སྟོན་པའི་མཛད་པ་བཅུ་གཉིས་མདོར་བསྡུས།

01200000002101114009585828475.jpg

   ༡ དགའ་ལྡན་གནས་སུ་བཞུགས་པའི་མཛད་པ་ནི་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ་ལྷའི་གནས་དགའ་ལྡན་དུ་ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་བཞུགས་པ། །

༢ ལྷུམས་སུ་བཞུགས་པའི་མཛད་པ་ནི་རྒྱལ་བ་བྱམས་པ་ལྷ་གནས་དགའ་ལྡན་གྱི་རྒྱལ་ཚབ་ཏུ་བསྐོས་ཏེ་དེ་ནས་ཡུལ་དུས་རིགས་རྒྱུད་བུད་མེད་བཅས་ལྔ་ལ་གཟིགས་ནས་ཟླ་བ་དྲུག་པའི་ཚེས་༡༥ཉིན་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་བཞུགས་སོ། །

༣ སྐུ་འཁྲུངས་པའི་མཛད་པ་ནི་ས་ག་ཟླ་བའི་ཚེས15ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པས་དེ་ལས་པད་མ་ཡང་འཁྲུངས་སོ། །

༤ སྒྱུ་རྩལ་ལ་མཁས་པའི་མཛད་པ་ནི་ཡིག་རིགས64སོགས་ལ་མཁས་པར་སྦྱངས་ཤིང་རྩིས་དང་ ཆུ་རྐྱལ་ལ་སོགས་པར་འགྲན་ཟླ་མེད་པར་མཛད་དོ། །

༥ བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་ནི་བཙུན་མོ་ས་འཚོ་མ་དང་གྲགས་འཛིན་མ། རི་དྭགས་སྐྱེས་མ་སོགས་བཙུན་མོའི་འཁོར་གྱིས་རོལ་བར་མཛད་དོ། །

༦ རབ་ཏུ་བྱུང་བའི་མཛད་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ནས་འབངས་རྣམས་དེ་དག་ལས་འགྲོལ་བའི་ཆེད་དུ་ཕོ་བྲང་ནས་བྲོས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་ བྱུང་ངོ་། །

༧དཀའ་བ་སྤྱད་པའི་མཛད་པ་ནི་ཡང་མ་དག་པའི་ལམ་ལ་དཀའ་བ་སྤྱད་པ་ཏེ་དཀའ་ཐུབ་ངན་པར་ཡང་དག་པར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར་ལོ་དྲུག་གི་རིང་ཟས་མི་ཟ་བ་སོགས་ཀྱི་དཀའ་ཐུབ་ཀྱི་སྤྱོད་པ་བསྐྱངས་སོ། །

༨བྱང་ཆུབ་ཀྱི་ལམ་སྒོམ་པའི་མཛད་པ་ནི་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་དྲུང་དང་བཅས་ཏེ་མཚམས་ལ་བཞུགས་སོ། །

༩ བདུད་སྡེ་བཅོམ་པའི་མཛད་པ་ནི་བདུད་སྡེ་རྣམས་ཀྱིས་སྟོན་པར་མཚོན་ཆའི་རིགས་ཀྱིས་གནོད་པ་བྱས་ཀྱང་མཚོན་རྣམས་མེ་ཏོག་སོགས་སུ་གྱུར་བས་བདུད་རྣམས་ངང་གིས་དད་པ་སྐྱེས་སོ། །

༡༠ སངས་རྒྱས་པའི་མཛད་པ་ནི་ས་ག་ཟླ་བའི་ཚེས15ཉིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ བདེན་པ་བཞི་ལ་སོགས་པ་མངོན་དུ་བྱས་ནས་ཡང་དག་པར་མངོན་པར་སངས་རྒྱས་སོ། །

༡༡ཆོས་འཁོར་སྐོར་བའི་མཛད་པ་ནི་དྲུག་པ་ཚེས་བཞིར་ཆོས་འཁོར་དང་པོ་བསྐོར་བ་ནས་རིམ་བཞིན་གདུལ་བྱའི་དབང་པོ་རྣོ་རྟུལ་ལ་གཞིགས་པའི་ཆོས་མང་པོ་གསུངས་སོ། །

༡༢མྱ་ངན་ལས་འདས་པའི་མཛད་པ་ནི་ས་ག་ཟླ་བའི་ཚེས15ཉིན་རྩ་མཆོག་གྲོང་དུ་གློང་གཡས་པ་ཕབ་ཏེ་སྐུ་མྱ་ངན་ལས་འདས་པར་མཛད་དོ། །

སྨོན་ལམ།

དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །
      འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
     ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །
    དེ་འདྲ་ཁོ་ན་བདག་སོགས་འགྱུར་བར་ཤོག།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།