོང་ནན་མོ།  དབང་ཚོད་ནན་མོ།  རང་གཅུན་ནན་མོ།  ཇུས་འགོད་དྲང་པོ།  ལས་ཀ་དྲང་པོ།  མི་དྲང་པོ།

1“为政之要,莫先于用人。”“སྲིད་སྐྱོང་བའི་གནད་ནི་མི་བཀོལ་སྤྱོད་བྱེད་པ་ལས་མ་འདས།”

2“富贵不能淫,贫贱不能移,威武不能屈。”

“དབང་ཐང་འབྱོར་བས་ཡིད་མི་འཁྲུལ། ཉམ་ཐག་དབུལ་བས་བློ་མི་འགྱུར།འཇིགས་ཟིལ་དྲག་པོས་མགོ་མི་གནོན།”

3“千磨万击还坚劲,任尔东西南北风。”

“ངལ་དུབ་བརྒྱ་ཕྲག་ཐུག་ཀྱང་སྟོབས་ལྡན་པས།།ཤར་བྱང་ནུབ་ལྷོའི་རླུང་ལ་འཛེམས་དོན་ཅི།།”

4“明者因时而变,知者随世而制。”“དུས་ལ་བསྟུན་ཤེས་མཁས་པ་ཡིན།། ཆོས་ཉིད་སྐྱོད་ཤེས་བློ་ལྡན་ཡིན།།”

5“吾日三省吾身”“དེ་ལྟར་བདག་གིས་ཉིན་རེ་ལ།། རང་སྐྱོན་རང་ཞིབ་ལན་མང་བྱེད།།”

6“求木之长者,必固其根本;欲流之远者,必浚其泉源。”

“ཤིང་སྡོང་རིང་པོར་སྐྱེ་འདོད་ན།། ངེས་པར་རྩ་བ་བརྟན་པར་བྱ།།ཆུ་ མོ་རྒྱང་དུ་འབབ་འདོད་ན།། ངེས་པར་ཆུ་མགོ་གཤང་བར་བྱ།།”

7“学而不思则罔,思而不学则殆。”

“ཐོས་ཏེ་མ་བསམས་ན་བློ་རིག་རྨོངས་པར་འགྱུར།།བསམས་ཏེ་མ་ཐོས་ན་ཡིད་སེམས་ངལ་བའི་རྒྱུ།།”

8“衙斋卧听萧萧竹,疑是民间疾苦声。些小吾曹州县吏,一枝一叶总关情。”

“ཡ་མོན་ཤག་ཏུ་ཉལ་དུས་སྨྱུག་སྐད་ཐོས།། མི་སེར་འབངས་ཀྱི་སྡུག་གི་ངུ་འབོད་འདྲ།།

གོ་དམན་རྫོང་གྲི་དཔོན་སྣེ་ཁོ་བོ་ཅག། འདབ་ལོ་རེ་ རེས་སེམས་ཀྱི་གདུང་བ་འདྲེན།།”

9“苟利国家生死以,岂因祸福避趋之。”

“རྒྱལ་ཁབ་དོན་དུ་གཅེས་སྲོག་གཏོང་ཕོད་པས།།གེགས་ལ་འབྱོལ་ཞིང་བདེ་ལ་འབྱར་མི་སྲིད།།”

10“宰相必起于州部,猛将必发于卒伍。”

“སྲིད་བློན་ཆེན་པོ་ས་གནས་ནས་འབྱུང་།།དམག་དཔོན་ཆེན་པོ་ དམག་མི་ལས་འབྱུང་།།”

11“物必先腐,而后虫生。”“དངོས་རྫས་ཐམས་ཅད་སྔོན་ལ་རུལ།། དེ་ནས་ད་གཟོད་འབུ་ཡིས་བཟའ།།”

12“先天下之忧而忧,后天下之乐而乐。”

“སྔོན་ལ་མི་ཡུལ་གྱི་དཀའ་བ་དང་དུ་ལེན།། རྗེས་ལ་ས་སྟེང་གི་དགའ་བདེ་ལོངས་སུ་སྤྱོད།།”

13“蠹众而木折,隙大而墙坏。”“གནོད་འབུ་མང་ན་ཤིང་སྡོང་འགྱེལ།། སེར་ཀ་ཆེ་ན་རྩིག་པ་ཉིལ།།”

14“鞠躬尽瘁,死而后已。”“སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས།། ནམ་འཚོའི་བར་དུ་ལས་ལ་བརྩོན།།”

15“如履薄冰,如临深渊。”“འཁྱགས་སྲབ་ཐོག་ཏུ་བགྲོད་པ་དང་གཡང་རོང་ཁ་ལ་སླེབས་པ་བཞིན།”

16“兄弟同心,其利断金。”“སྤུན་ཟླ་བཟང་ཁ་མཐུན་ན་གསེར་ལས་ལྷག”

17“物之不齐,物之情也。”“ཆོས་ཀུན་མི་འདྲ་བ་ནི་ཆོས་ཀྱི་རང་བཞིན་ནོ།།”

18“长风破浪会有时,直挂云帆济沧海。”

“རླུང་བརྟེན་རླབས་རྒོད་གཤགས་པའི་སྐབས་ཡོད་པས།།གྲུ་གཡོར་དགུང་དུ་བསྒྲེངས་ནས་ཕ་མཐར་སྐྱོད།།”

19“驰命走驿,不绝于时月。”“བཀའ་ལྟར་ཡིག་ཟམ་འགྲིམས་པ།། ཉིན་དང་ཟླ་བ་ཆད་མེད།།”

20“云帆高张,昼夜星驰。”“ཡོར་བ་བརྒྱ་འཕྱར་སྟོང་འཕྱར།། ཉིན་ཞག་ལྟོས་མེད་སྐྱོད་པ།།”

21“履不必同,期于适足;治不必同,期于利民。”

“ལྷམ་གོག་འདྲ་མི་དགོས།། རྐང་པར་ཨེ་རན་བལྟ།། སྐྱོང་ལུགས་གཅིག་མི་དགོས།། དམངས་ལ་ཨེ་ཕན་བལྟ།།”

22“奢靡之始,危亡之渐。”“བག་མེད་ཆུད་ཟོས་བྱུང་བའི་མོད།། འཇིག་པའི་ཉེན་ཁ་འབྱུང་ལ་ཉེ།།”

23“祸患常积于忽微,而智勇多困于所溺。”

“སྣང་མེད་ཕྲ་མོས་ཉམས་ཉེས་ས་བོན་གསོག། ཞེན་དང་ཆགས་པས་དཔའ་བོ་བཏུལ་བ་མང་།།”

24“积羽沉舟,群轻折轴。”

“བྱ་སྤུ་བསགས་ནས་གྲུ་གཟིངས་ཆུ་ལ་བྱིང་།། ཡང་མོ་ཚོགས་ནས་ཤིང་རྟའི་འཁོར་ལོ་ཆག།”

25“禁微则易,救末者难。”“ཆུང་དུས་འགོག་སླ།། རྒྱས་མཐར་སྐྱོབ་དཀའ།།”

26“善禁者,先禁其身而后人。”

“རྒྱལ་ཁམས་ཁྲིམས་ཀྱིས་སྐྱོང་མཁས་པས།། ཐོག་མར་རང་ཉིད་བསྡམ་བྱེད་ལ།། དེ་ནས་སྐྱེ་བོ་གཞན་དག་འདོམས།།”

27“见善如不及,见不善如探汤。”“དགེ་བ་ནོར་བུ་འཚོལ་བཞོན་གཉེར།། མི་དགེ་ཆུ་ཁོལ་རེག་ལྟར་འཛེམ།།”

28“学者非必为仕,而仕者必为学。”

“མཁས་པས་དཔོན་གནས་འཛིན་པ་མ་ངེས་ཀྱང་།། དཔོན་པོ་རིག་པའི་གནས་ལ་མཁས་པ་གཅེས།།”

29“以其昏昏,使人昭昭。”“རང་ཉིད་མགོ་བོ་རྨོངས་བཞིན་དུ།། གཞན་གྱི་བློ་རིག་གསལ་ཐབས་བྱེད།།”

30“与人不求备,检身若不及。”“གཞན་སྐྱོན་བརྟག་པར་ནན་མི་བ།། རང་སྐྱོན་མི་རྙེད་བཞིན་དུ་བརྟག།”

31“操千曲而后晓声,观千剑而后识器。”

“གླུ་གཞས་བརྒྱ་ལེན་སྟོང་ལེན་བྱས་མཐར་དབྱངས་ངོ་ཤེས།། རལ་གྲི་བརྒྱ་འཕྱར་སྟོང་འཕྱར་བྱས་མཐར་མཚོན་ངོ་ཤེས།།”

32“志合者,不以山海为远。”“བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་།”

33“一年之计,莫如树谷;十年之计,莫如树木;终身之计,莫如树人。”

“ལོ་གཅིག་ཇུས་དེ་གྲོ་འབྲུ་བཏབ་ན་དགའ།། ལོ་བཅུའི་ཇུས་དེ་ཤིང་སྡོང་བཙུགས་ན་དགའ།། ལོ་བརྒྱའི་ཇུས་དེ་མཛངས་མི་བསྐྱངས་ན་དགའ།།”

34“各美其美,美人之美,美美与共。”

“རང་གི་རྒྱན་གྱིས་རང་ཉིད་བརྒྱན།། གཞན་གྱི་རྒྱན་ཡང་རྒྱན་དུ་འཛིན།། རྒྱན་ཐོག་རྒྱན་བརྩེགས་ཀུན་ནས་མཛེས།།”

35“盲人骑瞎马,夜半临深池。”“དམུས་ལོང་རྟ་ཞར་ལ་བཞོན་ནས།། མཚན་མོ་ཆུ་འགྲམ་བསྐྱོད་པ་བཞིན།།”

36“山积而高,泽积而长。”“རི་བོ་སྤུངས་བས་མཐོ།། ཆུ་མོ་འདུས་པས་རིང་།།”

37 “自说自话、自弹自唱。”“རང་གཏམ་ཆིག་ལབ་དང་རང་གཞས་ཁེར་ལེན།”

38 “大鹏之动,非一羽之轻也;骐骥之速,非一足之力也。”“ཁྱུང་ཆེན་མཁའ་ལ་ལྡིང་བ་ནི་གཤོག་སྒྲོ་གཅིག་ལ་བརྟེན་པ་མིན།། གྱི་ལིང་འགྲོས་ཁ་མྱུར་བ་ནི་སུག་པ་གཅིག་ལ་བརྟེན་པ་མིན།།”

39 “骐骥一跃,不能十步;驽马十驾,功在不舍。锲而舍之,朽木不折;锲而不舍,金石可镂。”“གྱི་ལིང་འགྲོས་གཅིག་མཆོངས་ན་ཡང་།། གོམ་པ་བཅུ་ཡི་མཐའ་མི་ཆོད།། རྟ་ངན་ཉིན་བཅུ་རྒྱུག་པའི་ཚེ། ལྷོད་མེད་བརྩོན་པས་ལམ་མཐའ་ཆོད།། རྐོ་ཐེངས་གཅིག་གིས་མཚམས་བཞག་ན།། རུལ་བའི་ཤིང་ཡང་གཅོད་པ་དཀའ།། བརྩོན་འགྲུས་ཆུ་བོའི་རྒྱུན་སྤྱད་ན།། རྡོ་དང་ ལྕགས་ཀྱང་རྐོས་ཚགས་ཐོན།།”

40 “千军易得,一将难求。”“དམག་མི་ཁྲི་སྟོང་ཐོབ་སླ་ཡང་།། ལས་འཇོན་དམག་དཔོན་གཅིག་མི་རྙེད།།”

41 “志之所趋,无远勿届,穷山距海,不能限也。志之所向,无坚不入,锐兵精甲,不能御也。”“ཕུགས་ལ་གཏད་པའི་བློར།། རིང་བའི་མཐའ་དང་བྲལ།། རི་རབ་རྒྱ་ མཚོས་ཀྱང་།། གཅོད་པར་མི་ནུས་སོ།། ཕུགས་ལ་ཕྱོགས་པའི་བློས།། མི་ ཐུབ་དཀའ་བ་མེད།། དམག་ཧྲག་གོ་ཧྲག་གྲིས།། ཟློག་པར་མི་ནུས་སོ།།”

42“调查研究隔层纸,政策执行隔座山。”

“བརྟག་དཔྱད་ཞིབ་འཇུག་ཤོག་བུས་བཅད།། སྲིད་ཇུས་ལག་བསྟར་རི་བོས་བཅད།།”

43天行健,君子以自强不息。“རྒྱུ་སྐར་ཚོགས་རྣམས་གཡོ་གཟུར་མེད་པ་བཞིན།། མཁས་པས་ནམ་ ཡང་རང་སྟོབས་བསྐྱེད་པར་བྱ།།”

44 “老吾老以及人之老,幼吾幼以及人之幼。”“རང་གི་རྒན་ལ་བཀུར་བ་བཞིན།། གཞན་གྱི་རྒན་ལའང་བཀུར་བར་ བྱ།། རང་གི་བུ་ལ་བྱམས་པ་བཞིན།། གཞན་གྱི་བུ་ལའང་བྱམས་པར་བྱ།།”

45“一花独放不是春,百花齐放春满园。”

“མེ་ཏོག་སྣ་གཅིག་བཞད་པས་དཔྱིད་མི་འཆར།། མེ་ཏོག་སྣ་བརྒྱ་ བཞད་པས་དཔྱིད་དཔལ་འབར།།”

46 “亲望亲好,邻望邻好。”“སྤུན་གྱིས་སྤུན་མཆེད་ཡག་རེ་བྱེད།། གྲོང་པས་གྲོང་པ་ཡག་རེ་བྱེད།།”

47“疾风识劲草,烈火见真金。”“རླུང་ནག་ཆེན་པོས་རྩྭ་ཡི་སྐྱེ་སྟོབས་ཤེས།། མེ་དཔུང་དྲག་པོས་གསེར་ གྱི་བཟང་ངན་འབྱེད།།”

48 “心不动于微利之诱,目不眩于五色之惑。”

“སེམས་ཉིད་ཁེ་ཕན་ཕྲན་བུས་བསླུ་མི་འགྱུར།། མིག་ཟུང་ཚོན་མདངས་སྣ་ལྔས་འཕྲུལ་མི་ཐུབ།།”

49 “己所不欲,勿施于人。”“གང་ཞིག་རང་གིས་མི་འདོད་པ།། དེ་ཉིད་གཞན་ལ་སྤྱད་མི་བྱ།།”

50 “空谈误国,实干兴邦。”“སྟོང་བཤད་རྒྱལ་ཕུང་།། དངོས་སྒྲུབ་རྒྱལ་དར།།”

51“海纳百川,有容乃大。”“ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ།། དེ་བས་ཆུ་གཏེར་ཞེས་སུ་ གྲགས།།”

52 “鞋子合不合脚,自己穿了才知道。”“ལྷམ་གོག་རན་མིན་རྐང་པས་ཤེས།”

53 “人间正道是沧桑”“འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་ཡིན།”

54“行百里者半九十”“ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།། དགུ་བཅུ་བཅད་པ་ལམ་ཕྱེད་ ཙམ།།”

55 “治大国若烹小鲜”“རྒྱལ་ཁབ་ཆེན་པོ་སྐྱོང་ལུགས་ནི།། ཉ་ཆུང་གཡོས་སྦྱོར་བྱེད་པ་འདྲ།།”

56 “众人拾柴火焰高”“འཐུ་མཁན་མང་ན་བུད་ཤིང་མང་།། བུད་ཤིང་མང་ན་མེ་ལྕེ་མཐོ།།

57 “我自岿然不动”“རང་ཕྱོགས་རི་ལྟར་གཡོ་མེད་གནས།”

58 “人生得意须尽欢”“འདོད་དོན་འགྲུབ་དུས་དགའ་བདེའི་དཔལ་ལ་རོལ།”

59 “今朝有酒今朝醉”“ཆང་ཞིམ་པོ་ཡོད་ན་དེ་རིང་འཐུང་།”

60 “偷得浮生半日闲”“ཁོམ་ལོང་བཙལ་ནས་ལུས་སེམས་གསོ།”

61 “金刚不坏之身”“མི་འགྱུར་རྡོ་རྗེའི་སྐུ།”

62 “为官避事平生耻”“དཔོན་པོ་བྱ་བར་བྱོལ་ན་ངོ་ཚའི་གནས།”

63 “心底无私天地宽”“སེམས་ལ་སྒེར་སེམས་མེད་ན་གནམ་ས་ཡངས།”

64 政之所兴在顺民心,政之所废在逆民心。“འབངས་སེམས་ལ་བསྟུན་ན་ཆབ་སྲིད་དར།། འབངས་སེམས་ལས་ ལྡོག་ན་ཆབ་སྲིད་ཉམས།།”

65 “学如弓弩,才如箭镞。”“སྦྱངས་པ་གཞུ་མོ་འདྲ་ལ་ཡོན་ཏན་མདའ་མོ་བཞིན།”

66“宝剑锋从磨砺出,梅花香自苦寒来。”

“རལ་གྲི་རྣོན་པོའི་ངར་ཁ་བརྡར་ལས་བྱུང་།། དཔྱིད་མགོའི་མེ་ཏོག་དྲི་བསུང་གྲང་བས་གསོས།།”

67 “从善如登,从恶如崩。”“དགེ་བ་ལ་མོ་རྒྱག་པ་འདྲ།། སྡིག་པ་རྦབ་རྒོད་ཉིལ་བ་འདྲ།།”

 68 “不谋全局者,不足谋一域。”“སྤྱི་ཁོག་ལས་སྒོ་མ་ཟིན་པས།། བྱེ་བྲག་ལས་ཀྱང་འཇོན་མི་ནུས།།”

69“盖有非常之功,必待非常之人。”

“ཁྱད་འཕགས་ལས་ནི་འགྲུབ་པ་ཀུན།། ཁྱད་འཕགས་སྐྱེས་བུའི་བསྐོས་ཐང་ཡིན།།”

70“我劝天公重抖擞,不拘一格降人才。”“ལྷ་ཁྱོད་སླར་ཡང་ཐུགས་སྐྱེད་ཅིག། སྣ་མང་མཁས་པ་ཅི་དགར་སྩོལ།།”

71“非学无以广才,非志无以成学。”“སྦྱང་བ་མེད་ན་ཡོན་ཏན་མི་རྒྱས།། བརྩོན་པ་མེད་ན་ཤེས་མཐའ་མི་ ཆོད།།”

72 “见善则迁,有过则改。”“དགེ་བའི་ཕྱི་རྗེས་འབྲངས།། སྡིག་གི་རྔ་མ་གཅོད།།”

73 “博学之,审问之,慎思之,明辨之,笃行之。”“དེ་ཉིད་རྒྱ་ཆེར་སྦྱང་བར་བ།། དེ་ཉིད་རྟོག་ཅིང་འདྲི་བར་བ།། དེ་ཉིད་ཞིབ་ཏུ་བསམ་པར་བྱ།། དེ་ཉིད་གསལ་པོར་འབྱེད་པར་བྱ།། དེ་ཉིད་ཀུན་ཏུ་སྤྱད་པར་བྱ།།”

74“见贤思齐焉,见不贤而内自省也。”

“བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་བྱ།། ངན་པ་མཐོང་ན་རང་ཉིད་བཤེར་བར་བྱ།།”

75“自古雄才多磨难,从来纨绔少伟男。”

“དཔའ་བོ་གང་ཡང་དཀའ་བ་སྤྱད་ལས་བྱུང་།། ཕྱུག་པའི་བུ་ལ་ནམ་ ཡང་མི་ཆེན་དཀོན།།”

76“少年辛苦终身事,莫向光阴惰寸功。”

“ཆུང་བའི་དུས་ནས་ཚེ་གཅིག་དོན་ལ་འབུངས།། དུས་ཀྱི་ཡུན་ནི་སོར་གང་བརླག་མི་བྱ།།”

77“玉不琢,不成器;人不学,不知义。”

“གཡང་ཊི་མ་བརྐོས་ན།། ཡོལ་གོར་ཇི་ལྟར་འགྱུར།། མི་ཡིས་མ་སྦྱངས་ ན།། བདེན་ངོ་མི་ཤེས་སོ།།”

78 “安而不忘危,存而不忘亡,治而不忘乱。”

“བདེ་བའི་དུས་ལ་ཉེན་ཁ་མི་བརྗེད།། གནས་པའི་དུས་ལ་འཇིག་པ་མི་བརྗེད།། འཇགས་པའི་དུས་ལ་འཁྲུག་ཟིང་མི་བརྗེད།།”

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།