ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་འགག་རྟ་མགྲིན་གྱི་དེབ་གསར་བརྡ་ཁྱབ།

ཡོང་ཁུངས། : ཁམས་པའི་བརྙན་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ལོ་༡༩༥༥ལོར་མདོ་སྨད་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་སྐྱེས་ཤིང་། སྤྱི་ལོ་༡༩༦༤ལོ་ནས་རིན་བཞིན་སློབ་ཆུང་ནས་སློབ་གྲྭ་ཆེན་མོར་འགྲིམས་པའི་སྐལ་བ་སྨིན་པ་དང་། ཁྱད་པར་དུ་སྤྱི་ལོ་༡༩༨༩ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་པའི་སློབ་གནས་བླངས་ཏེ་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མའི་སློབ་ཁྲིད་ལས་དོན་གཉེར་བའི་ཞོར་དུ་རྩོམ་པའི་ལས་ལ་ཞུགས་ཏེ། 《བོད་ཀྱི་རྩོམ་རིག་ཐུབ་པའི་སྐྱེས་རབས་ཀྱིས་ཤན་ཞུགས་ཚུལ་གླེང་བ》《གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིད་ཀྱི་དགའ་སྟོན》《སྒྲུང་བཤད་སྙིང་གི་ལེགས་སྐྱེས་》《ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས》《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས》《རྡོ་རིང་ཞིབ་འཇུག》བཅས་དཔེ་དེབ་བཅུ་ཙམ་པར་སྐྲུན་འགྲེམས་སྤེལ་བྱས་ལ། 《ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་མིན་ལ་དཔྱད་པ་》སོགས་བོད་རིག་པའི་དཔྱད་རྩོམ་དྲུག་ཅུ་ལྷག་《ཀྲུང་གོའི་བོད་རིག་པ་དང་《བོད་ལྗོངས་ཞིབ་འཇུག》གི་དུས་དེབ་ཏུ་བཀོད་པ་མ་ཟད། དེ་དག་ལས་ཁག་གཅིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་ཡོད། ཁོང་གི་སློབ་ཁྲིད་དང་ཞིབ་འཇུག་བྱ་བའི་འབུར་ཐོན་གྲུབ་འབྲས་ལ་དམིགས་ནས་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་མཐོ་རིམ་སློབ་གྲྭའི་ཕུལ་དུ་བྱུང་བའི་ན་གཞོན་དགེ་རྒན་གྱི་བྱ་དགའ་དང་རྒྱལ་ཁབ་རིམ་པའི་དགེ་རྒན་གྲགས་ཅན་གྱི་བྱ་དགའ་གནང་ཡོད། སྔ་གཞུག་ཏུ་《གླིང་སྒྲུང་》ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་གྲོས་མོལ་ཚོགས་འདུ་སྐབས་གཉིས་པདང་བཞི་པ། ལྔ་པ་བཅས་སུ་ཞུགས་ཤིང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བརྒྱད་པ་དང་ཐེངས་དགུ་པ། ཐེངས་བཅུ་གཅིག་པ། ཧྥ་རན་སི་དང་ཀྲུང་གོའི་བོད་རིག་པའི་ཚོགས་འདུ་དང་། ཀྲུང་གོ་དང་ཧྥ་རན་སིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཅས་ལ་གདན་དྲངས་པ་ལྟར་ཞུགས་ནས་རིག་གཞུང་དཔྱད་རྩོམ་སྒྲོག་སྤེལ་གནང་མྱོང་ཡོད། རིམ་པ་བཞིན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་དབུ་འཛིན་དང་དགེ་རྒན་ཆེན་མོའི་འགན་བཞེས་ནས་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ་བཅས་ཡིན། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།