མདུན་ཤོག-

ཀྲུང་གོ་བོད་ཀྱི་དྲ་བའི་པར་དབང་གསལ་བསྒྲགས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2010-05-17 11:12

ཀྲུང་གོ་བོད་ཀྱི་དྲ་བའི་ (གཤམ་ནས་རང་དྲ་བ་ཞེས་བསྡུས་འབྲི་བྱེད་རྒྱུ་ཡིན། )སྟེང་སྤེལ་བའི་ཆ་འཕྲིན་གསལ་བསྒྲགས་གཤམ་གསལ་ལྟར།

གཅིག རང་དྲ་བའི་སྟེང་སྤེལ་བའི་ཆ་འཕྲིན་ཡོད་ཚད་ཀྱི་དམིགས་ཡུལ་ནི། རྒྱལ་ཡོངས་བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་སོགས་ཇི་མ་ཇི་བཞིན་དུ་མཚམས་སྦྱོར་བྱེད་རྒྱུ་ཡིན་པ་དང་། བོད་ཀྱི་རིག་གནས་ཁྱབ་བསྒྲགས་དང་། ཆ་འཕྲིན་ཞབས་ཞུ་འདོན་སྤེལ་བྱས་པ་བརྒྱུད་ནས་མི་རྣམས་ལ་བོད་ཀྱི་རིག་གནས་རྒྱུས་ལོན་དང་། རང་རྒྱལ་བོད་ཁུལ་གྱི་སྔོན་སྐྱོད་དང་འཕེལ་རྒྱས་སོགས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་དེ་ཡིན། རང་དྲ་བས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་པ་ཡོད་པའི་བྱ་སྤྱོད་ཅི་རིགས་འགོག་གང་ཐུབ་བྱེད་རྒྱུ་ཡིན།

གཉིས། རང་དྲ་བས་བརྒྱུད་འགོད་བྱས་པའི་རྩོམ་ཡིག་ཡོད་ཚད་འབྱུང་ཁུངས་བློས་ཐུག་ཅིང་། ཡོང་ཁུངས་ངེས་གསལ་ཡིན་ལ། རྩོམ་ཡིག་གི་པར་དབང་རྩོམ་པ་པོ་རང་ཉིད་ལ་དབང་བ་ཡིན། གལ་ཏེ་ཆ་རྐྱེན་གྱི་དབང་གིས་རྩོམ་པ་པོ་མི་སྒེར་དང་འབྲེལ་གཏུག་བྱེད་མ་ཐུབ་པའམ། ཡང་ན་ནང་དོན་རང་དྲ་བའི་སྟེང་སྤེལ་བར་རྩོམ་པ་པོ་མི་འཐད་པའམ། ཡང་ན་ནོར་འཆུག་བྱུང་ཡོད་པ་མཐོང་ཚེ་རང་དྲ་བ་དང་འབྲེལ་གཏུག་བྱེད་པར་མཁྱེན། ང་ཚོས་རྩོམ་པ་པོའི་དགོངས་འཆར་བརྩི་འཇོག་བྱས་ནས་དུས་ལྟར་དག་བཅོས་བྱེད་ངེས་ཡིན།

གསུམ། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཆོག་མཆན་མ་བཀོད་པར་གང་འདོད་དུ་རང་དྲ་བའི་ནང་དོན་བེད་སྤྱད་ནས་ཁེ་སྤོགས་ལེན་པའི་བྱ་འགུལ་སྤེལ་མི་རུང་། ཆ་འཕྲིན་བརྒྱུད་འགོད་བྱས་ནས་བཀོལ་སྤྱོད་བྱེད་པའི་སྐབས་སུ་རྩོམ་ཡིག་གི་ཡོང་ཁུངས་དང་རྩོམ་པ་པོ་བཅས་ངེས་པར་དུ་གསལ་བོར་འགོད་དགོས། གལ་ཏེ་རྩོམ་ཡིག་བརྒྱུད་འགོད་བྱས་ཏེ་ཕ་རོལ་ཕྱོགས་གསུམ་པར་གནོད་པ་བཟོས་ཚེ་འགན་རང་ཁུར་དགོས། །

དམིགས་བསལ་དུ་གསལ་བསྒྲགས་འདི་ཁྱབ་བསྒྲགས་བྱས་པ་ཡིན།
ཀྲུང་གོ་བོད་ཀྱི་དྲ་བ་ནས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག