ནག་ཆུའི་སོག་རྫོང་གི་ཙན་དན་དགོན་ཏེ་བོད་བྱང་ཐང་གི་ཕོ་བྲང་པོ་ཏ་ལ་ཆུང་བ།

ནག་ཆུ་ས་ཁུལ་གྱི་སོག་རྫོང་དུ་མངའ་བའི་ཙན་དན་དགོན་ནི་སྤྱི་ལོ་༡༦༦༨ལོར་རྒྱལ་དབང་སྐུ་ཕྲེང་ལྔ་བའི་དུས་སུ་བཞེངས་པར་བཤད། ཕོ་བྲང་འདི་གླང་བོ་ཆེ་གན་རྐྱལ་དུ་ཉལ་བ་ལྟ་བུའི་རིའི་སྟེང་དུ་བཞེངས་ཡོད་ལ། མཐའ་འཁོར་དུ་པདྨ་འདབ་བརྒྱད་དང་འདྲ་བའི་ས་འཛིན་དབང་བོའི་མུ་ཁྱུད་དང་ཡན་ལག་བརྒྱད་ལྡན་གྱི་སོག་ཆུས་བསྐོར་འདུག་པ་དང་། ཕོ་བྲང་དམར་པོ། གྲྭ་ཤགས་བཅས་ཁང་བརྩེགས་རིམ་པ་བདུན་གྱིས་གྲུབ་ཡོད་པས་ཕོ་བྲང་པོ་ཏ་ལ་ཆུང་བ་ཞེས་ཀྱང་འབོད ། ༢༠༠༡ལོར་རྫོང་རིམ་པས་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་བདམས་པ་དང་། ༡༩༩༦ལོའི་རྗེས་སུ་ལོ་རེ་རེ་བཞིན་ཞིག་གསོ་དང་བསྐྱར་འཛུགས་བྱས་པར་བརྒྱུད་སྔར་ལས་རྒྱ་བསྐྱེད་པ་རེད།

ཙན་དན་དགོན་ཏེ་བོད་བྱང་ཐང་གི་ཕོ་བྲང་པོ་ཏ་ལ་ཆུང་བ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།