བོད་ཁུལ་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་དེས་འབྲོག་པས་འཚོ་བ་གསར་བ་རོལ་ཐུབ་པ་བྱུང་།

1.jpg
ཟླ་གསུམ་པའི་ཚེས་བཅུ་ཉིན་བསྐྱོན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་ཉི་འོད་ནུས་པའི་དྲོད་ཁང་གི་པར།


2.jpg
ཟླ3པའི་ཚེས10ཉིན་བསྐྱོན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་འབྲོག་མི་ཁོན་ཐར་བྱམས་ཀྱིས་ཕྱུགས་འཚོ་བཞིན་པའི་པར།


    ཟླ་གསུམ་པའི་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་ད་དུང་དར་ཁ་ཕྱེ་མེད་པས་དགུན་ཁའི་རྣམ་པ་དང་ཀུན་ནས་མཚུངས། མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྡོད་པའི་རྡོ་རྗེ་རྒྱལ་གྱིས་དཔྱིད་ཀ་ཐོན་པར་རེ་སྒུག་བྱས་ཡོད།

    རྡོ་རྗེ་རྒྱལ་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། “ནམ་ཟླ་ཅུང་ཇེ་དྲོད་དུ་སོང་ན། ངའི་ཟ་ཁང་གི་སྒོ་ཡང་བསྐྱར་འབྱེད་ཐུབ”ཟེར།

    ལོ་ཞེ་ལྔ་ཡིན་པའི་རྡོ་རྗེ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གཡོན་རུ་སྡེ་བའི་ཡིན་ཞིང་། “རྩྭ་ཐང་གི་གྲོང་རྡལ་དང་པོར་འབོད་པའི”རིག་སྨོན་གྲོང་རྡལ་ནི་གནའ་སྔ་མོའི་དུས་སུ་རྒྱ་བཟའ་ཀོང་ཇོ་བོད་ཡུལ་དུ་གནས་ལ་འགྲོ་བའི་ས་ཚུགས་ཤིག་རེད། མཚོ་སྔོན་པོར་གནས་སྐོར་ལ་འགྲོ་ན་ངེས་པར་དུ་བརྒྱུད་དགོས་ཤིང་། གནས་སྐོར་བ་ཆེས་མང་བོའི་དུས་སུ། ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་སྐོར་བ་ལྡབ་འགྱུར་གྱིས་ཇེ་མང་ཡིན་པས། གྲོང་རྡལ་དེའི་ཟ་ཁང་གི་ཡོང་སྒོ་ཡང་ཧ་ཅང་བཟང་།

    རྡོ་རྗེ་རྒྱལ་གྱི་ཟ་ཁང་ནི་སྒོ་བྱང་ལ་ཟི་ཁྲོན་ཞེས་བཏགས་པའི་ཐོག་རྩེག་གཉིས་ཅན་ཞིག་རེད། དེར་ཁང་བ་གྱན་བཅུ་ཡོད་ཅིང་། ཁོའི་ཟ་ཁང་དུ་ཟི་ཁྲོན་གྱི་ཟ་མ་གཡོས་སྦྱོར་བྱེད་མཁན་གཅིག་དང་ཞབས་ཞུ་བ་དྲུག་བཅས་གདན་ཞུ་བྱས་ཡོད། ན་ནིང་གི་དབྱར་ཁའི་དུས་ཀྱི་ཡོང་སྒོ་རྐྱང་བ་སྒོར་ཁྲི་དགུ་ལ་བསླེབས།

    གསར་འགོད་པས་རྡོ་རྗེ་རྒྱལ་ཚང་ནས་དེང་རབས་ཅན་གྱི་རྣམ་པའི་ཁང་བ་ལས་ཡོད་པ་དང་། ཁྱིམ་སྤྱོད་གློག་ཆས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་སྣ་ཚོགས་ཁ་ཚང་ཞིང་གྲལ་དག་གེར་བསྒྲིགས་ཡོད་པ་མཐོང་ལ། ཁོ་ཚང་གི་ཁྱིམ་དུ་སོང་བ་ན་ཁང་བའི་ནང་དུ་དྲོད་ཁོལ་གྱིས་ཁེངས་ཡོད།

    ལོ་གཉིས་ཀྱི་སྔོན་ལ་རྡོ་རྗེ་རྒྱལ་རིག་སྨོན་གྲོང་རྡལ་དང་བར་ཐག་སྤྱི་ལེ་དགུ་ཙམ་ཡོད་པའི་རྩྭ་ཐང་དུ་བསྡད་ཡོད་པ་དང་། སྐབས་དེར་ཁོ་ཚང་གི་ཁང་བ་ཅུང་ཐབས་ཆག་ཡིན་ལ་ས་ཁང་གྱན་ལྔ་མ་གཏོགས་མེད། སྲིད་གཞུང་གིས་མ་དངུལ་བཏང་ནས་གྲོང་རྡལ་དུ་གཏན་སྡོད་ཁང་བ་ལས་རྗེས། ཁོ་ཚང་དང་སྡེ་བ་དེའི་ཁྱིམ་ཚང་གྱ་གཉིས་གྲོང་རྡལ་དུ་གནས་སྤར་བ་རེད།

    རྡོ་རྗེ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚང་གི་བཟའ་མི་ཚང་མས་ལུག་བརྒྱ་དང་ནོར་སུམ་ཅུར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། ན་ནིང་གྲོང་རྡལ་དུ་གནས་སྤར་རྗེས་ཟ་ཁང་གཉེར་བ་དང་། ལོ་དེའི་ཡོང་སྒོ་ཧ་ཅང་བཟང་ཟེར།

    རྩྭ་ཐང་ནས་མཁར་གྲོང་དང་། སྦྲ་གུར་ནང་ནས་ཐོག་ཁང་དུ་གནས་སྤར་བ། འབྲོག་པ་ནས་མཁར་གྲོང་གི་སྡོད་མིར་གྱུར་བ། གཏན་སྡོད་བཟོ་སྐྲུན་གྱིས་འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱས་མ་ཟད། ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་བསམ་བློའི་འདུ་ཤེས་ཀྱང་བསྒྱུར་ཡོད། སློབ་གྲྭར་འགྲོ་བ་དང་ནད་སྟོན་པར་སྔར་ལས་སྟབས་བདེ་བཟོས་ཡོད་ལ། ཟ་ཁང་དང་གནས་སྐོར་ལས་རིགས་གཉེར་བ། ཐོན་ལས་གཉིས་པ་དང་གསུམ་པ་བཅས་ཀྱིས་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད། འབྲོག་པ་རྣམས་ཀྱིས་རྩྭ་ཆུ་དེད་ནས་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་བསྒྱུར་ནས་རང་ཉིད་ལ་དབང་བའི་མཁར་གྲོང་ཆུང་བའི་གཏམ་རྒྱུད་འབྲི་བཞིན་ཡོད།

    རིག་སྨོན་གྲོང་རྡལ་མོང་གོལ་སྡེ་བ་ནི་སོག་རིགས་དང་བོད་རིགས་མཉམ་དུ་སྡོད་པའི་སྡེ་བ་ཞིག་ཡིན་ལ། སོག་རིགས་དར་རྒྱས་ཚང་གི་ཁྱིམ་དུ་ལོ་ཉེར་གཅིག་ལ་སོན་པའི་བུ་མོ་ཚེ་རིང་མཚོས་དེང་སྐབས་དར་ཁྱབ་ཆེ་བའི་མེ་ཏོག་ཞིག་གཙགས་བཞིན་ཡོད། དར་རྒྱས་ཀྱིས་བཤད་རྒྱུར། ཁང་བ་གསར་བའི་ནང་དུ་གློག་དང་ཆུ་ཡོད་པས་མི་ཚད། བརྙན་འཕྲིན་ལ་བལྟ་ཐུབ་པ་དང་དྲ་བར་འཇུག་ཐུབ་པས། ད་ལྟའི་འཚོ་བ་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད་ཟེར།

    མུས་གྲུ་བཞི་དྲུག་བཅུ་ཙམ་ཡོད་པའི་སྡོད་ཁང་གསར་བ་དེར། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་གཉིས་དང་སྟོང་ལྔ་བཏང་བ་དང་། དར་རྒྱས་ཚང་གིས་སྒོར་ཁྲི་གཅིག་དང་སྟོང་ལྔ་མ་གཏོགས་བྱིན་མེད། གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཆས་ཆ་ཚང་དེ་དག་ཡང་སྲིད་གཞུང་གིས་གཅིག་གྱུར་གྱིས་སྟེར་བཞིན་་པ་རེད།

    དར་རྒྱས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། “འདས་ཟིན་པའི་ལོ་ཟླའི་ནང་བྱིས་པ་སློབ་གྲྭར་འགྲོ་བ་དང་། རྒན་པས་ནད་སྟོན་པ། ཕྱི་རུ་ཞོར་ལས་སུ་འགྲོ་བ་ཚང་མར་རྟར་ཞོན་ནས་ཉིན་གཅིག་ཙམ་སོང་ན་ད་གཟོད་རྫོང་མཁར་དུ་ཐོན་ཐུབ། ད་ལྟའི་ཁྱིམ་ནི་གཞུང་ལམ་འགྲམ་དུ་ཡོད་པ་དང་། འཕྲུལ་རྟར་ཞོན་ནས་དུས་ཚོད་གཅིག་ཙམ་སོང་ན་རྫོང་མཁར་དུ་ཐོན་ཐུབ་ལ། འཚོ་བའི་ཕྱོགས་གང་ཐད་ནས་སྔོན་དང་བསྡུར་ན་སྟབས་ཧ་ཅང་བདེ་བར་གྱུར་ཡོད”ཟེར།

    དར་རྒྱས་ཀྱིས་བཤད་རྒྱུར། དེ་སྔོན་ཁོས་རྩྭ་ཐང་དུ་ཕྱུགས་འཚོ་སྐབས། ཕྱུགས་མང་བ་དང་རྩྭ་ཉུང་བས་ཕན་འབྲས་མི་བཟང་ལ། བཟའ་མི་གང་བོས་ཡོང་སྒོ་སྒོར་ཁྲི་གཅིག་མ་གཏོགས་མེད། གནས་སྤར་རྗེས་ཁོ་དང་ཁོའི་ཆུང་མ་ཟི་ལིང་སོགས་སུ་ཞོར་ལས་སུ་སོང་བ་དང་། བུ་མོ་ཚེ་རིང་མཚོ་རྫོང་མཁར་དུ་ནད་གཡོག་པ་བྱས་པའི་ཞོར་དུ་རང་ཉིད་དགའ་ཞེན་ཆེ་བའི་དེང་རབས་དར་ཁྱབ་ཆེ་བའི་གཙགས་དྲུབ་ལས་བཞིན་ཡོད་པས། བཟའ་མི་གང་བོའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ལྷག་ཡོད་ཟེར།

    ཁོན་ཐར་བྱམས་ཚང་ནི་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་ཡིན་ལ། 2010ལོར་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་པའི་གཏན་སྡོད་ས་ཚུགས་ཀྱི་ཉི་འོད་ནུས་པའི་ཁང་བའི་ནང་གནས་སྤོར་བྱས། མུས་གྲུ་བཞི་མ་བརྒྱ་དང་ཉི་ཤུ་ཡོད་པའི་མཚེའུ་ལྗོངས་ལ་བལྟ་ཐུབ་པའི་ཐོག་ཁང་ཉིས་བརྩེགས་ཅན་གྱི་ཁང་བ་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་པའི་འགྲམ་རྒྱུད་དུ་ལས་ཡོད། ཁང་བ་དེར་ཁོ་ཚང་གིས་སྒོར་ཁྲི་བཞི་མ་གཏོགས་བྱིན་མེད་ལ། རྒྱལ་ཁབ་ཀྱིས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཆ་ཚང་པ་རེད།

    གསར་འགོད་པས་ཉི་འོད་ནུས་པའི་དྲོད་ཁང་གི་ཕྱི་རུ་ཉི་འོད་ནུས་པའི་ཤེལ་ལེབ་བཞག་ཡོད་པ་དང་། ད་དུང་རླུང་ནུས་གློག་འདོན་འཕྲུལ་ཆས་གཉིས་སྒྲིག་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་ཉི་འོད་ཆེ་བ་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས། ཁོ་ཚང་གི་ཁང་བའི་ནང་སྒྲིག་སྦྱོར་བྱས་ཡོད་པའི་དྲོད་རླངས་བཀོལ་སྤྱོད་བྱེད་ཆོག་པ་མཐོང་།

    ཁོན་ཐར་བྱམས་ཀྱི་ཆུང་མ་ཟླ་བ་སྒྲོལ་མས་བཤད་རྒྱུར། “ཁང་བ་ཕྱིའི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བདུན་ནས་བརྒྱད་ཡིན་པའི་སྐབས། ཁང་བའི་ནང་གི་དྲོད་ཚད་གོར་ཐིག་ཡན་གྱི་ཏུའུ་བཅོ་ལྔ་ནས་བཅུ་དྲུག”ཡིན་པ་དང་། “ད་ལྟ་ང་ཚོའི་འཚོ་བ་ནི་གྲོང་ཁྱེར་དང་བསྡུར་ན་བར་ཁྱད་ཆེན་པོ་མེད”ཟེར།

    ཁོན་ཐར་བྱམས་ཀྱིས་བཤད་རྒྱུར། “གནས་སྐོར་བ་ཆེས་མང་པོའི་དུས་སྐབས་སུ། ང་ཚོའི་གནས་འདིའི་མཚེའུ་ལྗོངས་ལ་བལྟ་སའི་ཁང་བ་སྔོན་ལ་དུས་བཅད་བྱེད་དགོས་པ་དང་། ན་ནིང་གནས་སྐོར་གྱི་ཡོང་སྒོ་སྒོར་འབུམ་གཉིས་ལ་སླེབས་ཡོད། དབྱར་དུས་སུ་ངས་སྡེ་བའི་ནང་གི་མི་འགའ་གདན་ཞུ་བྱས་པ་དང་། ཁོ་ཚོས་ཀྱང་རང་ཉིད་ཀྱི་སྒོ་ཁ་ནས་ཞོར་ལས་བྱེད་ཐུབ་པ་བྱུང”ཟེར།

    ཁོན་ཐར་བྱམས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོའི་བུ་པདྨ་རིན་ཆེན་གྱིས་ད་ལྟ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། “ཁོས་རེ་བ་ནི་སློབ་མཐར་ཕྱིན་རྗེས་ཕྱིར་སྡེ་བར་ལོག་ནས་ཞིང་སྡེའི་སྨན་པ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱས་ན་སྡེ་བའི་མང་ཚོགས་རྣམས་ལ་ཞབས་ཞུ་སྒྲུབ་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ལ་ས་གནས་དེའི་བོད་རིགས་ཀྱི་དམངས་སྲོལ་མཚམས་སྦྱོར་བྱེད་ཐུབ”ཟེར།

    མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་འབྲོག་ཁུལ་ཆེན་པོ་ལྔའི་ནང་གི་གཅིག་ཡིན་པ་དང་། སྤྱི་ལེ་གྲུ་བཞི་མ་དོན་གཉིས་ཡོད་པའི་ས་ཁོངས་ཀྱི་བརྒྱ་ཆའི་གོ་དྲུག་དུ་བོད་རིགས་འདུས་སྡོད་བྱས་ཡོད། མཚོ་སྔོན་ཞིང་ཆེན་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 2009ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གཏན་སྡོད་འབྲོག་པའི་བཟོ་སྐྲུན་བསྡོམས་པས་ཁྱིམ་ཚང་ཁྲི་དྲུག་དང་སྟོང་དགུ་དགུ་བརྒྱ་དང་། ལས་ཚར་བའི་ཁྱིམ་ཚང་ཁྲི་དྲུག་དང་སྟོང་བཞི་བརྒྱ་ལ་སླེབས་ཡོད་པ་དང་། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཏན་སྡོད་འབྲོག་པའི་བཟོ་སྐྲུན་གྱི་ཁང་བ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་ལས་པའི་འཆར་འགོད་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།