ཀྲུང་གོ་བོད་ཀྱི་དྲ་བ།

སྨན་རྫས་ཀྱིས་མཆིན་པར་གནོད་སྐྱོན་མི་ཐེབས་པ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1. སྨན་གྱི་བསྟེན་ཚུལ་དང་འཛེམས་བྱ་ཤེས་དགོས། ལྷག་པར་དུ་མཆིན་དུག་རང་བཞིན་གྱི་སྨན་བསྟེན་པར་ཅིས་ཀྱང་གཟབ་དགོས། སྨན་བསྟེན་དུས་གཟབ་ནན་གྱིས་སྦྱོར་ཚད་དང་བཅོས་ཡུན་ལྟར་འཐུང་དགོས། དཔེར་ན།ཉིན་རེར་ཡའེ་ཤན་ཨེམ་ཅའེ་ཧྥུན་ཁེ་གཉིས་ལས་འཐུང་མི་རུང་།

2. མཆིན་པའི་བྱེད་ནུས་མི་བཟང་བའི་ནད་པ་ཡིས་མཆིན་པར་གནོད་སྐྱོན་ཆུང་བའི་སྨན་དང་། ཡང་ན་མཁལ་མར་ཕྱིར་ཕུད་གཏོང་བའི་སྨན་རྫས་འདེམས་དགོས། སྨན་མ་འཐུང་བའི་སྔོན་དུ་སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ཐོག་གི་སྨན་མི་འཕྲོད་པའི་གནས་ཚུལ་དང་འཛེམ་བྱ། མཉམ་འཇོག་བྱེད་ཡུལ་སོགས་ལས་མཆིན་པའི་བྱེད་ལས་རྒྱུན་ལྡན་མིན་པས་བཀོལ་བར་གཟབ་དགོས་མིན་ནན་ཏན་གྱིས་ཀློག་དགོས། གལ་ཏེ་གསལ་པོ་མི་ཤེས་ན། སྨན་མ་བསྟེན་སྔོན་ཆེད་ལས་སྨན་པར་འདྲི་བརྩད་བྱ་དགོས།

3. གལ་ཏེ་རེ་བ་མེད་ན་སྨན་མི་འདྲ་བ་མཉམ་འཐུང་མ་བྱས་ན་བཟང་། རྒྱུ་མཚན་ནི་སྨན་མཉམ་འཐུང་བྱས་ན་མཆིན་པར་ལྷག་དུ་གནོད་སྐྱོན་ཐེབས་སྲིད། སྨན་འཐུང་བའི་སྐབས་སུ་ཡང་ཆང་དང་། འཚིག་ཇ། ཇ་གར་པོ་སོགས་འཐུང་མི་རུང་། རྒྱུ་མཚན་ནི་སྨན་རྫས་ཀྱི་མཆིན་དུག་རང་བཞིན་ཇེ་ཐུར་གཏོང་བས་སོ།།

4. མཆིན་པར་གནོད་པའི་སྨན་འཐུང་སྐབས་སུ་དུས་ཚོད་གཏན་འཁེལ་ལྟར་མཆིན་པར་བརྟག་དཔྱད་བྱས་ཏེ། སྨན་མི་འཕྲོད་པའི་གནས་ཚུལ་བྱུང་ཚེ་དེ་མ་ཐག་སྨན་པར་བཤད་དགོས། སྨན་ཚང་མར་དུག་ནུས་ངེས་ཅན་ཞིག་ཡོད་པས།དུས་རྒྱུན་འཚོ་བའི་ཁྲོད་གང་འདོད་ལྟར་འཐུང་མི་ཉན། རབ་ཡིན་ན་ཆེད་ལས་སྨན་པའི་མཛུབ་སྟོན་འོག་དུས་ལྟར་དང་ཚད་གཞི་ལྟར་འཐུང་དགོས། མཆིན་པར་གནོད་སྐྱོན་བྱུང་ཚེ་དུས་ལྟར་སྨན་བཅོས་བྱ་དགོས། 

མི་འདི་ལྔའི་རིགས་ཀྱིས་སིལ་དམར་ཟ་མི་རུང་།

སིལ་དམར་ནི་མི་མང་པོས་ཟ་རྒྱུར་དགའ་བའི་ཟས་རིགས་ཤིག་ཡིན།དེ་ལ་ཅུང་མཐོ་བའི་འཚོ་བཅུད་ཀྱི་ནུས་པ་ལྡན་པས། མིའི་ལུས་ཕུང་གི་རིམས་འགོག་བྱེད་ནུས་དང་། ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ་པ་མ་ཟད། ད་དུང་མཆིན་པར་སྲུང་སྐྱོབ་དང་། ཁྲག་གསབ་རླུང་གསོ་བཅས་ཀྱི་ནུས་པ་ལྡན། སྤྱིར་སིལ་དམར་ནི་ཡག་པོ་ཡོད་མོད། འོན་ཀྱང་མི་འདི་ལྔའི་རིགས་ཀྱིས་ཉུང་ཙམ་ཟ་དགོས་ཏེ། 

1. གཤེར་ཚ་ཅན་གྱིས་ཟ་མི་རུང་། སིལ་དམར་ལ་མཚེར་པ་གསོ་བའི་ནུས་པ་ཡོད་པས་ཕོ་བ་སྦོས་པའི་མི་ཡིས་ཟ་མི་རུང་བ་མ་ཟད། གཤེར་ཚ་ལྕི་མོ་ཅན་དང་། ལྕེ་སེར་ཁ་དྲི་ཅན་གྱིས་ཀྱང་ཟ་མི་རུང་།

2. སོ་རུལ། སོ་ན་བ། གློ་ལུ་རྒྱག་པ་བཅས་ཀྱིས་ཟ་མི་རུང་སྟེ། སིལ་དམར་གྱི་རོ་ཤིན་ཏུ་མངར་བས། མང་པོ་ཟས་ན་གཉན་གཅོག་རློན་འབྲུམ་བསྐྱེད་ནས་ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས།

3. གཅིན་སྙི་ཟ་ཁུའི་ནད་ཕོག་མཁན། སིལ་དམར་གྱི་ཀ་རའི་བཅུད་ཧ་ཅང་མཐོ་བས། གཅིན་སྙི་ཟ་ཁུ་ཕོག་མཁན་གྱིས་སིལ་དམར་དང་སིལ་དམར་གྱི་ཞོར་ཟས་ཟ་མི་རུང་། དེ་ལྟར་མ་བྱས་ན་གཅིན་སྙི་ཟ་ཁུའི་ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས། 

4. བུད་མེད་ཟླ་མཚན་ཆུ་སྐྲངས་ཅན། བུད་མེད་ལ་ཟླ་མཚན་འབབ་པའི་སྐབས་སུ་ཟླ་མཚན་ཆུ་སྐྲངས་ཅན་གྱི་གནས་ཚུལ་ཡོད་ཚེ་སིལ་དམར་ཟ་མི་རུང་། སིལ་དམར་མང་པོ་ཟས་ཚེ་སྐྲང་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས།

5. ལུས་ཁམས་ཚ་སྐམ་ཅན་གྱི་བུད་མེད་ཀྱིས་ཟླ་མཚན་འབབ་སྐབས་ཟ་མི་རུང་། ཟླ་མཚན་ཡོང་ཚད་ལས་བརྒལ་ནས་བདེ་ཐང་ལ་གནོད་ངེས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།