སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ལྡེབས་བྲིས་ངོ་མཚར་ཅན།

IMG_1056.JPG

IMG_1057.JPG

ཡུམ་གྱི་ལྷུམས་སུ་ཞུགས་པ།

IMG_1058.JPG

བཙུན་མོ་སྒྱུ་མ་ལྷ་མཛེས། རང་གི་ཡབ་ཀྱི་རྒྱལ་གཞིས་སུ་ཕེབས་རྒྱུའི་བཀའ་གྲོས་མཛད།

IMG_1059.JPG

ལུམྦི་ནིའི་ཚལ་བརྒྱུད་དེ་ཡབ་ཀྱི་རྒྱལ་གཞིས་སུ་ཤིང་རྟར་བཞུགས་ཏེ་བྱོན།

IMG_1060.JPG

རྩིབ་ལོགས་གཡས་པ་ནས་སྲས་དེ་འཁྲུངས་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་ཏེ།  “ང་ནི་འཇིག་རྟེན་འདི་ན་མཆོག་
ཡིན་ནོ། ། ” ཞེས་གསུངས་སོ། །

IMG_1061.JPG

མཚན་མཁན་གྱིས་ཁྱིམ་དུ་བཞུགས་ན་འཁོར་ལོས་སྒྱུར་བའིརྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན།

IMG_1062.JPG

ནར་སོན་པ་ན་ཕོ་རྩལ་སྣ་དགུ་ལ་སྦྱངས་པར་མཛད།

IMG_1063.JPG

རྒྱལ་སྲས་དོན་གྲུབ་གྲོང་ཁྱེར་གྱི་ཕྱོགས་བཞིར་གཟིགས་སྐོར་དུ་ཕེབས་པ་ན༌༌༌༌༌༌་༌༌༌༌ཕྱོགས་གཅིག་ན་དབྱུག་པ་ལ་བརྟེན་ནས་འགྲོ་བའི་རྒས་འཁོགས་ཤིག་གཟིགས།།

IMG_1060.JPG


IMG_1061.JPG

IMG_1062.JPG

IMG_1067.JPG

ཡང་ཕྱོགས་གཞན་དུ་ཕེབས་པས་མི་ནད་པ་དང་ཤི་བའི་ཕུང་པོ་འཁྱེར་བ་གཟིགས

IMG_1064.JPG

མཐར་ཕོ་བྲང་དུ་ལོག་པའི་ལམ་དུ་རབ་ཏུ་བྱུང་བའི་ཆ་བྱད་ཅན་ཞིག་ཀྱང་གཟིགས།

IMG_1065.JPG

འཁོར་བའི་གནས་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྒྱུ་རྣམས་འཚོལ་བའི་ཕྱིར་བཙུན་མོ་དང་སྲས་ཀྱང་སྤངས་ཏེ་ནགས་སུ་གཤེགས།

IMG_1066.JPG

ཆུ་བོ་ཆེན་པོའི་ཕ་རོལ་གྱི་མཆོད་རྟེན་རྣམ་དག་ཅེས་པའི་དྲུང་དུ་རང་ཉིད་ཀྱི་དབུ་སྐྲ་བཅད།

IMG_1067.JPG

རྒྱལ་པོའི་ཕོ་བྲང་དུ་བཙུན་མོ་འཁོར་དང་བཅས་པ་མྱ་ངན་གྱི་གནས་སུ་ལྷུངས།

IMG_1068.JPG

རྡོ་རྗེ་གདན་དང་ཉེ་བའི་གནས་སུ་ལོ་དྲུག་གི་རིང་དཀའ་ཐུབ་དྲག་པོ་སྤྱད་ཀྱང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ།

IMG_1066.JPG

མཐའ་གཉིས་སུ་མ་ལྷུང་བ་དགོས་པར་བརྟེན་ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་འབྲས་བཅུད་ལྡན་ཕུལ་བ་མཆོད་པས་སྐུ་གཟུཌ་ཀྱང་སོས།IMG_1072.JPG

དེ་ནས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ཤིང་སངས་མ་རྒྱས་བར་དུ་ཏིང་ངེ་འཛིན་ལ་བཞུགས་རྒྱུའི་དམ་བཅས་པར།  བདུད་རྣམས་ཀྱིས་བར་ཆད་གཏོང་ཆེད་མེ་དང་།མཚོན་ཆ།  གླུ་དང་གར་སོགས་ཐབས་སྣ་ཚོགས་པ་བྱས་ཀྱང་མ་ཐུབ།

IMG_1073.JPG

མངོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པ་ཤཱཀྱ་ཐུབ་པར་གྱུར་ཏོ། །

IMG_1074.JPG

IMG_1075.JPG

IMG_1076.JPG

IMG_1077.JPG

དེ་ནས་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན།  དེར་ཆོས་འཁོར་དང་པོ་བསྐོར་པ་ནས་རྒྱལ་པོའི་ཁབ་དང་།  ཡངས་པ་ཅན་སོགས་གནས་དུ་མར་ལོ་ ༤༠ ལྷག་གི་རིང་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་བསྐོར་ཅིང་བཞུགས་སོ།། །།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།