ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཀློག་ནི་འཚོ་བའི་གོམས་གཤིས་སུ་གྱུར་ན་བཟང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     སྤྱི་ཟླ4ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ཞིང་། ཉིན་འདིར། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ100ལྷག་གིས་དཔེ་ཀློག་སྐོར་གྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ནས། མི་རྣམས་ཀྱིས་དཔེ་དེབ་མང་ཙམ་བཀླགས་ཏེ་ཤེས་རིག་གི་ཉིང་བཅུད་ལེན་པར་དྲན་སྐུལ་བྱེད་ཀྱི་ཡོད། འཛམ་གླིང་དཔེ་ཀློག་ཉིན་མོར་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོའམ་འཛམ་གླིང་དཔེ་དེབ་ཉིན་མོའང་བརྗོད་ཅིང་། 1995ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་མི་སྔར་ལས་མང་པོས་དཔེ་ཀློག་དང་རྩོམ་འབྲི་བྱེད་པར་སྐུལ་འདེད་དང་། ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་ཆེད་བཅས་ཡིན།

ཁག་དང་པོ།

ཁག་གཉིས་པ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།