གོམས་གཤིས་ངན་པ་འདི་དག་གིས་ལུས་ལ་དྲི་ངན་འབྱུང་སྲིད།

འཚོ་བར་ཆོས་ཉིད་མེད་པ་དང་འགུལ་སྐྱོད་བྱེད་རྒྱུར་མི་དགའ་བ།བཤང་འགགས་པ།ཤ་བཟའ་རྒྱུར་དགའ་བ།སིལ་ཏོག་དང་སྔོ་ཚོད་བཟའ་རྒྱུར་མི་དགའ་བ།ཟ་མ་རྒྱག་དྲགས་པ་བཟའ་བ།རྒྱུན་དུ་ཆང་འཐུང་བ།ངལ་ཞིང་དུབ་པ།གཉིད་ཀྱིས་མི་འདང་བ།དུ་བ་འཐེན་པ་སོགས་ཀྱི་གོམས་གཤིས་འདི་དག་ལས།ཁྱོད་ལ་སྣ་གསུམ་ཡན་འཛོམས་ན་ལུས་ལ་དྲི་ངན་འབྱུང་སྲིད།འཇར་པན་གྱི་ཝུའུ་ཝའེ་ནད་བརྟག་ཁང་གི་མགོ་བ་ཝུའུ་ཝའེ་ཁྲང་མིན་གྱིས་བསྟན་དོན།ལུས་པོའི་གནས་མི་འདྲ་བ་ནས་འབྱུང་བའི་དྲི་ངན་གྱི་འབྱུང་རྐྱེན་ཡང་མི་འདྲ་བ་ཡིན།

རྔུལ་ཆུ་འབྱུང་མང་བའི་མིའི་ལུས་སྟེང་དུ་རྔུལ་དྲིའི་ཁྱབ་ཡོད་པ་ཚང་མས་ཤེས་མོད།འོན་ཀྱང་ངལ་དུབ་ཀྱིས་དྲི་ངན་དེ་ཇེ་དྲག་ཏུ་གཏོང་བ་རེད།ངལ་དུབ་ཀྱིས་མཆིན་པའི་བྱེད་ནུས་ཇེ་དམའ་རུ་བཏང་ནས་ཨན་གསེལ་གྲོལ་གཏོང་མི་ཐུབ་པས།ལུས་སྟེང་གི་དྲི་ངན་འབྱུང་བའི་དངོས་པོ་སྟེ་ཏེན་འེར་ཐུང(丁二酮)ཇེ་མང་དུ་འགྲོ་བ་དང་།དེ་ལས་གཞན་ད་རུང་མོ་གཤིས་སྐུལ་རྒྱུ་ལ་པགས་ཚིལ་བསྐྱུར་མོ་འགྱུར་བ་འགོག་པའི་ནུས་པ་ལྡན་ལ།ཁམས་ཟད་གནས་སྐབས་སུ་སླེབས་རྗེས།པགས་ཚིལ་ཟགས་ཐོན་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་ཕོ་གཤིས་སྐུལ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པས།མིའི་ལུས་སྟེང་དུ་རྒན་པ་ལ་ཁྱད་དུ་མངའ་བའི་དྲི་མ་ཞིག་འབྱུང་བ་རེད།

དྲི་ངན་དེ་མེད་པར་གཏོང་དགོས་ན།རྒྱུན་དུ་རྔུལ་ཆུ་མང་པོ་འབྱུང་དུ་བཅུག་ནས།རྔུལ་ཐོན་རྨེན་བུ་ལ་རྒྱུན་དུ་རྩོལ་བ་བྱེད་དུ་བཅུག་ན།གཏེར་རྒྱུའི་ཡང་བསྐྱར་སྡུད་ལེན་བྱེད་པའི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་ཐུབ།ད་ལྟའི་མི་རྣམས་རྒྱུན་དུ་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་ཡོད་པའི་ཁང་པའི་ནང་དུ་བསྡད་ནས།འགུལ་སྐྱོད་མང་པོ་མི་བྱེད་པའི་དབང་གིས།རྔུལ་ཆུ་འབྱུང་རྒྱུ་ཧ་ཅང་ཉུང་།རྒྱུན་དུ་རྐང་ཐང་ལ་འགྲོ་བ་དང་དལ་མོ་བྱས་ནས་བརྒྱུགས་ཏེ།གཟའ་འཁོར་གཉིས་ནས་གསུམ་ལ་རྒྱུན་འཁྱོངས་བྱས་ན།ནུས་པ་ཉམས་པའི་རྔུལ་ཐོན་རྨེན་བུའི་བྱེད་ནུས་སྔར་གསོ་བྱེད་ཐུབ། ངལ་དུབ་ལས་བྱུང་བའི་འོ་སྐྱུར་དྲི་ངན་དེ་ཡང་དབྱང་ལྡན་ལུས་སྦྱོང་བྱས་ན་སེལ་ཐུབ།བཟའ་བཏུང་གི་ཕྱོགས་ནས།ཤ་མང་པོ་བཟའ་མི་རུང་བ་དང་།སྲོག་ཆགས་ཀྱི་སྤྲི་དཀར་མང་དུ་ཟོས་ན་པགས་ཚིལ་ཟགས་ཐོན་འབྱུང་ཚད་ཇེ་མང་དུ་བཏང་ནས་ལུས་སྟེང་གི་དྲི་ངན་ཇེ་སྡུག་ཏུ་འགྲོ་བ་རེད།བཤང་འགགས་པ་ཡིས་ཀྱང་ཨན་གྱི་འབྱུང་ཚད་ཇེ་མང་དུ་བཏང་ནས།ལུས་སྟེང་གི་དྲི་ངན་ཇེ་མང་དུ་གཏོང་ངེས་མོད།འོན་ཀྱང་རྒྱུན་དུ་བཟའ་བཅའི་ཚི་སྣ་མང་དུ་ཟོས་ན་དྲི་ངན་དེ་ལེན་ཐུབ་བོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།