ཀྲུང་གོ་བོད་ཀྱི་དྲ་བ།

2016ལོར་མཚོ་ལྷོ་ཁུལ་གྱི་ཐེངས་གཉིས་པའི་ལས་དོན་སྡེ་ཁག་ལ་ལས་བྱེད་མི་སྣ144བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་དོན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་བསྡོམས་པས་བྱེད་པ144བསྡུ་རྒྱུ་རེད། དེའི་ནང་། ཁུལ་རྫོང་ཤང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་མི61དང་། དོན་ལས་སྡེ་ཁག་ལས་ཁུངས་སུ་མི83བསྡུ་རྒྱུ་རེད། མིང་ཐོ་འགོད་པའི་དུས་ཚོད་ནི2016ལོའི་སྤྱི་ཟླ9བའི་ཚེས22ཉིན་ནས་ཚེས28ཉིན་བར་དང་། ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་སྤྱི་ཟླ10བའི་ཚེས29ཉིན་ལ་གཏན་འཁེལ་བྱས་འདུག རྒྱུགས་ཞུགས་མཁན་རྣམས་ཀྱིས་དྲ་བwww.qhpta.comདང་ཡང་ནwww.qhhn.gov.cnབརྒྱུད་ནས་ཞིབ་ཏུ་རྒྱུས་ལོན་བྱ་ཆོག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།