ཀྲུང་གོ་བོད་ཀྱི་དྲ་བ།

མིག་ལ་ཕན་པའི་ཟས་རིགས་གསུམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ད་ལྟའི་སྤྱི་ཚོགས་འདིའི་ནང་དུ།མིག་གི་དབང་པོ་བཀོལ་སྤྱོད་བྱེད་རྒྱུ་ཧ་ཅང་མང་བས།མི་རྣམས་ཀྱི་དཀའ་ཁག་ནི་རྒྱང་སྒྲིབ་མིག་ནད་ཁོ་ན་མ་ཡིན་པར་།མིག་སྐམ་པ་དང་ངལ་བ།ཁྲག་ཐོན་པ་སོགས་ཀྱི་ནད་རྟགས་མང་པོར་ཐུག་གིན་ཡོད།མིག་ནད་དེ་དག་གསོ་བཅོས་བྱེད་དགོས་ན།མིག་གི་གཙང་སྦྲར་དོ་སྣང་བྱེད་དགོས་པར་མ་ཟད།རྒྱུན་དུ་ཕྱི་རོལ་གྱི་བྱ་འགུལ་ནང་ཞུགས་དགོས་ཤིང་།གཞན་ད་རུང་ཟད་གྲོན་བྱུང་བའི་འཚོ་བཅུད་ཁ་གསབ་བྱས་ཏེ།མིག་གི་ཕུང་གྲུབ་ཕྲ་ཕུང་ལ་སྲུང་སྐྱོབ་བྱེད་དགོས།

འཚོ་བཅུད་དངོས་པོ་དེ་དག་ནི་མིག་གི་བདེ་ཐང་ལ་མཚོན་ན་ཧ་ཅང་གལ་ཆེན་རེད། དང་པོ། ལོ་མའི་སེར་རྒྱུ་དང་མ་རྨོས་ལོ་ཏོག་གི་སེར་རྒྱུ་ཡིན།དེ་དག་གིས་འོད་སྣང་ཁྲོད་ཀྱི་གནོད་ལྡན་སྨུག་ཕྱིའི་འོད་ཟེར་དང་རླབས་ཐུང་འོད་སྡུད་ལེན་བྱེད་ཐུབ་པ་དང་།དུས་མཚུངས་སུ་ད་རུང་ཉེན་ཁ་ཡོད་པའི་རང་དབང་རྒྱུ་ལ་ཚོད་འཛིན་བྱས་ཏེ།མིག་གི་རྒས་ཚད་ཇེ་དལ་དུ་གཏོང་ཐུབ། གཉིས་པ། འཚོ་རྒྱུAནི་འོད་སྣང་གསལ་ལ་མི་གསལ་བའི་འོག་གི་མིག་ཤུགས་ལ་སྲུང་སྐྱོབ་བྱེད་པའི་འཚོ་བཅུད་གལ་ཆེན་ཞིག་ཡིན།ལ་སེར་གྱི་བཅུད་ནི་ལུས་སྟེང་དུ་ཞུགས་རྗེས་འཚོ་རྒྱུAརུ་འགྱུར་ཐུབ་པས།ལ་སེར་བཟའ་བ་ནི་འཚོ་རྒྱུAཁ་གསབ་བྱེད་པའི་ཐབས་མཆོག་ཅིག་ཡིན། གསུམ་པ། མདངས་འཆར་རྒྱུ(花青素)ཡིས་མིག་མཐིལ་གྱི་ཁྲག་གི་འཁོར་རྒྱུག་ཇེ་མང་དུ་བཏང་སྟེ།དངོས་པོ་རྙིང་ཚབ་གསར་བརྗེ་བྱེད་པ་དང་ཁྲག་རྩ་ཕྲ་མོར་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད།བཞི་པ། འཚོ་རྒྱུBརིགས་དང་འཚོ་རྒྱུCདང་འཚོ་རྒྱུEབཅས་ཡིན། འཚོ་རྒྱུB2ལ་ངོ་མདངས་ཇེ་ཡག་ཏུ་གཏོང་བའི་ནུས་པ་ལྡན།གལ་ཏེ་ལུས་སྟེང་དུ་དེ་ཆད་ན་མིག་འཚེར་ཏེ་འོད་སྣང་ལ་བལྟ་མི་ཐུབ་པ་དང་མིག་ཆུ་བཞུར་བ།མིག་དམར་པོར་འགྱུར་བ་སོགས་ཀྱི་ནད་རྟགས་མངོན་པ་དང་།འཚོ་རྒྱུB6གིས་ཀྱང་མིག་གི་ངལ་བ་སེལ་རོགས་བྱེད་ཐུབ།འཚོ་རྒྱུCདང་འཚོ་རྒྱུEགཉིས་ལ་དབྱང་འགྱུར་འགོག་པའི་ནུས་པ་ངེས་ཅན་ཞིག་ལྡན། ལྔ་པ། ཀལ་དང་ཏི་ཚ་ཡིན།མིག་གི་དབང་བོ་འགུལ་སྐྱོད་བྱེད་དགོས་ན་ཤ་གནད་བརྐྱང་བསྐུམ་བྱེད་དགོས་པ་དང་།ཀལ་དང་ཤ་གནད་བརྐྱང་བསྐུམ་བར་དུ་འབྲེལ་བ་དམ་པོ་ཡོད།ཏི་ཚ་ནི་རྩབས་ཀྱི་གྲུང་གཤིས་ལ་ཕན་པའི་དངོས་པོ་ཞིག་ཡིན་པས།དེ་ལ་མིག་ཤུགས་གསོ་བའི་ནུས་པ་ཡོད་དོ། །

དགའ་འོས་པ་ཞིག་ནི།མིག་ལ་ཕན་པའི་འཚོ་རྒྱུ་འདི་དག་ང་ཚོས་རྒྱུན་དུ་བཟའ་བཞིན་པའི་རང་བྱུང་ཟས་རིགས་ཀྱི་ནང་དུ་འདུས་པ་དང་།ནང་སྒོས་སུ་གཤམ་གྱི་ཟས་རིགས་འདི་དག་ནི་མིག་ལ་ཧ་ཅང་ཕན་པས།ཚང་མས་རྒྱུན་དུ་ཟོས་ན་འགྲིག

གཅིག མ་རྨོས་ལོ་ཏོག་སེར་པོ་དང་ཁྲེ།འབྲས་སེར་སོགས་འབྲུ་རིགས་སེར་པོའི་ནང་དུ་ལོ་མའི་སེར་རྒྱུ་དང་མ་རྨོས་ལོ་ཏོག་གི་སེར་རྒྱུ་འདུས་པ་དང་།ཨ་མྲ་དང་སེ་ཡབ།ཚ་ལུ་མ་སོགས་སིལ་ཏོག་སེར་པོའི་ནང་དུ་མ་རྨོས་ལོ་ཏོག་གི་སེར་རྒྱུ་དང་འཚོ་རྒྱུcའདུས་ལ།སྒོང་སྤྲིའི་ནང་དུ་ལོ་མའི་སེར་རྒྱུ་དང་མ་རྨོས་ལོ་ཏོག་གི་སེར་རྒྱུ་འདུས་པར་མ་ཟད་ད་རུང་འཚོ་རྒྱུB2དང་འཚོ་རྒྱུAའདུས་པས།རྒྱུན་དུ་ཟས་རིགས་འདི་དག་ཟོས་ན་མིག་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཆེན་པོ་ཡོད།དེ་ལས་ཀྱང་མིག་ལ་ཕན་པའི་ཟས་རིགས་ནི་འདྲེ་ཚེར་མ་ཡིན།འདྲེ་ཚེར་མ་ནི་མ་རྨོས་ལོ་ཏོག་གི་སེར་རྒྱུ་དང་ལ་སེར་གྱི་བཅུད་འདུས་ཚད་ཆེས་མཐོ་བའི་ཟས་རིགས་ཤིག་ཡིན་པས།རྒྱུན་དུ་ཟོས་ན་ཧ་ཅང་བཟང་ངོ་།

གཉིས། ཁ་དོག་དམར་སྨུག་ཅན་གྱི་ཟས་རིགས་ཏེ་འབྲས་སྨུག་དང་འབྲས་ནག སྲན་དམར་དང་སྲན་ནག་སོགས་ཟས་རིགས་དམར་སྨུག་ཅན་གྱི་ནང་དུ་མདངས་འཆར་རྒྱུ་དང་འཚོ་རྒྱུEམང་པོ་འདུས་པར་མ་ཟད།ད་རུང་མིག་གི་ངལ་དུབ་སེལ་བར་ཕན་པའི་འཚོ་རྒྱུBམང་པོ་ཡང་འདུས།དམར་སྨུག་ཅན་གྱི་སིལ་ཏོག་དང་སྔོ་ཚོད་ཀྱི་ནང་དུ་མདངས་འཆར་རྒྱུ་དང་འཚོ་རྒྱུCའདུས་པ་རེད།

གསུམ། སྔོ་ཚོད་མང་དུ་བཟའ་དགོས།པོད་ཚལ་དང་པད་ཁ་སོགས་སྔོ་རིགས་ཚོད་མའི་ནང་དུ་ལོ་མའི་སེར་རྒྱུ་དང་ལ་སེར་གྱི་བཅུད།འཚོ་རྒྱུCསོགས་འདུས་ཤིང་།མིག་སྔར་ཚད་འཇལ་བྱས་པ་ལྟར་ན།པོད་ཚལ་སོགས་སྔོ་ཚོད་ནང་དུ་ལོ་མའི་སེར་རྒྱུ་འདུས་ཚད་ཆེས་མཐོ་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།