ཀྲུང་གོ་བོད་ཀྱི་དྲ་བ།

2016ལོའི་ལོ་སྨད་ལ་ཡུལ་ཤུལ་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྨན་བཅོས་ལས་རིགས་ཀྱི་ལས་མི་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་ཀྱི་གཏན་འབེབས་ལྟར།ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་ཞིབ་བཤེར་ཆོག་མཆན་ཞུས་ནས།ཡུལ་ཤུལ་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྨན་བཅོས་ལས་རིགས་ཀྱི་ལས་མི90བསྡུ་རྒྱུ་ཡིན་ལ།དོན་ཚན་དང་འབྲེལ་བའི་བརྡ་སྦྱོར་ནི་གཤམ་གསལ་ལྟར།

  གཅིག ལས་མི་བསྡུ་བའི་ལས་གནས་དང་མི་གྲངས།

  ཁུལ་ཡོངས་སུ་སྨན་བཅོས་ལས་རིགས་ཀྱི་ལས་མི90བསྡུ་རྒྱུ་ཡིན་ལ།དེའི་ནང་།ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་མི་གྲངས་24དང་།ཁུལ་ཡོངས་སུ་ཁ་ཕྱོགས་ནས་མི་གྲངས66བསྡུ་རྒྱུ་ཡིན་པ་རེད།བྱེ་བྲག་གི་ལས་གནས་ནི་2016ལོའི་ལོ་སྨད་ལ་ཡུལ་ཤུལ་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྨན་བཅོས་ལས་རིགས་ཀྱི་ལས་བྱེད་པ་བསྡུ་བའི་འཆར་འགོད་རེའུ་མིག《2016年玉树州面向社会公开招聘医务工作人员计划表》ལས་གསལ།

  གཉིས། ལས་མི་བསྡུ་བའི་ཆ་རྐྱེན་དང་ཁྱབ་ཁོངས།

  རྒྱུགས་སྤྲོད་མཁན་དག་གིས་གཤམ་གྱི་ཆ་རྐྱེན་དག་གྲ་སྒྲིག་བྱེད་དགོས།

  1ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ཁོངས་ཁྱིམ་ཐོ་ཡིན་དགོས་ལ།རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ།

  2གཞུང་དྲང་ལ།ལས་རིགས་ཀྱི་ཀུན་སྤྱོད་ཡག་པོ་ལྡན་དགོས་པ།

  3ལུས་པོ་བདེ་ཐང་ཡིན་དགོས་པ།ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ས་ཁུལ་ནས་ལས་ཀ་བྱེད་པའི་ལུས་ཕུང་གི་ཆ་རྐྱེན་དང་མཐུན་ལ།ལས་གནས་ལ་མཁོ་བའི་དཔང་ཡིག་གི་ཆ་རྐྱེན་དང་མཐུན་དགོས་པ།

  4ལོ་ན35མན་ཡིན་དགོས་པ།དེའི་ནང་ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་དོན་ལས་སྡེ་ཁག་གི་གནས་སྐབས་ལས་བཟོ་བའི་ལོ་ཚོད་ལོ45ཡིན་ཆོག་པ།

  5ཐེངས་འདིའི་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁོངས་ཡིན་པ།རང་ཞིང་གི་སློབ་ཆེན་ནས་མཐར་ཕྱིན་པ།རང་ཞིང་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་ལ།ཁུལ་ཡོངས་སུ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།ཡུལ་ཤུལ་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དང་།ཡུལ་ཤུལ་ཁུལ་གྱི་སྐྱེས་ཁོངས་ཡིན་པ།ཡུལ་ཤུལ་ཁུལ་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་པ་རེད།

  6སྨན་པ་དཀའ་བཅུ་བ་དང་ནད་གཡོག་གི་ལས་གཉེར་ཐོབ་ཐང་འཛིན་ཡིག་མ་ཐོབ་པ་ཚོ་ངེས་པར་དུ་སྨན་པ་དཀའ་བཅུ་བ་དང་ནད་གཡོག་གི་ལས་གཉེར་ཐོབ་ཐང་འཛིན་ཡིག་ལེན་པའི་རྒྱུགས་ལ་ཞུགས་དགོས།

  7རྒྱུགས་སྤྲོད་མཁན་ཚོས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་འགོད་མི་མི་ཆོག་པ་དང་།འབྲེལ་ཡོད་ཀྱི་འཛིན་ཡིག་ངོ་མ་ཡིན་དགོས་པ།གལ་ཏེ་འཛིན་ཡིག་སོགས་བཅོས་མ་ཡིན་ན་རྒྱུགས་སྤྲོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ།

  8གཞུང་ཞབས་པའི་སྡེ་ཁག་ནས་བྱ་བ་ལས་ཏེ་ལོ་5མ་ལོན་པ་ཡིས་མིང་ཐོ་འགོད་མི་ཆོག་པ།

  གསུམ། ལས་མི་བསྡུ་བའི་གོ་རིམ་དང་བྱེད་ཐབས།དུས་ཚོད།

  ལས་མི་བསྡུ་བའི་གོ་རིམ་ནི་ཐོག་མར་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་ཕུང་བརྟག་དཔྱད་བྱེད་པ།དཔྱད་ཞིབ།སྤྱི་བསྒྲགས།གདན་ཞུའི་འགྲོ་ལུགས་བསྒྲུབ་པ་སོགས་གོ་རིམ་ལྟར་བསྒྲུབ་དགོས་པ།

  དང་པོ། ལས་མི་བསྡུ་བའི་བརྡ་ཁྱབ་སྤྱི་བསྒྲགས།

  མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་དང་།ཡུལ་ཤུལ་ཁུལ་སྲིད་གཞུང་དྲ་བ་ནས་ལས་མི་བསྡུ་བའི་བརྡ་ཁྱབ་སྤྱི་བསྒྲགས་བྱས་ཡོད་ལ།དུས་མཚུངས་སུ་ཡུལ་ཤུལ་གྲོང་ཁྱེར་དང་།ནང་ཆེན་རྫོང་།རྫ་སྟོད་རྫོང་།འབྲི་སྟོད་རྫོང་།ཆུ་དམར་ལེབ་རྫོང་སོགས་ནས་ཀྱང་བརྡ་ཁྱབ་སྤྱི་བསྒྲགས་བྱས་ཡོད་པ་རེད།

  གཉིས་པ། མིང་ཐོ་འགོད་པ་དང་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།

  1 ཐེངས་འདིའི་ལས་མི་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་(www.qhpta.com)བརྒྱུད་དེ་ཞིབ་ཏུ་རྒྱུས་ལོན་བྱེད་རྒྱུ་དང་།དྲ་ཐོག་ནས་མིང་ཐོ་འགོད་པས་དུས་ཚོད་ནི།2016ལོའི་ཟླ9བའི་ཚེས22ཉིན་གྱི་ཆུ་ཚོད་9སྟེང་ནས་ཟླ9བའི་ཚེས28ཉིན་གྱི་ཆུ་ཚོད་24བར་ཡིན་པ་རེད།

  2 སྐར་མ་སྣོན་པའི་སྲིད་ཇུས་དང་མཐུན་ན།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱས་པའི་རྗེས་སུ་རང་གི་ཐོབ་ཐང་ལག་ཁྱེར་དང་སྐར་མ་སྣོན་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེའི་མ་ཡིག་དང་དཔར་ཡིག་ཁྱེར་ནས་2016ལོའི་ཟླ10བའི་ཚེས10ཉིན་ནས་ཟླ10བའི་ཚེས13ཉིན་བར་ཡུལ་ཤུལ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་ནས་སྐར་མ་སྣོན་པའི་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱེད་དགོས།

  གསུམ་པ། ཡིག་རྒྱུགས་ལེན་པའི་དུས་ཚོད།

  ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་2016ལོའི་ཟླ10བའི་ཚེས29ཡིན་པ།

  བཞི་བ། ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ལ་ཞིབ་བཤེར་བྱེད་པ།

  ལྔ་བ། ཁ་རྒྱུགས་ལེན་པ།

  བཞི།ལུས་ཕུང་བརྟག་དཔྱད་བྱེད་པ།

  ལྔ།དཔྱད་ཞིབ་བྱེད་པ།

  དྲུག སྤྱི་བསྒྲགས།

  བདུན།གདན་ཞུའི་འགྲོ་ལུགས་བསྒྲུབ་པ།

  འབྲེལ་གཏུག་ཁ་པར་ཨང་གྲངས།

ཡུལ་ཤུལ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། 0976---8832150

ཡུལ་ཤུལ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས། 0976---7800695

ཡུལ་ཤུལ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་

ཡུལ་ཤུལ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས་ནས།

  2016ལོའི་ཟླ9བའི་ཚེས20ཉིན་ལ།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།