ནད་འབུ་གང་སར་ཁྱབ་པའི་གོམས་གཤིས་བཅུ།

དུས་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོས་སྣང་འཇོག་མི་བྱེད་པའི་གོམས་གཤིས་ཁ་ཤས་ཀྱིས་ནད་འབུ་འགོ་བའི་ཉེན་ཁ་ཇེ་ཆེར་གཏོང་ངེས་རེད། ཉེ་ཆར། ཨ་མེ་རི་ཁའི ཀློག་པ་པོའི་རྩོམ་ཡིག ཅེས་པའི་དུས་དེབ་ཀྱི་སྟེང་དུ་སྤྱི་སྡོམ་ཞིག་བྱས་ཡོད་པ་སྟེ།

གཅིག  སྤྱོད་ཁང་དུ་འདུག་སྐབས་ལག་ཁྱེར་ཁ་པར་རྩེ་བ། སྤྱོད་ཁང་དུ་འདུག་ཞོར་ལག་ཁྱེར་ཁ་པར་རྩེ་བ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ལག་པས་སྐྱག་ཟོམ་དང་སྒོའི་འཛིན་ལུང་། ཆུ་རྫིང་སོགས་ལ་རེག་རྗེས་སླར་ཡང་ལག་ཁྱེར་ཁ་པར་ལ་རེག་ན། ནད་འབུ་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ།

གཉིས། འདག་རྫས་མཉམ་སྤྱོད་བྱེད་པ། འདག་རྫས་ནི་ལག་པ་བཀྲུ་བྱེད་ཀྱི་དངོས་པོ་ཞིག་ཡིན་མོད། འོན་ཀྱང་དེ་མི་མང་བོས་མཉམ་དུ་བཀོལ་སྤྱོད་བྱས་ན། ནད་འབུའི་འབྱུང་གནས་སུ་འགྱུར་འགྲོ་བ་རེད། གལ་ཏེ་མི་མང་བོས་མཉམ་དུ་སྤྱོད་དགོས་ན་འདག་རྫས་ལས་འདག་ཁུ་བཀོལ་ན་བཟང་ངོ་།

གསུམ། ལག་ཕྱིས་མཉམ་སྤྱོད་བྱེད་པ། ཁྱིམ་ཚང་གང་བོས་ལག་ཕྱིས་གཅིག་མཉམ་སྤྱོད་བྱེད་པ་དེ་ནི་གོམས་གཤིས་བཟང་བོ་ཞིག་མིན། ལག་ཕྱིས་ནི་མི་རེར་གཅིག་རེ་དགོས་ལ། ཉིན་འགའ་རེའི་ནང་དུ་གཙང་མར་བཀྲུ་དགོས། ནང་སྒོས་སུ་ཁྱིམ་དུ་གང་སར་རེག་རྒྱུར་དགའ་བའི་བྱིས་པ་ཡོད་ན་དེ་བས་ཀྱང་ལག་ཕྱིས་ཀྱི་གཙང་སྦྲར་དོ་སྣང་བྱ་དགོས།

བཞི། ལག་པ་གཙང་མར་མི་བཀྲུ་བ། ལག་པ་བཀྲུ་སྐབས་ངེས་པར་དུ་སྐར་ཆ 30ཡི་རིང་ལ་བཀྲུ་དགོས།

ལྔ། སྲོ་སྐམ་འཕྲུལ་འཁོར་བཀོལ་བ། སྤྱི་པའི་སྤྱོད་ཁང་དུ་སྲོ་སྐམ་འཕྲུལ་འཁོར་མ་བཀོལ་ན་བཟང་། ཨ་མེ་རི་ཁའི་ཁང་ཉི་ཏིས་ཀད་སློབ་ཆེན་གྱི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། སྲོ་སྐམ་འཕྲུལ་འཁོར་གྱིས་སྤྱོད་ཁང་ནང་གི་ནད་འབུ་གང་སར་ཁྱབ་ཏུ་འཇུག་པས། ལག་པ་བཀྲུས་རྗེས་ཆེས་བཟང་ན་ཤོག་བུས་གཙང་མར་ཕྱི་བ་དང་དེ་མིན་ན་རང་བཞིན་གྱིས་སྐམ་དུ་འཇུག་དགོས།

དྲུག སྐྱག་ཟོམ་ཆུ་བཤལ་བྱེད་སྐབས་སྐྱག་ཟོམ་གྱི་ཁ་མི་རྒྱག་པ། ཨ་མེ་རི་ཁའི་ཨུ་རུ་སིའི་ཁེ་ལ་ཧོ་མའི་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཆུ་བཤལ་བྱེད་སྐབས་སྐྱག་ཟོམ་ནང་གི་མི་གཙང་བ་གང་སར་ཁྱབ་འགྲོ་བས། སྲིན་འབུ་ཕྲ་མོ་མཁའ་རླུང་གི་ཁྲོད་དུ་ཁྱབ་པ་དང་། དེས་མིའི་ལུས་ཕུང་དང་ཁྲུས་གཞོང་། སོ་ཤད་བཅས་ལ་སྦགས་བཙོག་ཐེབས་སྲིད།

བདུན། སྨྱུ་གུར་སོ་འདེབས་པ། རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྨྱུ་གུ་ཡིན་ནའང་། ཁྱོད་ཀྱི་ལག་པ་མི་གཙང་བའི་སྐབས་སུ་དེ་ལ་རེག་མྱོང་བ།

བརྒྱད། སོ་བཏབ་སྟེ་དམ་བུ་དང་ཕྱི་ཐུམ་གྱི་ཁ་འབྱེད་པ། དམ་བུའི་ཁ་འབྱེད་སྤྱད་དང་ཇེམ་ཙེ་སོགས་མེད་པའི་སྐབས་སུ། མི་རྣམས་ཀྱིས་རང་བཞིན་སྒོས་སོ་བཏབ་སྟེ་དམ་བུའི་ཁ་འབྱེད་པའམ་ཡང་ན་ཕྱི་ཐུམ་གྱི་ཁ་འབྱེད་སྲིད། དེ་ལྟར་བྱས་ན་སོ་ལ་གནོད་འཚེ་ཆེན་པོ་ཐེབས་པ་མ་ཟད་ཁ་ནང་གི་འབུ་སྲིན་དེ་ཕྱི་ཐུམ་གྱི་སྟེང་དུ་འགོ་སྲིད།

དགུ། སྐྱེས་སྐར་སྒྲོན་མེ་གཟིམས་པ། སྐྱེས་སྐར་སྒྲོན་མེ་གཟིམས་སྐབས་ཁ་ནང་གི་སྲིན་འབུ་རྣམས་སྒོ་ངའི་བག་ལེབ་སྟེང་དུ་འགོ་སྲིད། ཨ་མེ་རི་ཁའི་ཁུ་ལའེ་མུའུ་སུན་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། སྒྲོན་མེ་གཟིམས་པ་ཡིས་སྒོ་ངའི་བག་ལེབ་སྟེང་གི་འབུ་སྲིན་ལྡབ 14ཡིས་ཇེ་མང་དུ་གཏོང་བཞིན་ཡོད།

བཅུ། གཞུང་ལས་སྒྲོག་ཙེ་སྟེང་དུ་ཟ་མ་བཟའ་བ། གློག་ཀླད་ཕབ་གཞོང་སྟེང་དུ་སྲིན་འབུ་ཕྲ་མོ་མང་པོ་སྦས་ཡོད་པས། ཟས་རིགས་ཕབ་གཞོང་གི་འགྲམ་དུ་བཞག་ནས་ཟོས་ན། སྲིན་འབུ་ཕྲ་མོ་ཟོས་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེའོ།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།