མི་ལུས་ཀྱི་གསང་བ།

གཉིད་ལས་སད་མ་ཐག་ཏུ་འགུལ་སྐྱོད་དྲག་པོ་བྱ་མི་རུང་བའི་རྒྱུ་མཚན་ཅི།

གཉིད་ལས་སད་མ་ཐག་པའི་དུས་སུ་དབང་རྩ་འགུལ་སྐྱོད་བྱེད་མགོ་བརྩམས་མེད་པར་མ་ཟད། ལུས་ཡོངས་ཀྱི་ཤ་གནད་ཀྱང་ལྷོད་འདུག གལ་ཏེ་སྐབས་དེར་ཧོལ་རྒྱུག་གམ་རྨོངས་ཚོད་ཀྱིས་འགུལ་སྐྱོད་དྲག་པོ་བྱས་ན་སྦྱོང་བརྡར་གྱི་ཆུ་ཚད་ཇེ་མཐོར་ཡོང་དཀའ་བར་མ་ཟད། ད་རུང་ཤུགས་བཀོལ་བ་ཚབས་ཆེ་བ་དང་ཐལ་དྲགས་པའི་དབང་གིས་ལུས་ཕུང་ལ་གནོད་པའང་བཟོ་སྲིད།

ཉལ་ནས་དཔེ་ཆར་བལྟས་ཚེ་ངལ་དུབ་སྐྱེ་སླ་བའི་རྒྱུ་མཚན་ཅི།

མིས་དཔེ་ཆར་ལྟ་དུས། ཀླད་པ་འགུལ་བཞིན་ཡོད་པས་ལུས་ཟུངས་ཟད་གྲོན་ཧ་ཅང་ཆེ། མི་འཕྲེད་ཉལ་བྱས་ན་ཀླད་ཁྲག་ཇེ་མང་དུ་འགྲོ་བ་དང་། ཁྲག་རྒྱུན་འཁོར་རྒྱུག་བྱེད་པའང་ཙོག་པའམ་ལངས་པ་ལས་ཇེ་དལ་དུ་འགྲོ་སྲིད་པས། ལུས་ཟུངས་སོར་ཆུད་བྱེད་མ་ཐུབ་པས་རང་བཞིན་གྱིས་ངལ་དུབ་སྐྱེ་སླ།

ཉིན་རེར་མིའི་མིག་ཟུང་གིས་བརྙན་རིས་ག་ཚོད་ལ་ལྟ་ཐུབ་པ་དང་དེས་བརྡ་འཕྲིན་ཚུར་ལེན་བྱེད་པར་ཆུ་ཚོད་ག་ཚོད་དགོས། ཉིན་རེར་མི་རེའི་མིག་ཟུང་གིས་བརྙན་རིས50000ལྷག་པར་ལ་འདེབས་པ་དང་། མིའི་མིག་ཟུང་གིས་ཀླད་ཆེན་གྱིས་ཚུར་སྣང་བྱས་པའི་དངོས་གཟུགས་བརྙན་རིས་ཀྱི་འཕྲིན་བརྡ་ཚུར་ལེན་པར་ཆུ་ཚོད་སྐར་མ0.05ལས་མི་དགོས་པ་རེད།

མིག་ནང་དུ་བྱེ་ཟེགས་སོགས་སོང་ན་ཇི་ལྟར་བྱ་དགོས།

མིག་ནང་དུ་བྱེ་ཟེགས་སོགས་དངོས་པོ་སོང་ན་ལག་པས་ཕུར་ཕུར་མི་བྱེད་པར་མྱུར་དུ་མིག་བཙུམས་ནས་མིག་ཆུས་ཕྱི་ལ་འདེད་དུ་འཇུག་དགོས།

མི་ཞིག་གིས་ཉིན་རེར་མིག་ཆུ་ག་ཚོད་རེ་ཟགས་ཐོན་བྱེད་པ་རེད།

མི་ཞིག་ཡིན་ཕྱིན་ངུ་སྐབས་མ་གཏོགས་མིག་ཆུ་མེད་པ་ཞིག་མིན་ཏེ། དུས་རྒྱུན་དུ་མིག་ཆུ་ཟགས་ཐོན་བྱས་ཏེ་མིག་འབྲས་རློན་པ་བྱེད་བཞིན་ཡོད་པས། མིའི་མིག་ཟུང་ལས་ཕལ་ཆེར་ཉིན་རེར་མིག་ཆུ་ཧའོ་ཧྲིན1.5ཟགས་ཐོན་བྱེད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།