ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་བྱམས་ལྡན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་གནད་འཕིགས་དབུལ་སྐྱོར་ལ་རོགས་བྱས་པ།

༡.jpg

 ཉེ་ཆར། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་བོད་ལྗོངས་སྦྲག་སྲིད་ཁེ་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ནས་སྙེ་མོ་རྫོང་ཉི་ཞོལ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང24ལ་རོགས་སྐྱོར་བྱས་ཞིང་། ཕྱེ་དང་། འབྲས། བཟའ་བའི་སྣུམ་སོགས་འཚོ་བའི་མཁོ་ཆས་དང་འཚམས་འདྲིའི་དངུལ་སྐྱེལ་སོང་།

མཚམས་སྦྱོར་བྱས་པ་ལྟར་ན། ཉི་ཞོལ་སྡེ་བར་བསྡོམས་པས་དུད་ཚང112དང་། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང24ཡོད། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ནི་གཙོ་བོ་ཞིང་ཕྱུགས་ལས་དང་། སྐྱེལ་འདྲེན་ལས་རིགས།  ངལ་རྩོལ་ནུས་ཤུགས་ཕྱིར་འདོན་སོགས་རེད།   དེང་སྐབས། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ཐབས་ལམ་སྣ་མང་སྤྱད་ནས་མ་དངུལ་གྲབས་གསོག་དང་། ཕྱོགས་མང་པོ་ནས་མ་དངུལ་བརྩོན་ལེན། དེའི་ཐོག་ད་རུང་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་དང་། བྱམས་ལྡན་ཁེ་ལས་མུ་མཐུད་གཞི་རིམ་ལ་ཟབ་ཞུགས་བྱེད་པ། དབུལ་སྐྱོར་དཔུང་སྡེའི་ཁྲོད་ཞུགས་པ་སོགས་ཀྱི་ཧུར་ཐག་བྱ་འགུལ་འོག   ཉེ་བའི་ལོ་འགའི་རིང་ཉི་ཞོལ་སྡེ་བས་གསོ་སྐྱོང་ལས་རིགས་འཕེལ་རྒྱས་སུ་བཏང་ལ།  རྣམ་གྲངས་ལས་གཞིའང་ལག་བསྟར་བྱས་ཏེ་ལམ་ཞིག་གསོ་དང་། ཟམ་པ་འཛུགས་པ། གཅིག་བསྡུས་དཔལ་འབྱོར་དངོས་ཡོད་འཛུགས་སྤེལ་བཅས་བྱས།  དེ་མིན་ཉི་ཞོལ་སྡེ་བའི་སྡེ་མིའི་ད་དུང་དཀའ་སྡུག་སྒོས་བྱེད་སྒོ་གསར་སྤེལ་བྱས་པས།  སྡེ་བ་དེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། རིམ་བཞིན་དབུལ་ཕོངས་ལས་ཐར་བ་དང་། རང་ཁ་རང་གསོ་བྱེད་པ། ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་དུ་བསྐྱོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།