ཀྲུང་གོ་བོད་ཀྱི་དྲ་བ།

ཁ་པར་ཅོག་ཙེའི་ཐོག་ཏུ་འཇོག་ཐབས་ལ་ཡང་ཤེས་བྱ་འདི་འདྲ་མང་།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁ་པར་བེད་སྤྱོད་མི་བྱེད་པའི་སྐབས་སུ་མི་ལ་ལས་ཁ་པར་གྱི་འཆར་ཤེལ་ངོས་ཡར་ལ་གཏད་ནས་འཇོག་པ་དང་མི་ལ་ལས་འཆར་ཤེལ་ངོས་འོག་ལ་གཏད་ནས་འཇོག་གི་ཡོད། མ་གཞི་ཁ་པར་ཅོག་ཙེའི་སྟེང་འཇོག་སྐབས་འཆར་ཤེལ་ངོས་འོག་ལ་གཏད་ནས་བཞག་ན་ལེགས་པ་རེད། དེའི་རྒྱུ་མཚན་གསལ་པོ་གཤམ་ནས་གཟིགས་རོགས།

W020180825381020107844.jpg

ཐལ་རྡུལ་དང་གཤེར་གཟུགས་འགོག་པ།

ལག་ཁྱེར་ཁ་པར་གྱི་འཆར་ཤེལ་ངོས་ཡར་ལ་གཏད་ནས་འཇོག་སྐབས། ཐལ་རྡུལ་མང་པའི་གནས་སུ་འཆར་ཤེལ་མི་གཙང་པར་འགྱུར་སྲིད་པ་དང་། སྐབས་ལ་ལར་ལག་པས་འབྲད་དགོས་ཀྱི་ཡོད་པས་འཆར་ཤེལ་ངོས་སུ་བྲད་ཤུལ་འབྱུང་སྲིད་པ་རེད།

གཞན་ཡང་ལག་ཁྱེར་ཁ་པར་གྱི་འཆར་ཤེལ་ངོས་ཡར་ལ་གཏད་ནས་བཞག་པ་ཡིན་ན། གནས་གཅིག་ཏུ་ཡོད་པའི་ཆུ་དང་བཏུང་བྱ་གཞན་འཆར་ཤེལ་ངོས་ལ་འགོ་སྲིད་པ་དང་། ལྷག་པར་དུ་སྣུམ་ཡོད་པའི་གཤེར་ཁུའི་རིགས་འཆར་ཤེལ་ཐོག་ཐོར་བ་ཡིན་ན། གཙང་མ་བཟོ་དཀའ་བ་རེད།

W020180825381020145933.jpg

དེར་བརྟེན་ཁ་པར་བེད་སྤྱོད་མི་བྱེད་པའི་སྐབས་སུ། འཆར་ཤེལ་གྱི་ངོས་འོག་ལ་གཏད་ནས་བཞག་ན། ཁོར་ཡུག་དང་མིས་བཟོས་ཤུགས་རྐྱེན་ཚད་ངེས་ཅན་གྱིས་སྔོན་འགོག་བྱེད་ཐུབ།

འབུར་དུ་ཐོན་པའི་བརྙན་མིག་སྲུང་སྐྱོབ་བྱེད་པ།

དེང་སྐབས་ལག་ཁྱེར་ཁ་པར་རིགས་ལ་ལའི་བརྙན་མིག་ནི་ནུས་པ་ཇེ་ལེགས་སུ་གཏོང་ཆེད་ཕྱི་འབུར་མི་བྱེད་ཐབས་མེད་ཡིན་པས། དེ་ལྟར་ཁ་པར་གྱི་འཆར་ཤེལ་ངོས་ཡར་ལ་གཏད་ནས་བཞག་ཚེ་འབུར་དུ་ཐོན་པའི་བརྙན་མིག་ཅོག་ཙེའི་ངོས་ལ་གཏད་དགོས་པ་དང་། བརྙན་མིག་ངོས་སུ་བྲད་ཤུལ་རིས་སྣ་ཚོགས་འབྱུང་སླ་ཞིང་།བརྙན་པར་ལེན་པའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་སྲིད་པ་རེད།

W020180825381020177725.jpg

དེར་བརྟེན་ལག་ཁྱེར་ཁ་པར་གྱི་འཆར་ཤེལ་ངོས་འོག་ལ་གཏད་ནས་བཞག་ཚེ་བརྙན་མིག་ལ་གནོད་སྐྱོན་འབྱུང་མི་སྲིད་པ་དང་། ཁ་པར་གྱི་བརྙན་མིག་ལ་སྲུང་སྐྱོབ་བྱེད་ཐུབ།

མི་སྒེར་གྱི་གསང་པ་སྲུང་སྐྱོབ།

ཁ་པར་གྱི་འཆར་ཤེལ་ངོས་ཡར་ལ་གཏད་ནས་བཞག་ཚེ། སྐབས་ལ་ལར་ཁ་པར་དང་དང་འཕྲིན་ཐུང་འབྱོར་བ་མི་གཞན་གྱིས་མཐོང་སྲིད་པ་དང་། གསང་བའི་རིགས་ཀྱི་ཆ་འཕྲིན་གཞན་གྱིས་མཐོང་བའི་ཉེན་ཁ་ཡོད། ལྷག་པར་དུ་ཀྲི་ཧྥུ་པོ་དང་དངུལ་ཁང་གི་ APPསོགས་ཀྱི་སྒོ་བརྒྱབ་མེད་དུས་འཆར་ཤེལ་ངོས་ཡར་ལ་གཏད་པའི་རྐྱེན་གྱིས་ཆ་འཕྲིན་ཕྱི་ལ་འཆོར་ཉེན་ཡོད།

W020180825381020208014.jpg

ཁ་པར་བེད་སྤྱོད་མི་བྱེད་པའི་སྐབས་འཆར་ཤེལ་ངོས་འོག་ལ་གཏད་ནས་འཇོག་པ་ལ་ད་དུང་བཟང་ཆ་མང་པོ་ཡོད་དེ། དཔེར་ན་འཆར་ཤེལ་ངོས་ཀྱི་ཆ་འཕྲིན་མིག་ལམ་དུ་མ་མངོན་ཚེ་རང་ཉིད་ཀྱིས་ལས་ཀ་དང་སློབ་སྦྱོང་ཁྲོད་བློ་རྩེ་སྒྲིམ་ཐུབ་པ། 

ཁ་པར་འཇོག་ཐབས་ཐད་དུ་ད་དུང་དོ་སྣང་བྱེད་དགོས་པ་ཁ་ཤས་ཡོད།

W020180825381020235114.jpg

ཁ་པར་རྐང་སྣམ་ཁུག་མའི་ནང་འཇུག་སྐབས་ཁ་པར་གྱི་འཆར་ཤེལ་ངོས་ནང་ལ་གཏད་ན་ལེགས། དེ་ལྟར་བྱས་ཚེ་ཕྱི་ཡི་ལྕགས་རིགས་དངོས་པོ་དང་ཅོག་ཙེའི་ཟུར་ཁ་སོགས་དང་ཐུག་མི་ཐུབ་པ་མ་ཟད། གློག་རྫས་ཚ་པོ་ཆགས་ཏེ་རྐང་པར་འཚིག་རྨས་བྱུང་བ་སྔོན་འགོག་བྱེད་ཐུབ།    །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།