བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།

W020120515402091227677.jpg

བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།ཞེས་པ་ནི་དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན།པདྨ་གཡུ་སྒྲོན་བཅས་ཀྱིས་བརྩམས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།དེབ་འདིའི་ནང་མི་ལོ་སྟོང་ཕྲག་དུ་མའི་ནང་ཡུལ་གངས་ཅན་གྱི་འཚོ་བའི་ཆ་རྐྱེན་དུ་དགོས་ངེས་པའི་མདའ་མདུ་གྲི་གསུམ་སོགས་མཚོན་ཆའི་རིགས་དང་།ཐོང་གཤོལ་དང་འཇོར།སྦར་མོ་ལ་སོགས་ཐོན་སྐྱེད་སྤྱོད་ཆས་ཀྱི་སྐོར།རྫ་མ་དང་ཕོར་བ།སླེ་བོ་ལ་སོགས་འཚོ་བའི་སྤྱོད་ཆས་ཀྱི་སྐོར།རྟ་ནོར་ལུག་གསུམ་ལ་སོགས་སྒོ་ཕྱུགས་འདུལ་སྤྱོད་ཀྱི་ལག་རྩལ།རྩམ་པ་དང་གྲོ་ཕྱེ་སོགས་ཟན་རིག་བཟོ་བའི་ལག་རྩལ།གོ་སྙོད་དང་བྲ་ག་གཡེར་མ་ལ་སོགས་སྤོད་ཀྱི་རིགས་བཟོ་བའི་ལག་རྩལ་སོགས་སྤྱིར་བཏང་གི་འཚོ་བར་སྤྱོད་པའི་ལག་ཤེས་ཀྱི་རིགས་སྣ་ཚོགས།གནས་ཁང་བཟོ་སྐྲུན་གྱི་ལག་རྩལ་སོགས་བོད་ཀྱི་བཟོ་རིག་པའི་གཏེར་མཛོད་ལྟ་བུར་གྱུར་བའི་དེབ་འདིར་བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ཞེས་བཏགས་པ་ནི་མིང་དོན་དང་མཚུངས་པ་ཞིག་སྟེ།མིག་སྔའི་བར་དུ་བཟོ་རིག་སྐོར་གྱི་དཔེ་དེབ་འདི་ལས་འཐུས་ཚང་བ་ཞིག་ལག་སོན་འབྱུང་དཀའ་འོ།།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།