ཀྲུང་གོ་བོད་ཀྱི་དྲ་བ།

མིའི་ཐབས་ལས་སྐྱེས་པའི་གསའ།

ཡོང་ཁུངས། : མཚོ་སྔོན་ཚན་རྩལ་ཚགས་པར།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གའི་མིང་དུ་ཨོ་ཞེ་ཞེས་འབོད་པའི་གསའ་ནི་མིག་སྔའི་རྒྱལ་ནང་གི་མིའི་ཐབས་ལས་སྐྱེས་ཤིང་གསོན་ཡོད་པའི་གསའ་གཅིག་པུ་དེ་ཡིན་ལ། མིའི་ཐབས་ལས་སྐྱེས་པའི་འཚོ་ཡུན་ཆེས་རིང་བའི་གསའ་ཡང་ཡིན། ཨོ་ཞེ་ནི་སྤྱི་ལོ2016ལོའི་ཟླ6པའི་ཚེས10ཉིན་སྐྱེས་ཤིང་། མིག་སྔར་འཚར་ལོངས་བྱུང་བ་རྒྱུན་ལྡན་ཡིན་ལ། གཟུགས་གཞི་བདེ་ཐང་ཡིན་ཞིང་། ད་ལྟ་གསའ་བཤམས་སྟོན་ཁང་དུ་བཤམས་སྟོན་བྱེད་བཞིན་ཡོད།

གསའ་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་ཡིན་ལ། མཚོ་ངོས་ལས་སྨི 3500མཚམས་ཀྱི་གངས་ཁྲོད་དུ་འཚོ་གནས་བྱེད་བཞིན་ཡོད། མཚོ་ངོས་དམའ་བའི་ས་ཁུལ་གྱི་གནམ་གཤིས་གོམས་ལོབས་དཀའ་བས། གསའ་ནི་མིའི་ཐབས་ལས་སྐྱེ་འཕེལ་དཀའ། མིག་སྔར་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གར་གསའ9ཡོད་ཅིང་། རང་རྒྱལ་གྱི་གསའ་ཡི་རྒྱུད་སྤེལ་གནས་གཞི་ཡིན།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།