སློབ་གསོའི་ལས་དོན་ལ་བློ་སེམས་དཀར་བའི་དཔྱོད་ལྡན་ལྷན་རྒྱས་ཀྱི་སྤྱན་སྔར།
རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ནའང་། སློབ་གསོ་ནི་འཕེལ་རྒྱས་ཀྱི་རྩ་བར་ཐུག་ཡོད་ཕྱིར་ཀུན་གྱིས་དེར་མཐོང་ཆེན་བྱེད་ཀྱིན་འདུག་ལ། ལྷག་པར་དུ་ཉེ་བའི་ལོ་འགའི་ནང་ཏང་གི་ཡང་དག་པའི་ སྲིད་ཇུས་ཀྱི་མཛུབ་སྟོན་འོག་རང་རེའི་མེས་རྒྱལ་གྱི་སློབ་གསོ་སྤྱིའི་སྒྲིག་འཛུགས་སོགས་ཕྱོགས་ཡོངས་ ནས་འཐུས་ཇེ་ཚང་དུ་སོང་དང་འགྲོ་མུས་ལགས། སློབ་གསོ་དྲང་གཞག་དང་དོ་མཉམ་ངང་འཕེལ་རྒྱས་སུ་ གཏོང་པའི་གཞི་རྩའི་གནད་དོན་འོག་ཉེ་སྔོན་བོད་ཀྱི་ས་ཁུལ་རེ་འགའ་ནས་སློབ་གསོ་བཅོས་སྒྱུར་དང་སློབ་གསོར་མཐོང་ཆེན་བྱ་དགོས་པའི་ཚ་རླབས་ཤིག་དྲག་ཏུ་འཕྱུར་གྱིན་འདུག ཚ་རླབས་འདིའི་སྒུལ་ཤུགས་ ལ་བརྟེན་ནས་ང་ཚོ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཚོས་ཀྱང་རང་ཉིད་དགེ་རྒན་ཞིག་ཡིན་ པའི་ཆ་ནས་ལས་དེར་སྤྲོ་བས་བརྟས་ཤིང་རྐྱེན་དེ་ལ་གཞི་བྱས་ཏེ《སློབ་གསོ་གླེང་བ》ཞེས་པའི་སློབ་གསོའི་སྐོར་གྱི་ཆེད་དེབ་ཅིག་པར་བསྐྲུན་བྱེད་པའི་བསམ་བློ་སྐྱེས་ཤིང་། བསམ་ཚུལ་དེ་ལ་གཞི་རིམ་གྱི་མི་རིགས་ སློབ་གསོའི་ལས་རྐང་འཛིན་པ་ཚོས་རྒྱུ་ཤུགས་གཉིས་ནས་རྒྱབ་སྐྱོར་གྱི་དགོངས་འཆར་གནང་བྱུང་བས་དཔེ་དེབ་འདི་འདོན་པའི་བརྡ་ཐོ་དངོས་སུ་བཀྲམ་པ་ཡིན། དེ་ཡང་སློབ་གསོའི་ལས་རིགས་ལ་མཐོང་ཆེན་དང་མོས་པ་མངའ་བའི་དཔྱོད་ལྡན་ཚོས་ལྗགས་རྩོམ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་གནང་རྒྱུ་དང་འབྲེལ་ཡོད་ ནང་དོན་གཤམ་གསལ་ལྟར།
དང་པོ། སློབ་གསོའི་དཔྱད་རྩོམ་གྱི་སྐོར། (ནང་དོན་གྱི་ཐད་ནས་ཅི་ནུས་ཀྱིས་དེང་རབས་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པ་ཞིག་ཡིན་དགོས། )
གཉིས་པ། སློབ་གཙོའི་ཡིག་ཚགས།(གཞི་རིམ་སློབ་གཙོའི་འཚོ་བ་དངོས་དང་གང་དེའི་སློབ་གསོའི་ ཐད་ཀྱི་ལྟ་བ་སོགས་བཅར་འདྲིའི་རྣམ་པ་དང་སྙན་ཞུའི་རྩོམ་རིག་གི་ཚུལ་གྱིས་བྲིས་ཆོག)
གསུམ་པ། ཕུལ་བྱུང་དགེ་རྒན་གྱི་ཡིག་ཚགས། ( ཕུལ་བྱུང་དགེ་རྒན་གྱིས་སློབ་གསོའི་ཐད་དུ་བཞག་པའི་བྱས་རྗེས་དང་ནུས་པ། ཤུགས་རྐྱེན་སོགས་སྙན་ངག་བརྩམས་ཆོས་ཕུད་པའི་བྲི་ཐབས་སྣ་ཚོགས་སྤྱད་ དེ་བྲིས་ཆོག)
བཞི་བ། ང་ཚོའི་སློབ་གྲྭ། (ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སློབ་གྲྭའི་ངོ་སྤྲོད་ཀྱི་སྐོར)
ལྔ་བ། མན་ངག་ཐུང་ངུ་། (སློབ་གསོའི་ཐད་ཀྱི་སྐད་ཆ་ཐུང་ངུ་།)
དྲུག་པ། གཞན་དག་གི་སྐོར། (ང་ཚོས་ཡིད་ལ་མ་དྲན་པ། ཁྱེད་ཀྱིས་ཡིད་ལ་འཁོར་བཞིན་པ། སྙན་ངག་བརྩམས་ཆོས་ཕུད་པའི་བྲི་ཐབས་སྣ་ཚོགས་སྤྱད་དེ་བྲིས་ཆོག)
བདུན་པ། དྲངས་ཡིག་རྣམས་ཁུངས་སོ་སོའི་དཔེ་མིང་དང་། ཡིག་རིགས། དཔར་མ། ཤོག་གྲངས། དཔེ་སྐྲུན་ཁང་སོགས་མཆན་འགོད་ཁ་གསལ་དགོས།
བརྒྱད་པ། རྩོམ་ཡིག་དང་ཆབས་ཅིག་རྩོམ་པ་པོའི་ལོ་རྒྱུས་ཐུང་ངུ་དང་ཁ་པར་ཨང་གྲངས། གཏན་ འཁེལ་གྱི་སྡོད་གནས་བཅས་བསྐུར་གནང་དགོས།
དགུ་བ། རྩོམ་ཡིག་བསྡུ་བའི་དུས་ཚོད་ནི2009ལོའི་ཟླ12པའི་ཚེས7ནས2010ལོའི་ཟླ6པའི་ཚེས7བར་ཡིན།
རྩོམ་ཡིག་བསྐུར་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་བོད་ཡིག་སློབ་འབྲིང་།
སྐྱ་བྷ། (0974--8489818) སྐལ་བཟང་ནོར་བུ།(13997443810)
ཡིག་ཟམ། gazangnrori@yahoo.com.cn (ཡིག་གཟུགས་གང་རུང་སྤྱད་ཆོག)
སྦྲགས་སྲིད། 813300
