ཀྲུང་གོ་བོད་ཀྱི་དྲ་བ།

2016ལོར་རྨ་ལྷོ་ཁུལ་ལས་དོན་སྡེ་ཁག་ལ་ལས་བྱེད་མི་སྣ118བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་དོན་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་བསྡོམས་པས་ལས་བྱེད་པ118བསྡུ་རྒྱུ་ཡིན་ལ། དེའི་ནང་། ཁུལ་ཐད་གཏོགས་ལས་ཁུངས་སུ་ཁྱོན་སྡོམ་མི85བསྡུ་རྒྱུའི་འཆར་གཞི་ཡོད།དེའི་ཁྲོད་དུ་ཁུལ་ངོས་ཐད་ནས་མི22དང་། རེབ་གོང་རྫོང་གིས་མི33། གཅན་ཚ་རྫོང་གིས་མི15། རྩེ་ཁོག་རྫོང་གིས་མི1། སོག་རྫོང་གིས་མི37བཅས་བསྡུ་རྩིས་ཡོད།

  ཤང་གྲོང་ཞབས་ཞུ་ལྟེ་གནས་སུ་ཁྱོན་སྡོམ་ལས་བྱེད་པ33བསྡུ་རྒྱུ་རེད།དེའི་ནང་།རེབ་གོང་རྫོང་ལ་མི20དང་།རྩེ་ཁོག་རྫོང་ལ་མི6།སོག་རྫོང་ལ་མི7བཅས་བསྡུ་རྒྱུ་རེད།

  མིང་ཐོ་འགོད་པའི་དུས་ཚོད་ནི།2016ལོའི་སྤྱི་ཟླ9བའི་ཚེས22ཉིན་ནས་ཚེས28ཉིན་བར་དང་།ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2016ལོའི་སྤྱི་ཟླ10བའི་ཚེས29ཉིན་ལ་གཏན་འཁེལ་བྱས་འདུག མཚོ་སྔོན་རྒྱུགས་དོན་དྲ་བwww.qhpta.com བརྒྱུད་ནས་ཞིབ་ཏུ་རྒྱུས་ལོན་བྱ་ཆོག །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།