ཀྲུང་གོ་བོད་ཀྱི་དྲ་བ།

རྩེབ་མ་ཐག་པའི་བེའུ་བདེ་སྲུང་དང་བདག་སྐྱོང་གི་ལག་རྩལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1.འདག་ཁུལ་གཙང་མ་བྱེད་པ། བེའུ་རྩེབ་རྗེས་མྱུར་དུ་ལག་ཕྱིས་ཀྱིས་ཁ་སྣ་སྟེང་གི་འདག་ཁུ་གཙང་མ་བྱས་ཏེ་དབུགས་ལེན་བདེ་བར་བྱ་དགོས།

2.ལྟེ་ཐག་གཅོད་པ། སྦྱིར་བཏང་གི་གནས་ཚུལ་འོག་བེའུ་ཡི་ལྟེ་ཐག་ངང་གིས་ཆད་འགྲོ་བ་ཡིན། ཆད་མེད་ཚེ་དུག་སེལ་བྱས་པའི་ཁེ་གྲིས་གསུས་པ་དང་བར་ཐག་ལི་སྨི6ནས8ཀྱི་མཚམས་ནས་ལྟེ་ཐག་གཅོད་དགོས་ཤིང་། ལྟེ་ཐག་ལས་ཐོན་པའི་ཁྲག་གཙང་མར་བཙིར་རྗེས5%ནས10%ཡི་ཏེན་ཆང་སྨན་ཆུས་ལྟེ་ཐག་བཅད་སྣེ་ལ་དུག་སེལ་བྱ་དགོས། ལྟེ་ཐག་བཅད་ཤུལ་མ་མདུད་པར་རང་ཤུགས་སུ་ལྷུང་ན་རབ་ཡིན།

3.སྔ་མོ་ནས་འོ་སྤྲི་ནུ་རུ་འཇུག་དགོས། བེའུ་རྩེབ་རྗེས་མྱུར་དུ་འོ་སྤྲི(འབྲི་མོས་ཕྲུ་གུ་རྩེབ་རྗེས་ཀྱི་ཉིན5ནས7བར་གྱི་འོ་མ་ལ་འོ་སྤྲི་ཞེས་ཟེར)ནུ་རུ་འཇུག་དགོས། སྤྱིར་བཏང་དུ་རྩེབ་རྗེས་ཀྱི་དུས་ཚོད་ཕྱེད་ཀ་ཡས་མས་སུ་འོ་སྤྲི་ནུ་ན་བཟང་། ཐེངས་དང་པོར་བེའུ་ལྗིད་ཚད་ཀྱི1/8 ནས1/6ལྟར་ནུ་རུ་འཇུག་དགོས། འོ་སྤྲི་དེ་ཉིན་རེར་ཐེངས3བྱས་ཏེ་ནུ་རུ་འཇུག་དགོས། 

4.ལྗིད་ཚད་འཇལ་བ་དང་ཨང་རྟགས་འགོད་པ། བེའུ་རྩེབ་མ་ཐག་ལྗིད་ཚད་འཇལ་དགོས་ལ། ལྗིད་ཚད་འཇལ་བ་དང་མཉམ་དུ་ཨང་རྟགས་འགོད་དགོས།

5.འགུལ་སྐྱོད་བྱེད་པ། འཁྱག་གྲང་གི་ནམ་ཟླ་ཕུད། བེའུ་རྩེབ་ནས་ཉིན10འགོར་རྗེས་ཕྱི་རོལ་ཏུ་རང་དབང་གིས་འགུལ་སྐྱོད་བྱས་ཆོག་ཅིང་། ཉིན་བདུན་འགོར་རྗེས་བདའ་འདེད་ཀྱིས་འགུལ་སྐྱོད་བྱེད་དུ་བཅུག་སྟེ་གཟུགས་གཞི་ཇེ་ལེགས་སུ་གཏོང་དགོས།

6.འགོར་འགྱང་མེད་པ་གསུམ་བྱ་དགོས་ཏེ། དེ་ནི་ཟོག་ཁང་གཙང་སྦྲ་བྱེད་པ་འགོར་འགྱང་མེད་པ་དང་། འོག་ཏུ་བཏིང་བའི་རྩྭ་བརྗེ་བ་འགོར་འགྱང་མེད་པ། བེའུ་ཡི་ག་དང་རྣམ་རིག ལྕི་བ་བཏང་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་འགོར་འགྱང་མེད་པ་བྱས་ཏེ། གཟུགས་གཞི་བདེ་ཐང་ཡོང་བར་སྐུལ་བ་དང་ལུས་པོའི་ཕྱི་ནང་དུ་འཁྲི་འབུའི་ནད་འབྱུང་བར་སྔོན་འགོག་བྱ་དགོས། ཐེངས་རེ་རེར་ཆུ་དང་གཟན་ཆས་བྱིན་རྗེས་ཀྱི་སྣོད་གཙང་མར་བཀྲུས་ཏེ་དག་གཙང་གི་རྣམ་པ་རྒྱུན་འཁྱོངས་བྱ་དགོས།།                                                              

རྩོམ་སྒྲིག་པ། : ཀླུ་མོ་མཚོ།