ཀྲུང་གོ་བོད་ཀྱི་དྲ་བ།

སྐྱི་མོ་ལ་གནོད་པ་ཆེ་བའི་ལས་རིགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱ་བ་མི་འདྲ་བས་སྐྱི་མོར་བཟང་ངན་མི་འདྲ་བ་སྣ་ཚོགས་བཟོ་ངེས་པ་རེད།ཞིབ་འཇུག་བྱས་པ་ལྟར་ན།གཤམ་གྱི་ལས་རིགས་དེ་དག་གིས་སྐྱི་པགས་ལ་གནོད་པ་བཟོ་བ་རེད།

གཞུང་ལས་ཁང་གི་ལས་བྱེད་པ།ཉི་མར་ལྡེ་རྒྱུ་མང་དྲགས་ན་སྐྱི་མོའི་སྐྲན་ནད་འབྱུང་སླ་མོད།འོན་ཀྱང་ཉི་མར་མ་ལྡེ་ནའང་ལུས་སྟེང་གི་འཚོ་བཅུདDཇེ་ཉུང་དུ་འགྲོ་བས། སྐྱི་མོའི་སྐྲན་ནད་འབྱུང་ངེས་རེད།

དངོས་སྐྱེལ་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ།འགྲིམ་འགྲུལ་ལས་རིགས་སུ་བྱ་བ་གཉེར་བའི་མི་ལ་སྨུག་ཕྱིའི་འོད་ཟེར་གྱི་གནོད་པ་ཐེབས་སླ། དེར་དངོས་སྐྱེལ་རླངས་འཁོར་དང་གླ་གཏོང་རླངས་འཁོར་ཁ་ལོ་བ།བར་སྣང་གི་འགྲིམ་འགྲུལ་དོ་དམ་པ།མེ་འཁོར་ཁ་ལོ་བ་སོགས་འདུས་ཡོད།ཞིབ་འཇུག་པས་གྲོས་གཞི་བཏོན་དོན།ཉིན་རེར་འོད་འགོག་ངོ་སྣུམSPF30ཡན་བྱུགས་ན་རྒས་ཚད་ཇེ་དལ་དུ་འགྲོ་བར་མ་ཟད།ད་དུང་སྐྱི་མོའི་སྐྲན་ནད་འགོག་བཅོས་བྱེད་ཐུབ།རླངས་འཁོར་སྐོར་དུས་ལག་པའི་སྟེང་ལ་ཡང་འོད་འགོག་ངོ་སྣུམ་བྱུགས་ན་བཟང་།

མེ་གསོད་པ།མེ་གསོད་པ་ལ་རྒྱུན་པ་དུག་ཡོད་པའི་དུ་བའི་ནང་དུ་འགྲོ་དགོས་པས།སྐྱི་མོའི་ཕྲ་ཕུང་གིDNAལ་གནོད་པ་ཐེབས་པ་དང་།སྐྱི་མོའི་སྐྲན་ནད་འབྱུང་བའི་ཉེན་ཁ་ཆེ།ཁོ་ཚོའི་དབུགས་ལམ་མ་ལག་དང་འཇུ་བྱེད་མ་ལག གཅིན་ཟགས་མ་ལག་སོགས་སུའང་སྐྲན་ནད་འབྱུང་བའི་ཉེན་ཁ་ཆེ།

ཞིང་པ་དང་རྡོ་སྣུམ་བཙོ་སྦྱོང་བཟོ་གྲྭའི་བཟོ་པ།རྒྱུན་པར་ཁང་པའི་ཕྱི་རོལ་དང་དྲོད་ཚད་མཐོ་བའི་ཁོར་ཡུག་ནང་བྱ་བ་གཉེར་བའི་མིའི་སྐྱི་མོའི་སྤུས་ཀ་ཞན་པས།སྐྱི་མོའི་ནད་འབྱུང་ཚད་ཧ་ཅང་མཐོ། དེ་ནི་རྔུལ་ཆུ་མང་པོ་ཐོན་པའི་དབང་གིས་སྐྱི་མོ་ལ་གནོད་པ་ཐེབས་ཤིང་། ཉི་འོད་ཀྱི་གནོད་པ་ཕོག་ཚད་ཇེ་མཐོར་སོང་བས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།