ཀྲུང་གོ་བོད་ཀྱི་དྲ་བ།

སྦྲུམ་མར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་དུས་མྱུར་དུ་ཐག་གཅོད་བྱེད་པའི་ཐབས་ལམ། དང་པོ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་གཟའ་འཁོར་བཞི་བཅུ་སྟེ་ཉིན280ཡི་མངལ་སྦྲུམ་པའི་དུས་ཡུན་རིང་མོའི་ཁྲོད་ཨ་མའི་ལུས་ཕོངས་ལ་སྐྱེ་ཁམས་ཐད་འགྱུར་ལྡོག་གང་མང་མང་ཞིག་འབྱུང་བཞིན་ཡོད་ལ། ཕྱོགས་གང་དང་གང་ཐད་ནས་མི་བདེ་བའི་ཆ་འགའ་རེ་ཡང་འབྱུང་བཞིན་ཡོད། དེའི་ཁྲོད་ཀྱི་མི་བདེ་བ་རེ་འགའ་ནི་སྐྱེ་ཁམས་རང་བཞིན་ཅན་ཡིན་པས་སྐྱོན་ཆེན་པོ་མེད། འོན་ཀྱང་མི་བདེ་བ་ལ་ལ་ནི་ནད་རྟགས་རང་བཞིན་ཅན་ཡིན་པས་ལུས་ཕོངས་ཐད་བཏང་བའི་ཉེན་བརྡ་ལྟ་བུ་སྟེ་ནད་གཞི་གང་རུང་ཞིག་འབྱུང་ཉེན་གྱི་སྔོན་བརྡ་ཡིན།

མངལ་སྦྲུམ་པ་ནི་བུད་མེད་ཀྱི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་གོ་རིམ་ཤིག་ཡིན་པས། མངལ་སྦྲུམ་པ་ཡོངས་སུ་གཏན་ཁེལ་བྱས་པའི་ཉིན་དང་པོ་ནས་བཟུང་ཨ་མས་བདེ་ཐང་དང་བློ་རིག་ཅན་གྱི་ཁྱེའུ་ཤིག་སྐྱེས་པར་རེ་ལྟོས་འཆང་བཞིན་གཅེས་ཕྲུག་ཆུང་ཆུང་དེ་རང་གི་བུ་སྣོད་དུ་ཉིན་རེ་ནས་ཉིན་རེར་ནར་སོན་པ་མཐོང་དུས་ཨ་མ་དག་གི་ཡིད་སེམས་མཐའ་དག་སྤྲོ་སྣང་དང་བདེ་སྐྱིད་ཀྱིས་ཡོངས་སུ་ཁེངས་འདུག དེ་མིན་གཟའ་འཁོར་བཞི་བཅུ་སྟེ་ཉིན280ཡི་མངལ་སྦྲུམ་པའི་དུས་ཡུན་རིང་མོའི་ཁྲོད་ཨ་མའི་ལུས་ཕོངས་ལ་སྐྱེ་ཁམས་ཐད་འགྱུར་ལྡོག་གང་མང་མང་ཞིག་འབྱུང་བཞིན་ཡོད་ལ། ཕྱོགས་གང་དང་གང་ཐད་ནས་མི་བདེ་བའི་ཆ་འགའ་རེ་ཡང་འབྱུང་བཞིན་ཡོད། དེའི་ཁྲོད་ཀྱི་མི་བདེ་བ་རེ་འགའ་ནི་སྐྱེ་ཁམས་རང་བཞིན་ཅན་ཡིན་པས་སྐྱོན་ཆེན་པོ་མེད། འོན་ཀྱང་མི་བདེ་བ་ལ་ལ་ནི་ནད་རྟགས་རང་བཞིན་ཅན་ཡིན་པས་ལུས་ཕོངས་ཐད་བཏང་བའི་ཉེན་བརྡ་ལྟ་བུ་སྟེ་ནད་གཞི་གང་རུང་ཞིག་འབྱུང་ཉེན་གྱི་སྔོན་བརྡ་ཡིན་པས་ཨ་མ་དག་གིས་སྔོན་འགོག་མི་བྱེད་ག་མེད་དུ་གྱུར་ཡོད། ཡིག་ཆ་འདིའི་ནང་དུ་བུད་མེད་ལ་མངལ་སྦྲུམ་པའི་སྐབས་ཀྱི་རྒྱུན་ལྡན་མ་ཡིན་པའི་རྒྱུན་མཐོང་རྟགས་མཚན་ཆེན་པོ་ལྔ་དཔེར་བརྗོད་དུ་དྲངས་ནས་བརྗོད་རྒྱུ་ཡིན་པས་ཨ་མ་དག་གིས་ངེས་པར་དུ་ཉེན་ཟོན་མཐོར་འདེགས་བྱེད་དགོས།

རྒྱུན་ལྡན་མིན་པའི་རྟགས་མཚན། མངལ་སྦྲུམ་ནས་གཟའ་འཁོར28འགོར་བའི་ཡར་སྔོན་ལ་གློ་བུར་དུ་མཚན་ལམ་ལས་ཁྲག་བཞུར་བ་དང་རྒྱུ་ཞབས་ལ་ཟུག་གཟེར་རང་བཞིན་བྱུང་བ་རེད།

ཚད་མཐོ་བའི་དོགས་གཞི། མངལ་ཤོར་གྱི་ཉེན་ཁ་ཆེ་བ་རེད།

དབྱེ་ཞིབ་བྱས་པ། རང་ཤུགས་ཀྱིས་མངལ་ཤོར་བྱུང་བའི་ཚད་དེས་སྦྲུམ་མའི་བུ་སྣོད་ཀྱི་བརྒྱ་ཆའི་བཅོ་ལྔ་ལྷག་ཟིན་ལ། མངལ་ཤོར་མང་པོ་ཞིག་མངལ་སྦྲུམ་པའི་གཟའ་འཁོར12གྱི་ཡར་སྔོན་དུ་བྱུང་བ་ཡིན་མོད། ཡང་མངལ་ཤོར་བ་མང་ཤོས་ནི་མངལ་སྦྲུམ་པའི་གཟའ་འཁོར12གྱི་རྗེས་དང་གཟའ་འཁོར28གྱི་ཡར་སྔོན་དུ་བྱུང་བ་དང་མངལ་ཤོར་བའི་རྒྱུ་རྐྱེན་ལ་གང་མང་ཞིག་ཡོད་དེ། སྦྲུམ་རྟེན་གྱི་རྒྱུད་འཛིན་གཞི་རྐྱེན་ལ་ཆད་ལྷག་བྱུང་བ་དང་འཁྲིག་སྤྱོད་ཚད་བརྒལ་གྱིས་བུ་སྣོད་སྐུམ་འཐེན་བྱས་པ། ཐང་ཆད་དྲགས་པ། འགུལ་སྐྱོད་དྲག་པོ་བྱས་པས་ཁྲག་ཤེད་འཕར་བ། གནོད་ལྡན་རྫས་འགྱུར་བྱ་དངོས་དང་གློག་རླབས་འཕྲོ་འོད་ལ་ཐུག་རེག་བྱས་པ། དུས་ཡུན་རིང་བོར་འཛེར་སྒྲ་དང་དྲོད་ཚད་མཐོ་བའི་ཁོར་ཡུག་སོགས་ནས་བསྡད་པ་སོགས་ཀྱི་རྐྱེན་གྱིས་ད་བཟོད་མངལ་ཤོར་དེ་ལྟ་བུ་བྱུང་བ་རེད།

བསམ་འཆར་བཏོན་པ། གང་ལྟར་མཚན་ལམ་ནས་ཁྲག་ཇི་འདྲའི་མང་པོ་ཞིག་བཞུར་བའམ་ཡང་ན་རྒྱུ་ཞབས་ལ་ཟུག་གཟེར་ལངས་བའི་ཚད་དེ་ཅི་ལྟ་བུ་ཞིག་ཡིན་རུང་ཚང་མ་མྱུར་དུ་སྨན་བཅོས་བྱེད་དགོས།

ཐག་གཅོད་བྱེད་ཐབས། གལ་ཏེ་མཚན་ལམ་དུ་ཁྲག་བཞུར་བ་ཉུང་བ་དང་རྒྱུ་ཞབས་སུ་ཟུག་གཟེར་ལངས་བ་ཅུང་ཡང་ན་སྦྲུམ་མའི་ཚན་ཁག་དུ་སོང་ནས་བུ་སྣོད་ཀྱི་ཁ་ཕྱེས་ཡོད་མེད་དང་བུ་སྣོད་ཀྱི་ཆེ་ཆུང་ནས་ཟླ་མཚན་ཆད་པའི་ཟླ་རིམ་གཉིས་འོས་འཚམ་ཡིན་མིན་ལ་བརྟག་དཔྱད་བྱས་ཏེ་སྦྲུམ་མར་མངལ་ཆགས་པའི་རེ་བ་ཡོད་ན་ཉལ་ཁྲིའི་སྟེང་མལ་དུ་ཉལ་བ་གཏན་འགོག་དང་འཁྲིག་སྤྱོད་གཏན་དུ་མཚམས་བཞག་སྟེ་འཚོ་བཅུད་གཞི་རྒྱུEའཐུང་བ་དང་ལུས་པོར་སེར་གཟུགས་ཐུང་བརྒྱབ་ནས་ཁྱེའུ་སྲུང་འཛིན་བྱེད་དགོས།

གསལ་འདེབས་བྱས་པ། རྒྱུད་འཛིན་གཞི་རྐྱེན་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བའི་ཁྱེའུ་མངལ་སྦྲུམ་པ་ཡིན་ན་ཕལ་ཆེར་མང་ཤོས་ནི་རང་ཤུགས་ཀྱིས་དོར་འདོར་བྱེད་པ་ཡིན་པས་མངལ་ཤོར་བ་ལ་འགོག་ཐབས་ཅི་ཡང་མེད་པས་ཁྱེའུ་སྲུང་འཛིན་བྱེད་མི་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།